ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ཀྱི་གསོ་རིག་སློབ་གྲྭ་ཐོག་མ།

སྤེལ་དུས 2017-08-28 ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།
           ༄༅།།བོད་ཀྱི་གསོ་རིག་སློབ་གྲྭ་ནི། གཡུ་ཐོག་ཡོན་ཏན་མགོན་པོ་དགུང་ལོ་ལྔ་ང་ལྔ་པ།  ཆུ་སྟིག་སྟེ་སྤྱི་ལོ་༧༦༢པའི་ལོ་དེར་ཀོང་པོ་སྨན་ལུང་དུ་བཙུགས།  སྐབས་དེར་སློབ་མ་སུམ་བརྒྱ་ཙམ་བསྡུས་ཤིང་སློབ་གྲྭའི་དབུ་འཛིན་དང་།  སློབ་དཔོན་གཉིས་ཀ་གཡུ་ཐོག་པས་གཅིག་ལྕོགས་གནང་།  སློབ་སྦྱོང་གི་ཡུན་ཚད་ལོ་བཅུ་རེ་གཏན་འབེབས་གནང་སྟེ་སྨན་པ་གསར་ཐོན་རྣམས་ལ་སོ་སོའི་ཡོན་ཏན་གྱི་ཚད་གཞི་དང་བསྟུན་པའི་རིག་གནས་ཀྱི་ཐོབ་ཐང་གི་མིང་དུ་འབུམ་རབས་པ་དང་།  རབ་འབྱམས་པ།  དཀའ་བཅུ་པ།  བསྡུར་ར་པ་བཅས་རིམ་བཞིར་ཕྱེས།

          གཞན་ཡང་རྒྱུད་བཞིའི་ཆ་ལག་རེ་ཙམ་ཐོན་པ་རྣམས་ཀྱིས་སློབ་གྲྭ་བ་རྣམས་ལ་ཐུག་པ་སྐོལ་བ་དང་།  གཡུ་ཐོག་པའི་བང་ཆེན་རྒྱུགས་པ་སོགས་ཀྱི་ཞབས་ཞུ་བསྒྲུབ་དགོས་པར་སྣང་།  དུས་དེར་སྨན་པ་འབུམ་རམས་པ་ལྔ་བཅུ། སྨན་པ་རམ་འབྱམས་པ་ལྔ་བཅུ།  སྨན་པ་དཀའ་བཅུ་པ་བརྒྱ་ཙམ་བྱུང་བ་དེ་དག་གིས་སློབ་གྲྭའི་ཐུགས་འགན་གཙོ་བོ་བཞེས་ཤིང་།  དགུང་ལོ་རེ་ལྔ་པའི་སྐབས་སུ་རྗེས་གཡུ་ཐོག་པ་ཉིད་མདོ་ཁམས་དར་རྩེ་མདོ་བརྒྱུད་ནས་རྒྱ་ནག་སོགས་ལ་ཕེབས་ནས་འགྲོ་བ་ནད་པ་མང་པོའི་དོན་མཛད།  སླར་ཀོང་པོ་སྨན་གྲྭ་ཕེབས་ཏེ་ཕྱོགས་མཐའ་དག་ནས་འོངས་པའི་གསོ་རིག་ལ་ཐོས་བསམ་བྱེད་པའི་སྨན་པ་སྟོང་ཕྲག་ཙམ་བྱུང་བ་དེ་རྣམས་ཀྱིས་ཞབས་ཞུ་ལ་བརྟེན་ནས་སྨན་གྱི་སློབ་གྲྭའི་འདུ་ཁང་ལྟ་ན་སྡུག་ཅེས་པ་བཏབ།  སྨན་གྱི་བཀའ་གནད་སྐོར་ལ་བགྲོ་གླེང་མཛད་དེ་ཐེ་ཚོམ་གྱི་མདུན་རྒྱ་རྣམས་རེ་རེ་བཞིན་བཀྲོལ།  བོད་ཀྱི་གསོ་བ་རིག་པ་ཞེས་སྙན་པའི་གྲག་པ་ཕྱོགས་མཐའ་དག་ན་ཁྱབ།  ལྷག་པར་དུ་དབུལ་ཕོངས་ཀྱི་ནད་པ་རྣམས་ལ་སྔར་མེད་པའི་བརྩེ་བ་ཆེན་པོའི་གཟིགས་སྐྱོང་ཐོབ་པས་མཆོག་དམན་སྐྱེ་བོ་ཀུན་གྱིས་བཀུར་བསྟི་དང་བསྔགས་བརྗོད་ཐོབ།  རྗེ་གཡུ་ཐོག་པས།  གསོ་བ་རིག་པའི་རྒྱུན་འཛིན་གྱི་སློབ་བུ་རྣམས་ལ་གདམས་པ། ཁྱེད་རྣམས་རང་འདོད་ཁོག་འགྲས་སེར་སྣ་ངན་གཡོ་བོར་ལ།  བྱང་ཆུབ་སེམས་ཀྱི་གཞི་བཟུང་། འགྲོ་བ་ནད་པའི་དོན་དུ་གཉེར། མཐོ་གྲོགས་དང་ཁེ་ཚོང་མ་བྱེད། ངན་སློང་མཐའ་ནས་སྐྱོངས། མི་ངོ་ཟས་ངོར་མི་ལྟ་བར་ནད་པ་ལ་ཕན་པའི་སྨན་དཔྱད་མཛོད། ཕྱོགས་ཆ་ཉེ་རིང་སྤོངས་ལ་ཀུན་ལ་ཕན་པའི་སྨན་པ་མཛོད། བདག་བཟུང་གི་གནས་མ་བརྟེན་པར་རྒྱལ་ཁམས་ཕྱོགས་མེད་འགྲིམས་ལ་ནད་པ་ཕྱོགས་མེད་ལྟོས།  ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྤྲང་ལོང་བརྩེ་བས་སྐྱོངས། ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན། རྟ་དྲེལ་ཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས།  མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས།  སྒོ་གསུམ་ཆོས་ལ་འབུལ་ལ་ཕྱི་མའི་ལམ་སྣ་ཟུངས།  ཞེས་སོགས་སྨན་པའི་ཀུན་སྤྱོད་ཀྱི་སྐོར་ལ་བསླབ་བྱ་ལེགས་པོར་གནང་།  དེ་ལྟར་གསོ་རིག་སློབ་གཉེར་པ་རྣམས་ཀྱིས་སྲུང་བྱའི་སྒྲིག་ཁྲིམས།  སློབ་སྦྱོང་གི་ཡུན་ཚད།  རང་གི་ཡོན་ཚད་དང་བསྟུན་པའི་ཐོབ་ཐང་གི་མིང་སོགས་གཏན་འབེབས་མཛད་དེ་ཐུན་མོང་སྤྱིའི་རྩ་འཛུགས་ཅན་གྱི་སློབ་གྲྭ་ཞིག་ཏུ་ཆགས།