ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

པེ་ཅིང་དུ་བོད་སྨན་ཁང་བཙུགས་ནས་མི་ལོ༡༧འགོར་བའི་རིང་ལ་ནད་པ་ཁྲི༡༠༠ལྷག་ལ་ནད་བཅོས་བྱས་ཡོད་པ།

སྤེལ་དུས 2017-09-05 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། ཟླ་གཞོན་ནས་ཞུས།
          པེ་ཅིང་བོད་སྨན་ཁང་དེ་གངས་ལྗོངས་ས་མཐོ་ནས་པེ་ཅིང་དུ་གསར་འཛུགས་གནང་སྟེ་མི་ལོ༡༧འགོར་བའི་རིང་ལ།ད་ལྟའི་བར་དུ་ནད་བཅོས་བྱས་པའི་རིགས་སོ་སོའི་ནད་པ་ཁྲི༡༠༠ལྷག་ལ་སླེབས་ཡོད་པ་རེད།

          གསར་འགོད་པས་ཚེས༢༡ཉིན་པེ་ཅིང་བོད་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱིས་ཉེ་བའི་ལོའི་ནང་དུ་བོད་སྨན་ལས་དོན་གོང་སྤེལ་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་བ་ཡིས"འཛམ་གླིང་གི་ཡང་རྩེ"རུ་གྲགས་ཡོད་པའི་བོད་སྨན་དེ་སྔར་ན་མེད་པའི་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད། དེང་སྐབས་པེ་ཅིང་བོད་སྨན་ཁང་དེ་རྒྱལ་ཁབ་ཀྱིས་རོགས་སྐྱོར་ཆེན་པོ་གནང་བར་བརྟེན་ནས་སྨན་བཅོས་དང་ཚན་ཞིབ།སློབ་ཁྲིད། རྨང་གཞིའི་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་རེད།  

          རྒྱུས་ལོན་བྱས་པར་གཞིགས་ན། ༡༩༩༨ལོ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་ལ་ཉེ་བ་ཞིག་བཏང་ནས་པེ་ཅིང་བོད་སྨན་ཁང་གི་སྡོད་གནས་གསར་པ་འཛུགས་སྐྲུན་གནང་ཞིང་། ༢༠༠༢ལོར་པེ་ཅིང་བོད་སྨན་ཁང་དེ་གནས་གཞན་ཞིག་ནས་རྒྱ་བསྐྱེད་གནང་བ་ལེགས་གྲུབ་བྱུང་། ༢༠༠༤ལོར་པེ་ཅིང་བོད་སྨན་ཁང་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྨན་ཁང་དུ་ཆོག་མཆན་བཀོད་ནས། པེ་ཅིང་གྲོང་ཁྱེར་གྱི་སྨན་བཅོས་ཁག་ཐེག་ཡོད་པའི་དམིགས་འཛུགས་སྨན་ཁང་དུ་གཏན་འཁེལ་གནང་བ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནད་ཐོག་སློབ་ཁྲིད་སྨན་ཁང་དུའང་གྱུར་པ་རེད། ༢༠༠༥ལོ་ནས༢༠༠༦ལོའི་བར་དུ་སྔ་ཕྱིར་འཕྲོད་བསྟེན་པུའུ་དང་རྒྱལ་ཁབ་ཀྲུང་དབྱི་སྨན་ཁང་དོ་དམ་ཅུད་ཀྱིས་སྨན་ཁང་དོ་དམ་ལོ་དང་མི་དམངས་ཡིད་ཚིམ་པའི་སྨན་ཁང་གསར་སྐྲུན་བྱེད་པར་དཔྱད་ཞིབ་གནང་པ་ཡོངས་སུ་གྲུབ་ཅིང་། དེ་ནས་བཟུང་པེ་ཅིང་བོད་སྨན་ཁང་གི་གཅིན་པ་མངར་འགྱུར་གྱི་ནད་སྨན་བཅོས་བྱེད་པའི་བོད་སྨན་ཆེད་ལས་ཚན་ཁག་དང་མཆིན་ནད་སྨན་བཅོས་བྱེད་པའི་ཆེད་ལས་ཚན་ཁག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་དང་གཙོ་གནད་འཛུགས་སྐྲུན་ལས་ཁུངས་སུ་ཚུད་ཡོད་པ་རེད།