ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

ལྷ་ས་ནས་མ་བུ་བདེ་སྲུང་མཐུན་ཚོགས་བཙུགས་པ།

སྤེལ་དུས 2017-08-28 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། བདེ་ལྷ་མོས་བསྒྲིགས།

ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི"མ་བུའི་རླངས་འཁོར་སྒུག་སར"དྲོལ་ཁོལ་གྱིས་ཁེངས་འདུག 

          ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། ལྷ་ས་གྲོང་ཁྱེར་མ་བུ་བདེ་སྲུང་མཐུན་ཚོགས་དངོས་སུ་བཙུགས་པ་དང་། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མ་བུ་བདེ་སྲུང་མཐུན་ཚོགས་དེར་ད་ལྟ་ཚོགས་མི་ལྔ་བཅུ་ཡོད་པ་དང་། ཚོགས་པའི་ཚོགས་མི་གཉིས་ཡོད་ལ། མཐུན་ཚོགས་ཀྱི་བྱེད་སྒོའི་གཙོ་གཉེར་ལས་ཁུངས་ནི་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུའུ་ཡིན་པ་དང་། ལས་ཁུངས་དེས་རང་འགུལ་སྒོས་བྱེད་སྒོའི་མཛུབ་སྟོན་དང་ཁྲིམས་ལག་བསྟར་བྱེད་པའི་ལྟ་རྟོག་དང་ལེན་བྱེད་རྒྱུ་རེད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུའུ་ཡིས་མཐུན་ཚོགས་དེས་རྗེས་ཕྱོགས་ཀྱི་ལོ་གསུམ་གྱི་ནང་སྙེ་མོ་རྫོང་གི་ཞང་བདུན་དང་གྲོང་རྡལ་གཅིག་ཏུ་བྱ་བ་གཙོ་བོ་སྒྲུབ་ཏེ། མ་བུ་བདེ་སྲུང་གི་ལས་གཞི་ས་ཚིགས་འཛུགས་དགོས་པའི་བསམ་འཆར་བཏོན།  

          མ་བུ་བདེ་སྲུང་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པོ་པད་མ་དབྱངས་ཅན་གྱིས་གསར་འགོད་པར་བཤད་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་རིགས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་དང་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱས་པ་དང་བསྟུན་ནས། རོང་འབྲོག་ཁུལ་མང་ཚོགས་ཀྱི་ལུས་པོ་བདེ་ཐང་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡང་། རོང་འབྲོག་ཁུལ་མང་ཚོགས་ཀྱི་བསམ་བློ་རྙིང་ཞེན་ཆེ་བ་དང་། རང་སྲུང་འདུ་ཤེས་དམའ་བ།སྡོད་ཁུལ་ཁ་འཐོར་དུ་གནས་པ་སོགས་ཕྱི་རོལ་ཡུལ་གྱི་རྐྱེན་གང་མང་ཞིག་གིས། ས་ཆ་མང་ཆེ་བ་ཞིག་ཏུ་སྦྲུམ་མས་རང་ཁྱིམ་དུ་བྱིས་པ་སྐྱེ་བའི་གནས་ཚུལ་ཡོད་པས། སྦྲུམ་མ་དང་བྱིས་པ་འཆི་བའི་སྣང་ཚུལ་འབྱུང་སླ། དེ་བས་ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད། དུས་ཡུན་ཐུང་ངུའི་ནང་ཕྱོགས་ཡོངས་ནས་ཕན་འབྲས་ཐོན་པར་བརྩོན་ལེན་བྱེད་རྒྱུ་རེད།