ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཀྲུང་ནན་ཧྲན་གྱིས་སང་ལོའི་ལོ་སྟོད་དུ་ཕལ་ཆེར་རིམས་ནད་སྔོན་གྱི་འཚོ་བ་སླར་གསོ་ཡོང་ཐུབ་པའི་སྐོར་བརྗོད་འདུག

སྤེལ་དུས 2022-12-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  མིག་སྔར། རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། ཟླ་12ཚེས་9ཉིན། སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ཐོབ་མཁན་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཀོང་ཀྲོའུ་རུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཡོད།

  བཅར་འདྲིའི་ནང་། ཀྲུང་ནན་ཧྲན་གྱིས་ནད་དུག་གི་ནད་སློང་ནུས་པ་དང་རིམ་འགྱུར་བྱུང་བའི་རྣམ་པ། རིམས་འགོག་སྨན་ཁབ་རྒྱག་པའི་བདེ་འཇགས་རང་བཞིན་དང་ཕན་འབྲས་རང་བཞིན། ཏོག་གསར་རིམས་ནད་ཀྱི་ནད་རོ། འགོ་ཁྱབ་འགྲོ་མང་ཤོས་ཀྱི་དུས་སྐབས་སོགས་གླེང་མང་བའི་བརྗོད་གཞིར་ལན་བསྐྱོན་ཡོད།

  ཀྲུང་ནན་ཧྲན་གྱིས་བསྟན་པར། མིག་སྔར། སྔོན་འགོག་གི་གཙོ་གནད་དེ་རིམས་ནད་འགོ་རྒྱུ་སྔོན་འགོག་བྱེད་པ་ནས་ནད་གཞི་ལྕི་རིགས་སྔོན་འགོག་བྱ་རྒྱུར་སྒྱུར་དགོས་པ་དང་། ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་གོམ་སྟབས་རྗེས་མའི་འགག་རྩ་རེད། ཁོང་གི་ཚོགས་པའི་དཔེ་དབྱིབས་ལ་བརྟེན་ནས་ཚོད་རྩིས་བྱས་པ་ལྟར་ན། ཀོང་ཀྲོའུ་ཡི་སྐོར་དང་པོའི་རིམས་ནད་ཕོག་ཚད་མང་ཤོས་ཀྱི་དུས་དེ་ཕལ་ཆེར་སང་ལོའི་ཟླ་དང་པོའི་ཟླ་སྟོད་ནས་ཟླ་གཉིས་པའི་ཟླ་དཀྱིལ་བར་ཡིན་སྲིད་པ་དང་། ཟླ་གསུམ་པའི་ཟླ་དཀྱིལ་དང་ཟླ་སྟོད་དུ་བརྟན་པོར་ཆགས་སྲིད་ལ། སང་ལོའི་ལོ་སྟོད་དུ་ཕལ་ཆེར་རིམས་ནད་མ་ཐོན་གོང་གི་འཚོ་བའི་རྣམ་པ་སླར་གསོ་ཡོང་ཐུབ་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།