ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

ཐེམ་ཆེན་རྫོང་བོད་ལུགས་སྨན་ཁང་།

སྤེལ་དུས 2017-08-28 ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།
           ཐེམ་ཆེན་རྫོང་བོད་ལུགས་སྨན་ཁང་ནི་སྤྱི་ལོ༡༩༦༢ལོར་སྐབས་དེའི་རྫོང་བོད་སྨན་ཚན་ཁག་གི་རྨང་གཞིའི་སྟེང་བཙུགས་ཤིང་།  སྤྱི་ལོ༡༩༨༦ལོར་དངོས་སུ་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་སྨན་ཁང་དུ་བསྒྱུར་བས།  མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་སྨན་ཁང་ཁྲོད་དར་རྒྱུན་རིང་བའི་གྲས་ཤིག་ཡིན།  དེ་ཡང་བོང་སྟག་ས་ཆའི་སྔོན་བྱོན་གསོ་རིག་མཁས་མཆོག་དམ་པ་འགའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་དང་ཁྱད་དུ་འཕགས་པའི་བློ་གྲོས་ལ་བརྟེན་ནས། ཡུལ་གྲུ་འདིའི་གསོ་རིག་གི་རྒྱུན་མ་ཆད་པར་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་ཞིང་།  བོད་ཀྱི་གསོ་རིག་རྒྱུན་འཛིན་གྱི་ཆེད་གཉེར་མི་སྣའང་གང་མང་གསོ་སྐྱོང་གང་ལེགས་བྱས་མཐར།  ཐེམ་ཆེན་རྫོང་བོད་ལུགས་སྨན་ཁང་གི་གཞི་རྒྱ་རིམ་བཞིན་དུ་ཆེ་རུ་གྱུར་ཞིང་སྨན་བཅོས་ཚན་ཁག་ཀྱང་སྔར་ལས་འཐུས་སྒོ་ཇེ་ཚང་དུ་སོང་བ་དང་། ལོ་ངོ་བཞི་བཅུ་ལྷག་གི་རིང་འདིར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ནད་ཡམས་གསོ་བཅོས་དང་སྔོན་འགོག་ཐད་མཛད་རྗེས་རྒྱ་ཆེན་པོ་བཞག་དང་འཇོག་བཞིན་ཡོད་པས་སྐྱེ་འགྲོ་ཀུན་གྱིས་བསྟོད་པའི་མེ་ཏོག་སྟོར་བཞིན་མཆིས།

          སྤྱི་ལོ༢༠༠༤ལོར་སྨན་པ་གསར་བཟང་རྒྱལ་ལགས་ཀྱིས་ཡོན་ཀྲང་གི་འགན་བླངས་ཤིང་།ཁོང་གིས་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་ཐོབ་ཀྱི་ཡོན་ཏན་གཞིར་བྱས།  ལོ་ངོ་ཉི་ཤུ་ལྷག་ལ་གསོ་རིག་ཕྱག་ལས་གནང་བའི་ཉམས་མྱོང་ཕྱོགས་སྡོམ་གྱིས་ལས་བཟོ་བ་རྣམས་དང་མཉམ་དུ་སྨན་ཁང་གི་སྒྲིག་གཞི་འཛུགས་སྐྲུན་དང་སྨན་པའི་དཔུང་སྡེ་རྒྱ་བསྐྱེད་པའི་ཐད་ལ་ནུས་ཤུགས་ཡོད་རྒུ་བཏོན་པས་གྲུབ་འབྲས་ཆེན་པོ་བླངས་ཏེ།  བསྟུད་མར་ལོ་གསུམ་ལ་ཞིང་ཆེན་དང་ཁུལ་རིམ་པའི་སྔོན་ཐོན་ལས་ཁུངས་སུ་བདམས།  ལྷག་པར་དུ་ན་ནིང་ལོར་བོད་ལུགས་སྨན་ཁང་གི་གནས་སྤར་ཞིང་མ་དངུལ་འབོར་ཆེན་བཏང་ནས་གཞུང་ལས་ཐོག་ཁང་དང་བོད་སྨན་བཟོ་སསྐྲུན་འཕྲུལ་ཆས།  བརྟག་དཔྱད་འཕྲུལ་ཆས་སོགས་གསར་པ་མང་པོ་ནང་འདྲེན་བྱས་ཏེ་སྨན་ཁང་གི་རྨང་གཞིའི་སྒྲིག་ཆས་ཕུན་སུམ་ཚོགས་པར་བཏང་ཡོད།  ད་ལྟ་ཐེམ་ཆེན་རྫོང་བོད་ལུགས་སྨན་ཁང་དུ་ཚན་ཁག་གི་ཕྱོགས་ནས་སྒོ་བསྟེན་ཁང་དང་བཅོས་སྡོད་ཁང་།  སྨན་ལུམས་ཁང་།  སྡེབ་སྦྱོར་ཁང་།  བཤམས་སྟོན་ཁང་སོགས་དང་།  བརྟག་དཔྱད་འཕྲུལ་ཆས་ཀྱི་ཐད་ནསXཀློག་འོད་བརྟག་ཆས་དང་Bའཕྲོ་འོད་བརྒལ་བརྟག་ཆས།  གཞན་ཡང་རྫས་འགྱུར་བརྟག་ཆས་སོགས་ཆ་ཚང་བར་མ་ཟད།  སྨན་ཁང་གི་ཁོར་ཡུག་ཆ་རྐྱེན་སྔར་ལས་ལེགས་བསྒྱུར་ཆེན་པོ་བྱུང་ཡོད་པས།  དེང་རབས་ཅན་གྱི་རྣམ་པ་གསར་པ་ཞིག་ཏུ་སྐྱོད་པ་དང་བོད་ཀྱི་གསོ་རིག་འཕེལ་རྒྱས་དང་ས་གནས་ཀྱི་འཕྲོད་བསྟེན་བཅས་ཀྱི་ཕྱོགས་ལ་མཐུན་རྐྱེན་གྱི་རྨང་གཞི་བརྟན་པོ་འཛུགས་མོས་ཡོད་དོ།།