དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སྡེ་ཁུལ་གྱི་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ།

སྤེལ་དུས 2020-05-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཉེ་ཆར། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་དང་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་སྨན་ཁང་གཉིས་ཀྱི་བར་མཉམ་ལས་གྲོས་མཐུན་བཞག་སྟེ། སྡེ་ཁུལ་གྱི་སྨན་ཁང་གཉིས་སུ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སྡེ་ཁུལ་གྱི་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ་བ་རེད།
          དུས་འགོར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁྲེང་ཀོན་ཆུས་སྐྱིད་རས་སྲང་ལམ་དོན་གཅོད་ཁང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། བར་སྐོར་སྲང་ལམ་དོན་གཅོད་ཁང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་ཀྱིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སྡེ་ཁུལ་དངོས་སྦྱོང་རྟེན་གཞི་བསྐྲུན་རྒྱུའི་ཐད་གྲོས་མོལ་ཐེངས་མང་པོ་བྱས་ཏེ། སྡེ་ཁུལ་གཉིས་ཀྱི་སྨན་ཁང་གཉིས་ལ་སྒོ་བྱང་འགེལ་བའི་ལས་དོན་གཏན་འཁེལ་བྱས་པ་རེད། ཁྲེང་ཀོན་ཆུས་སྐྱིད་རས་སྲང་ལམ་དོན་གཅོད་ཁང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་དང་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་གཉིས་ཀྱི་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ཕྱོགས་གཉིས་ཀྱིས《བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་སྡེ་ཁུལ་གྱི་སློབ་ཁྲིད་དངོས་སྦྱོང་རྟེན་གཞིའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།
          ཡུལ་དངོས་སུ་བོད་ལྗོངས་སློབ་ཆེན་གྱི་སློབ་གཙོའི་ལས་རོགས་སམ་གསོ་རིག་སློབ་གླིང་གི་འགོ་གཙོ་ཁྲེང་ཞིན་གྱིས་བཤད་རྒྱུར། “སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ནི་གསོ་རིག་སློབ་མར་མེད་དུ་མི་རུང་བའི་ས་གནས་ཤིག་ཡིན་ཞིང་། ང་ཚོས་གསོ་སྐྱོང་བྱས་པའི་སློབ་མ་གཞི་རིམ་ལ་ཞབས་འདེགས་ཞུ་ཐུབ་པ་དང་མི་དམངས་ཀྱི་དགོས་མཁོ་ཆེ་བའི་ས་ཆར་བསྐྱོད་པར་རེ་བ་བྱེད་བཞིན་ཡོད། ནད་ཐོག་ཆེད་ལས་ལག་ལེན་བྱེད་པར་གསོ་རིག་སློབ་མས་ངེས་པར་དུ་སྡེ་ཁུལ་གྱི་དངོས་སྦྱོང་གོ་རིམ་བརྒྱུད་དགོས་པའི་བླང་བྱ་བཏོན་ཡོད་ཅིང་། སྡེ་ཁུལ་གྱི་འཕྲོད་བསྟེན་སློབ་ཁྲིད་ནི་སློར་མར་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་ཟེར།  །