དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

སྲོལ་རྒྱུན་བོད་སྨན་གྱིས་རིམས་ནད་འགོག་བཅོས་ཁྲོད་ཕན་ནུས་ངེས་ཅན་བཏོན།

སྤེལ་དུས 2020-03-05 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཞོགས་པ་སྔ་མོ་ནས་ལུས་དྲོད་འཇལ་རྗེས་ལས་གོས་བརྗེས་ཏེ་བཀྲ་ཤིས་སྒྲོལ་མ་འཁོར་ཁང་དུ་ཡོང་ནས་བོད་སྨན་གྱི་ཐོན་རྫས་སྣ་ཚོགས་སྒྲིག་སྦྱོར་བྱས། 
            བཀྲ་ཤིས་སྒྲོལ་མས་ཀྲུང་གོའི་ནུབ་རྒྱུད་ཀྱི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟི་རུ་ལས་གཉེར་བྱེད་བཞིན་ཡོད། ཉེ་ཆར་ཏོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ་ཀྲུང་གོའི་ནུབ་རྒྱུད་ཀྱི་ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས་སོགས་ས་ཆ་མང་པོ་རུ་བོད་སྨན་འགོག་བཅོས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་རིམས་ནད་འགོག་བཅོས་ལ་རམ་འདེགས་བྱས། 
            གསར་འགོད་པས་བཀྲ་ཤིས་སྒྲོལ་མ་མཐོང་བའི་སྐབས་སུ། ཁ་གྱ་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟི་རུ་ལས་གཉེར་ལ་བྲེལ་བའི་རྣམ་པས་ཁེངས། ལས་བཟོ་བ་རྣམས་ཀྱིས་ལོ་གྱོན་མ་དང་། བདུན་ཐང་། རིམས་འགོག་སྨན་སྤོས་སོགས་སྒྲིག་སྦྱོར་བྱེད་བཞིན་ཡོད། ཉེ་ཆར་ང་ཚོའི་ལས་ཀའི་དུས་ཚོད་ཉིན་རེར་ཆུ་ཚོད12བར་ཇེ་རིང་དུ་བཏང་སྟེ་བོད་སྨན་སྤུས་ལེགས་དེ་དག་ཐོན་སྐྱེད་བྱེད་བཞིན་ཡོད། ཅེས་བཀྲ་ཤིས་སྒྲོལ་མས་དེ་ལྟར་བཤད། 
ཁ་གྱ་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལས་བཟོ་བས་ལས་གཉེར་བྱེད་བཞིན་པ།
            ཁ་གྱ་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་འགན་འཁུར་བ་བསྟན་པ་རྒྱ་མཚོས་རིམས་ནད་ཐོན་རྗེས་ཁོང་དང་ཀུང་ཟིའི་ལས་མི་ཚོས་མགྱོགས་མྱུར་ངང་ཐོན་སྐྱེད་སླར་གསོ་བྱས་ནས། ཆེད་དུ་འགོ་ནད་རང་བཞིན་གྱི་བོད་སྨན་སྤུས་ལེགས་སྣ་ཚོགས་མགྱོགས་མྱུར་ངང་ཐོན་སྐྱེད་བྱས་པ་མ་ཟད། བསྡོམས་པས་སྒོར་ཁྲི50ལྷག་གི་བོད་སྨན་ས་གནས་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་རོང་འབྲོག་པར་ཞལ་འདེབས་བརྒྱབ་ཡོད་ཟེར། 
            བསྟན་པ་རྒྱ་མཚོས་ངོ་སྤྲོད་བྱས་པ་ལྟར་ན། ཀུང་ཟི་དེས་ཐོན་སྐྱེད་བྱས་པའི་བོད་སྨན་མི་ཉུང་བ་ཞིག་ནི་གནའ་བོའི་བོད་ལུགས་གསོ་རིག་གི་སྨན་བཅོས་ལག་ལེན་དང་རིགས་པའི་གཞུང་ལུགས་ཀྱི་བརྩམས་ཆོས་ཆེ་གྲས《རྒྱུད་བཞི》ལས་བྱུང་བ་ཡིན། དཔེར་ན། ལོ་གྱོན་མ་ཡིས་མིའི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ་པ་དང་། རིམས་འགོག་སྨན་སྤོས་ཀྱིས་རིག་པ་བདེ་ཞིང་དུག་སེལ་དང་འབུ་གསོད་ཐུབ་པ། མཁའ་རླུང་གཙང་མར་བཟོ་ཐུབ་པ་མ་ཟད། ནད་དུག་མཆེད་པར་སྔོན་འགོག་བྱེད་ཐུབ། “གསུང་རབ་ཕྱོགས་ནས་ཉམས་མྱོང་བླངས་ན་ང་ཚོས་རིམས་ནད་ལ་ཁ་གཏད་དེ་བས་ལེགས་པ་གཅོག་རྒྱུར་རོགས་རམ་བྱེད་ཐུབ། 
            བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིམས་ནད་འགོག་བཅོས་ལོ་རྒྱུས་དང་བོད་ལུགས་གསོ་རིག་ནི་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱིས་ལོ་ངོ་སྟོང་ཕྲག་རིང་གི་ནད་ཐོག་ལག་ལེན་ཁྲོད་རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་ཡོད།
ཁ་གྱ་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལས་བཟོ་བས་ལས་གཉེར་བྱེད་བཞིན་པ།
            སྔོན་ཆད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞིབ་འཇུག་དང་འདུལ་སྦྱོང་གཙོ་བོ་དགོན་པའི་ནང་དུ་བྱེད་བཞིན་ཡོད། “བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་བོད་ལུགས་གསོ་རིག་དང་བོད་སྨན་རིམ་བཞིན་དགོན་སྡེ་དང་བོད་རིགས་ས་ཁུལ་ནས་ཕྱིར་བུད་ཏེ་སྤྱིར་བཏང་གི་ནད་པར་ངོས་འཛིན་དང་ཁེ་ལེན་བྱེད་བཞིན་ཡོད། ལན་ཀྲོའུ་ཆེས་བྲིན་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་པ་དཀའ་བཅུ་པ་ཕུན་ཚོགས་རྡོ་རྗེས་དེ་ལྟར་བཤད། 《རྒྱུད་བཞི》ཁྲོད་འགོས་བའི་རང་བཞིན་གྱི་ནད་སྨན་བཅོས་བྱེད་པའི་བོད་སྨན་རིགས་བཅུ་ལྷག་ཟིན་ཐོར་བཀོད་ཡོད། 
            ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཀན་སུའུ་དང་། མཚོ་སྔོན། བོད་ལྗོངས་སོགས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྐྱོབ་བཅོས་ནང་ཞུགས་པར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་མ་ཟད། རིམས་ནད་འགོག་བཅོས་ཁྲོད་བོད་ལུགས་གསོ་རིག་ཁྱབ་གདལ་དུ་གཏོང་བཞིན་ཡོད་པ་རེད།  །
རྩོམ་སྒྲིག་པ། བདེ་སྒྲོལ།