ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་བོད་སྨན་ཁང་།

སྤེལ་དུས 2017-08-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།

ཟླ༩བའི་ཚེས༡༢ཉིན་གཙང་བཀྲ་ཤིས་ལྷུན་པོའི་བོད་སྨན་ཁང་གི་སྨན་པས་གྲྭ་བར་ནད་བརྟག་བཞིན་པ།
          གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་བོད་སྨན་ཁང་ནི་བོད་ལྗོངས་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་གྱི་སྒོ་ཆེན་ནང་རོལ་དུ་ཡོད་ཅིང་།  རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༢༠༠༠ལྷག་ཡོད།  དེང་སྐབས་སྨན་ཁང་དེར་དགེ་འདུན་སྨན་པ་༡༦ཡོད་ཅིང་།  དེའི་ནང་ལྷ་རྗེ་ཐོབ་ཐང་ལྡན་པའི་སྨན་པ་དྲུག་ཡོད།  ཁོང་རྣམ་པས་ནད་བརྟག་ཐབས་ནི་བོད་ཀྱི་སྲོལ་རྒྱུན་གྱི་བརྟག་ཐབས་གཙོར་བཟུང་བ་དང་།  ཞོར་དུ་ནུབ་ལུགས་ནད་བརྟག་ཀྱི་དཔྱད་ཐབས་སྤྱད་དེ།  བོད་སྨན་དང་ནུབ་སྨན་ཟུང་འབྲེལ་གྱིས་ནད་པར་ནད་བཅོས་བྱེད་བཞིན་ཡོད།  སྨན་ཁང་འདིའི་འགན་འཁུར་བ་སྤེན་པ་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་ལྟར་ན།  བཀྲ་ཤིས་ལྷུན་པོ་དགོན་གྱི་བོད་སྨན་ཁང་འདི་ནི་སྤྱི་ལོ་༡༩༥༤ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་ཐུགས་དོན་ལྟར་བཞེངས་པ་ཡིན།  སྐབས་དེར་ཞབས་ཞུ་བྱ་ཡུལ་གཙོ་བོ་གྲྭ་བ་ཡིན་མོད།  ད་ལྟ་དགོན་སྡེའི་གྲྭ་བ་ཕུད།  ཡུལ་འདིའི་ཞིང་འབྲོག་མང་ཚོགས་ཀྱི་ནད་ལའང་ལྟ་བཞིན་ཡོད་པས།  ལོ་རེའི་ཆ་སྙོམས་ཀྱི་ནད་བརྟག་སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་༤༥༠༠༠ལྷག་ལ་བསླེབས་ཟེར།

ཟླ༩བའི་ཚེས༡༢ཉིན་བཀྲ་ཤིས་ལྷུན་པོ་དགོན་གྱི་བོད་སྨན་ཁང་དུ་ཡོད་པའི་བོད་སྨན་ནད་བརྟག་བཅོས་ཐབས་ཀྱི་ལྡེབས་རིས། 

བོད་སྨན་སྡེབ་བཟོ།

ནད་པའི་ནད་ལ་བརྟག་བཞིན་པ། 

སྨན་ཁང་གི་ཕྱི་རོལ་ཏུ་ནད་ལྟ་བར་སྒུག་པ།

བོད་སྨན་སྡེབ་སྦྱོར།

བོད་སྨན་ཁང་། 

བོད་སྨན་ཁང་།