ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྤྱིའི་གནས་ཚུལ།

སྤེལ་དུས 2017-08-28 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།
          མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང༼མིང་གཞན་ལ་མཚོ་སྔོན་ཞིང་ཆེན་བཙོན་ཁང་བདག་གཉེར་དོ་དམ་ལས་ཁུངས་ཀྱི་ལྟེ་གནས་སྨན་ཁང་ཟེར།༽ནི༡༩༤༩ལོའི་ཟླ༡༠བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་མིན་གོའི་དུས་སྐབས་སུ་ཟི་ལིང་ས་ཁུལ་གྱི་ཀྲུང་ལུགས་སྒོ་བསྟེན་སྨན་ཁང་རྩིས་ལེན་བདག་གཉེར་བྱས་པའི་རྨང་གཞིའི་སྟེང་ཐོག་མར་བཙུགས་པ་ཡིན་ཞིང་།  ༡༩༥༦ལོར་ཟླ༤བར་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་ཏེ་དངོས་སུ་བཙུགས་པ་རེད།  ༡༩༨༩ལོར་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བཀོད་པ་བརྒྱུད་ནས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཞེས་པའི་མིང་བཏགས།  དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་དང་ཚན་རྩལ་ཞིབ་འཇུག སློབ་ཁྲིད།  རིམས་ནད་སྔོན་འགོག  ལུས་གསོ་བདེ་སྲུང་བཅས་གཞི་གཅིག་ཏུ་འབྲེལ་བའི་རིམ་པ་གསུམ་པའི་ཚད་གཞི་དང་པོའི་ཕྱོགས་བསྡུས་སྨན་ཁང་ཆེན་པོ་གསུམ་གྲས་ཀྱི་གཅིག་ཏུ་གྱུར་ཡོད།  མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ནང་དུ་མཚོ་སྔོན་ཞིང་ཆེན་བཙོན་ཁང་བདག་གཉེར་དོ་དམ་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ལྟེ་གནས་དང་།  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་ལྟེ་གནས།  མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཁྲིམས་འཛིན་དབྱེ་འབྱེད་ཁང་བཅས་བཙུགས་ཡོད། དེ་ནི་རྒྱལ་ཁབ་འཕྲོད་བསྟེན་པུའུ་རྒྱལ་སྤྱིའི་བྲེལ་མྱུར་རོགས་སྐྱོབ་ལྟེ་གནས་ཀྱི་དྲ་རྒྱའི་སྨན་ཁང་དང་།  ཞིང་ཆེན་ནང་ཁུལ་གྱི༡༢༠མུར་སྐྱོབ་དྲ་རྒྱའི་ས་ཚིགས།  དེ་མིན་ཞིང་ཆེན་དང་གྲོང་ཁྱེར་ལས་བཟོ་བའི་སྨན་བཅོས་དང་ཞིང་སྡེའི་མཉམ་ལས་སྨན་བཅོས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ།  ལས་བཟོ་བ་གཞུང་དོན་དུ་རྨས་པ་དང་བྱིས་སྐྱེས་ཉེན་ཚབ་ཀྱི་ས་གནས་གཏན་འཁེལ་གྱི་སྤྱིའི་སྨན་ཁང་ཡིན།

          མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་ནད་ཐོག་སྨན་བཅོས་དང་སྨན་བཅོས་ལག་རྩལ་ཚན་ཁག༤༧དང་།  མྱུར་བཅོས་དང་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་ཆེད་ལས་ཚན་ཁག་གཅིག ནད་པ་འདུག་སའི་ཉལ་ཁྲི༡༡༠༠ཡོད།  སྨན་བཅོས་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་བདུན་དང་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཆེ་གྲས་རིགས༤༧༠ སྒྲིག་ཆས་ཆ་ཚང་ཞིང་གཙང་མ་ཡིན་པའི་གཤགས་བཅོས་ཁང་གྱན༡༦དང་ནད་པ་ལྗིད་མོ་འདུག་སའི་ཉལ་ཁྲི༡༤ཡོད།  སྨན་ཁང་དུ་ལས་བཟོ་བ་བསྡོམས་པས༡༢༢༦ཡོད།  ཆེད་ལས་ལག་རྩལ་མི་སྣ༡༠༥༢ནང་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ༣༣༥ཡོད་པ་དང་།  ཞིང་ཆེན་རིམ་པའི་རིག་གཞུང་སྣེ་ཁྲིད་པ་དྲུག  ས་ཁོངས་རང་བཞིན་གྱི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་བཅུ་གཉིས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཟླ་ཕོགས་ལོངས་སུ་སྤྱོད་པའི་ཆེད་མཁས་པ་གསུམ།  མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་ཆེད་མཁས་པ་གཅིག ཞིང་ཆེན་རིམ་པར་མིང་དུ་གྲགས་པའི་སྨན་པ་བདུན་བཅས་ཡོད།  ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་རིག་གཞུང་ཚན་ཁག་གི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཏེ་གནད་སའི་རིག་གཞུང་ཚན་ཁག་སྐོར་ཞིག་བཙུགས་པ་དང་།  དེའི་ནང་གི་མོ་ནད་བུ་སྐྱེ་ཚན་ཁག་དང་མྱུར་སྐྱོབ་ཚན་ཁག ཞིབ་བཤེར་ཚན་ཁག ན་ལུགས་ཚན་ཁག  དེ་མིན་ནད་པ་ལྗིད་མོར་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ཆེད་ལས་ཚན་ཁག་སོགས་སྨན་ཁང་འདིའི་ཚན་ཁག་གྲགས་ཅན་དུ་གྱུར་ཡོད།  དེང་སྐབས་མོ་ནད་བུ་སྐྱེ་ཚན་ཁག་ཏུ་ནད་ཁྲི ༣༢༠དང་།  འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་པ་བཅུ་གཉིས།  སྨན་བཅོས་ཁང་གི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས་ཡོད་པས།  ཞིང་ཆེན་ནང་ཁུལ་དང་ཐ་ན་ནུབ་བྱང་ས་ཁུལ་གྱི་ཕྱོགས་བསྡུས་སྨན་ཁང་ཁྲོད་གཞི་ཁྱོན་ཆེས་ཆེ་ཞིང་ལག་རྩལ་ཆེས་བཟང་བའི་ཆེད་ལས་ཚན་ཁག་ཆེན་པོ་ཞིག་ཏུ་གྱུར་ནས་རྒྱལ་ཡོངས་ནས་ཨང་བཅུ་བའི་གྲས་སུ་ཚུད་ཡོད།  ༢༠༠༧ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མོ་ནད་བུ་སྐྱེ་ཚན་ཚན་ཁག་གི་ནད་རིགས་བརྟག་བཅོས་ལྟེ་གནས་སུ་དཔྱད་འདེམས་བྱས་པ་དང་།  ༢༠༠༨ལོར་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གནད་སའི་རིག་གཞུང་ཚན་ཁག་ཏུ་བདམས།

          མྱུར་བཅོས་དང་ནད་གཞི་ལྗིད་མོའི་ཚན་ཁག་གི་སྒྲིག་ཆས་ཆ་རྐྱེན་ནི་རྒྱལ་སྤྱིའི་འགྲོ་ལུགས་ལྟར་ཆེས་བཟང་པོའི་ཆུ་ཚད་དུ་སླེབས་པ་དང་།  མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཕྱོགས་བསྡུས་ནུས་ཤུགས་ཆེས་ཆེ་བའི་མྱུར་སྐྱོབ་ལྟེ་གནས་གཅིག་པུར་གྱུར་ཡོད།  ༢༠༠༨ལོར་ཚན་ཁག་དེ་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ཐུན་མོང་མ་ཡིན་པའི་ཆེད་ལས་ཚན་ཁག་ཏུ་བདམས། ཞིབ་བཤེར་ཚན་ཁག་གི་སྒྲིག་ཆས་དང་ཤེས་ལྡན་མི་སྣ།  ལག་རྩལ་བཅས་ཞིང་ཆེན་ནང་ཁུལ་ནས་བཤད་ན་ཆེས་བཟང་ཤོས་ཡིན་པས༢༠༠༧ལོར་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ནད་ཐོག་ཞིབ་བཤེར་ལྟེ་གནས་སུ་བདམས་པ་དང་།  ༢༠༠༩ལོར་རྒྱལ་ཡོངས་འཕྲོད་བསྟེན་ཚད་གཞི་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ནད་ཐོག་ཞིབ་བཤེར་ཚད་གཞི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་སྨན་ཁང་དོ་དམ་སློབ་ཚོགས་ནད་ཐོག་ཞིབ་བཤེར་དོ་དམ་ཆེད་ལས་ཨུ་ཡོན་ལྷན་ཁང་།  ཀྲུང་ཧྭ་གསོ་རིག་ལྷན་ཚོགས་ཞིབ་བཤེར་ཡན་ལག་ཚོགས་པ་སོགས་ལས་ཁུངས་༡༧གྱིས་ཀྲུང་གོའི་ཞིབ་བཤེར་གསོ་རིག་གི་ཞིབ་བཤེར་ཚན་ཁག་ཆེན་པོ་བཅུ་རུ་བདམས།  ན་ལུགས་ཚན་ཁག་དེ་ཞིང་ཆེན་འཕྲོད་བསྟེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་ཆེད་ལས་ཚན་ཁག་ཏུ་བདམས་པ་དང་།  མིག་སྔར་ཚན་ཁག་དེས་བེམ་པོར་ཞིབ་བཤེར་བྱས་ཚད་དེ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ཁྲོད་ཆེས་མཐོ་ཤོས་ཟིན་པ་དང་།  ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་ཅུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱས་པའི་བེམ་པོར་ཞིབ་བཤེར་བྱེད་མཁས་པའི་སྨན་ཁང་གཉིས་གྲས་ཀྱི་གཅིག་ཡིན།  ཀྲུང་ལུགས་གསོ་རིག་ཚན་ཁག་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་ཁང་གི་གཅིན་སྙི་ཟ་ཁུའི་ནད་ལ་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་སྒོས་གསོ་བཅོས་བྱེད་པའི་ཐུན་མོང་མ་ཡིན་པའི་ཀྲུང་ལུགས་ཚན་ཁག་ཆེས་ཆེན་པོ་ཞིག་ཡིན་ལ།  ནད་ཁྲི༩༦ཡོད།  ཚན་ཁག་དེ་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཉེན་ཚབ་ཅུའུ་ཡི་གཅིན་སྙི་ཟ་ཁུའི་ནད་བརྟག་དཔྱད་སྨན་བཅོས་དང་གསལ་འབྱེད་བྱེད་པའི་ས་གནས་གཏན་འཁེལ་སྨན་ཁང་ཡིན།  ཕྱི་ནད་ཚན་ཁག་གིས་རྨ་ཁ་ཆུང་བའི་གཤགས་བཅོས་བྱེད་པར་ཟུང་འབྲེལ་དང་གསུས་ཁོག་མཐོང་ཤེལ་གྱི་ཁྱད་ཆོས་གཙོར་བཟུང་བས།  ཞིང་ཆེན་ནང་ཁུལ་གྱི་གསུས་ཁོག་མཐོང་ཤེལ་འོག་ནས་གཤགས་བཅོས་བྱས་ཚད་ཆེས་མཐོ་བའི་ཆེད་ལས་ཚན་ཁག་ཏུ་གྱུར་ཡོད།  འཕེལ་རྒྱས་ཆེས་མགྱོགས་པའི་མིག་ནད་ཚན་ཁག་གིས་རང་རྐྱ་ཐུབ་པའི་སྒོ་ནས་མིག་ནད་སྐྱ་འགྲིབ་དང་རྒྱང་སྒྲིབ་ཉེ་མཐོང་མིག་ནད་གསོ་བཅོས་བྱེད་པའི་ལག་རྩལ་སྤེལ་བ་དང་།  དེའི་ནང་རྒྱང་སྒྲིབ་ཉེ་མཐོང་མིག་ནད་ལ་གསོ་བཅོས་བྱེད་པའི་ལག་རྩལ་དེ་ཞིང་ཆེན་ནང་ཁུལ་དུ་ཆེས་བཟང་བའི་གྲས་སུ་ཚུད་ཡོད། བཟི་སྨན་ཚན་ཁག་དེ་ཞིང་ཆེན་ནང་ཁུལ་དུ་ཆ་རྐྱེན་ཆེས་བཟང་བ་དང་ལག་རྩལ་ཆེས་མཐོ་བ།  སྒྲིག་ཆས་ཆེས་བཟང་བ།  ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་ཆེས་ལེགས་པ།  ཕྱོགས་བསྡུས་ནུས་ཤུགས་ཆེས་ཆེ་བའི་ཚན་ཁག་ཅིག་ཡིན།  རུས་ནད་ཚན་ཁག་གིས་སྒལ་ཚིགས་འབུར་བའི་ནད་རིགས་གསོ་བཅོས་དང་འཕྲོ་འོད་ཚན་ཁག་གིསCTའཕྲུལ་ཆས་བཀོལ་ནས་གློ་བའི་ཕུང་གྲུབ་ལ་ཞིབ་བཤེར་བྱེད་པའི་ལག་རྩལ་དེ་ཞིང་ཆེན་རིམ་པའི་སྔོན་ཐོན་གྱི་གྲས་སུ་ཐོན་ཡོད།  འཇུ་བྱེད་བརྟག་དཔྱད་དང་ཁྲག་ནང་གི་དུག་སེལ་བ།  མཐོ་གནོན་དབྱང་རླུང་གིས་གསོ་བཅོས། གསར་སྐྱེས་བྱིས་པ་མྱུར་སྐྱོབ་དང་རྒན་པའི་ནད་གསོ་བཅོས་བྱེད་པའི་ལག་རྩལ་སོགས་ཀྱང་ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

          མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་དམིགས་ཡུལ་གཙོ་བོ་ནི་ནད་པ་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱས་ནས་ནད་པ་གོང་དུ་བཀུར་བ།  ནད་པའི་མི་གཤིས་དང་དབང་ཆར་བརྩི་འཇོག་གང་ལེགས་བྱེད་པ།  ཕུལ་དུ་བྱུང་བའི་ལག་རྩལ་དང་ལྷག་བསམ་རྣམ་དག་གི་ཞབས་ཞུ་སོགས་ལ་བརྟེན་ནས།  ནད་པར་འདྲ་མཉམ་དང་ཕན་ནུས་མཐོ་ཞིང་སྟབས་བདེ་བའི་སྨན་བཅོས་དང་ལུས་གསོ་བདེ་ཐང་ལ་མཛུབ་སྟོན་དང་འགན་སྲུང་བཅས་བྱས་ནས་མིའི་ཚེ་སྲོག་སྔར་བས་བདེ་ཐང་སྤྲོ་སྐྱིད་ཀྱི་ལམ་དུ་འདྲེན་བཞིན་ཡོད།

          མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་རང་སྨན་ཁང་གི་ཁྱད་ཆོས་ལྡན་པའི་དར་ཆ་དང་རྟགས་མཚན།  གླུ་དབྱངས།  ཚགས་པར་དང་དུས་དེབ་བཅས་ཀྱིས་མཚོན་པའི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཡོད་པ་དང་།  གསོ་རིག་ལོ་རྒྱུས་ཀྱི་དངོས་མང་བཤམས་སྟོན་ཁང་དང་མི་ལུས་ཀྱི་ནད་ཐོ་དམར་དཔེ་བཤམས་སྟོན་ཁང་།  ཀྲུང་ལུགས་གསོ་རིག་འགྲེམ་སྟོན་ཁང་།  རྒྱ་གྲམ་དམར་པོ་སྨན་ཁང་གི་ལོ་རྒྱུས་འགྲེམ་སྟོན་ཁང་བཅས་མཚོན་རྟགས་ཡིན་པའི་སྨན་ཁང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མཚོན་ཡོད།  ལྷག་བསམ་རྣམ་དག་གི་ཞབས་ཞུ་དང་མི་ཆོས་ཀྱི་ཐུགས་ཁུར་གནང་བ་འདུ་ཤེས་ཡིན་པའི་དེང་རབས་སྨན་ཁང་གི་ཕུལ་བྱུང་རིག་གནས་ལ་ཞིང་ཆེན་ཕྱི་ནང་དང་ཐ་ན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཧ་ཅང་ཆེ།  ད་ལྟ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ཕྱོགས་བསྡུས་དངོས་ཤུགས་བརྟན་པོ་དང་མྱུར་ཞིང་མགྱོགས་པའི་འཕེལ་རྒྱས་ཀྱི་འགྲོས། ཕུལ་དུ་བྱུང་བའི་སྨན་ཁང་གི་རིག་གནས་དང་ཕན་ནུས་མཐོ་བའི་སྨན་བཅོས་ཞབས་ཞུ་བཅས་ཀྱིས་གསོ་རིག་མི་ཆོས་ཐུགས་ཁུར་གྱི་མིག་དཔེ་སྨན་ཁང་གསར་སྐྲུན་བྱས་ནས།  སྔར་ལས་མཐོ་ཞིང་མགྱོགས་པའི་དམིགས་འབེན་ཆེན་པོའི་ཕྱོགས་སུ་སྙེགས་ནས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་བཞིན་ཡོད།  མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་བསྡུས་སྒོས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཆེ་བའི་དེང་རབས་ཅན་གྱི་སྨན་ཁང་བཟང་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བཞིན་ཡོད།།