ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

རང་རྒྱལ་གྱིས་ཀྲུང་གོ་ཚན་རིག་ཁང་གི་གསར་གཏོད་སྲུང་སྐར་ཨང་བཅུ་དྲུག་པ་ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ།

སྤེལ་དུས 2022-08-26 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  པེ་ཅིང་གི་དུས་ཚོད་2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་10དང་སྐར་མ་36ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མགྱོགས་གྲུ་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ་ཀྲུང་གོ་ཚན་རིག་ཁང་གི་གསར་གཏོད་ཨང་བཅུ་དྲུག་པའི་སྲུང་སྐར་ལེགས་གྲུབ་ལྡན་པའི་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་སླེབས་ནས་འཕེན་གཏོང་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། སྲུང་སྐར་དེ་གཙོ་བོ་ཚན་རིག་ཚོད་ལྟ་དང་ལག་རྩལ་གསར་པ་ཚོད་ལྟ་ར་སྤྲོད་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུ་ཡོད་པ་རེད།
  ད་ཐེངས་ནི་མགྱོགས་གྲུ་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྐྱོད་ཐེངས་16པ་དེ་རེད།