ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་གི་གནས་ཚུལ་མདོར་བསྡུས།

སྤེལ་དུས 2017-08-28 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།
          པེ་ཅིན་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་ནི་རང་རྒྱལ་ནུབ་ཕྱོགས་གསར་སྤེལ་སྲིད་ཇུས་བཟང་བོའི་ལེགས་ལམ་ལ་བསྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཁབ་དམངས་ཨུ།ཀྲུང་དབྱངས་འཐབ་ཕྱོགས་གཅིག་སྒྲིལ་པུའུ། པེ་ཅིན་གྲོང་ཁྱེར་འཕྲོད་བསྟེན་ཕྱོགས་ཀྱི་འགན་འཛིན་ལས་ཁུངས་སོགས་ཀྱིས་རྒྱལ་ཁབ་སྨན་ལས་གྱི་ལམ་ལུགས་སྒྲིག་སྲོལ་ལྟར་པེ་ཅིན་རི་བོ་དགེ་ལུགས་པའི་དགོན་ཆེན་དགའ་ལྡན་བྱིན་ཆགས་གླིང་གི་ཉེ་འགྲམ་དུ་སྤྱི་ལོ་ཆིག་དགུ་གོ་དགུ་ལོའི་ཟླ་བཅུ་བར་གསར་འཛུགས་མཛད་དེ་སྨན་ཁང་གི་སྒོ་མོ་པྱེ་བ་ལགས། ད་ལྟ་རྒྱལ་ཡོངས་པེ་ཅིན་དུ་བོད་སྨན་སྒོ་བསྟེན་འདི་གཅིག་པུ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་གདེང་འཇོག་དང་གཟེངས་བསྟོད་གནང་བ་མ་ཟད༼ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་༽ཞེས་ཕྱག་བྲིས་གནང་སྟེ་མཚན་སྙན་བཏགས། རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུ།ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་འགོ་གཙོ་གཞོན་པ་སྐྱབས་རྗེ་ཆེ་ཤོས་སྐུ་ཕྲེང་བཞི་བ་རྗེ་བློ་བཟང་དཔལ་ལྡན་ལུང་རིགས་རྒྱ་མཚོ་རིན་པོ་ཆེ་མཆོག་ཐེངས་མང་པོར་གནས་འདིར་ཕེབས་ནས་བསླབ་བྱ་དང་མཛུབ་སྟོན་གནང་སྟེ་བོད་སྨན་སྒོ་བསྟེན་ཁང་འདིར་མ་འོངས་བའི་མདུན་ལམ་གྱི་ཁ་ཕྱོགས་གསལ་བར་བསྟན།  ཁྱད་པར་དུ་རྗེ་འདི་བའི་སློབ་སྟོན་བཞིན་རྣམ་གྱུར་སེམས་ཅན་ཀུན་གྱི་རིམས་ནད་མཐའ་དག་སེལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་འགོད་པའི་བྱ་བཞག་ལ་ནུས་པ་ཡོད་ཚད་བཏོན།  དེ་ཕྱིར་མི་རིགས་སོ་སོའི་བསྔགས་བརྗོད་ཀྱི་མེ་ཏོག་སིལ་མ་ཡང་ཡང་གཏོང་བཞིན་མཆིས།  ངེད་ཅག་ཙོང་ཁ་བོད་སྨན་སྒོ་བསྟེན་ཁང་བཙུགས་ནས་ལོ་འཁོར་བཅུ་ལྷག་གི་རིང་ལ་མི་རིགས་ཐུན་མོང་མ་ཡིན་པའི་གསོ་རིག་གཞུང་ལུགས་དང་སྨན་གྱི་བྱིན་རླབས་ལ་བསྟེན་ནས་ནད་པའི་སྙིང་རླུང་གི་ནད།  གཟའ་ནད།  དྲེག་གྲུམ།  རྩ་དཀར་ནག་གི་ནད།  མཆིན་མཁྲིས་ཀྱི་ནད།   ཕོ་ནད་སོགས་ཀྱི་སྡུག་བསྔལ་སེལ་བའི་ཕྱོགས་ལ་གྲུབ་འབྲས་རྨད་བྱུང་བླངས།  རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་དང་གྲོང་ཁྱེར།  རང་སྐྱོངས་ལྗོངས། དེ་མིན་ཕྱི་གླིང་སོགས་ཡུལ་གྲུ་ཀུན་ནས་འོངས་པའི་ནད་པ་རྣམས་དྲི་ལྡན་མེ་ཏོག་གི་ཚལ་དུ་བུང་བའི་ཚོགས་འདུས་པ་ཇི་བཞིན།