ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

རིམས་འགོག་ལས་དོན་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདི་ལྟར་བསྟན་འདུག

སྤེལ་དུས 2022-11-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཟླ11པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ། དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་མི་ཧྥེང་གིས། མིག་སྔར། རང་རྒྱལ་ལ་ཕྱི་ནས་རིམས་ནད་མཆེད་པ་དང་ནང་ཁུལ་དུ་རིམས་ནད་བསྐྱར་ལོག་གི་ཉེན་ཁ་འཕྲད་བཞིན་ཡོད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ཅེས་བསྟན་ཡོད། 

      མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་།  ཕྱི་ནས་མཆེད་རྒྱུ་སྔོན་འགོག་དང་ནང་ཁུལ་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་སྤྱིའི་འཐབ་ཇུས་རྒྱུན་འཁྱོངས། འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྔ་ཙམ་བཞི་ལག་བསྟར་དོན་འཁྱོལ་མཐའ་ཅིག་ཏུ་བཅས་བྱས་ནས་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་ཐག་གཅོད་མགྱོགས་པོ་ཐུབ་པ། ཕྱི་ལ་མཆེད་རྒྱུ་སྔོན་འགོག་བཅས་བྱེད་དགོས།  
      རིམས་ནད་སྔོན་འགོག་དང་ཚོད་འཛིན་ཇུས་གཞིའི་པར་མ་དགུ་པ་དང་བྱེད་མི་རུང་བ་དགུའི་བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང་།  ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་འགན་སྲུང་ཏན་ཏིག་བྱེད་དགོས། སྟབས་བདེ་ཅན་དང་གཅིག་དཔེ་རྒྱ་འགེབས་ལྟ་བུ་སྔོན་འགོག་བྱེད་པ་དང་། རིམ་པ་བཞིན་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས། དཔེ་མཚོན་གྱི་གྱོད་དཔེར་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ནས་བརྡ་ཁྱབ་གཏོང་བ་དང་ཐེར་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།