དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁང་ཁུལ་གྱི་སྒོ་མོ་ཕྱེ་བ།

སྤེལ་དུས 2020-06-05 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          ལོ་གསུམ་རིང་གི་གྲ་སྒྲིག་དང་འཛུགས་སྐྲུན་བྱས་རྗེས།  སྤྱི་ཟླ6པའི་ཚེས1ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁང་ཁུལ་དངོས་སུ་སྒོ་ཕྱེ་བ་རེད།  སྨན་ཁང་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དུ་གནས་ཡོད།  དེ་གར་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་དང་སྔོན་འགོག་ནད་ཁུལ།  འགོས་ནད་སྒོ་བསྟེན་སྨན་བཅོས་ཁང་སོགས་བཙུགས་ཡོད་པ་དང་སྨན་དོན་པ50ལྷག་ཙམ་བཀོད་སྒྲིག་བྱས་ཡོད།  དེང་སྐབས་སྒོ་བསྟེན་སྨན་བཅོས་ཐོག་ཁང་བསྐྲུན་ཟིན་ནས་བེད་སྤྱོད་བྱས་པ་དང་དེ་མིན་ཁུལ་ཁོངས་ཀྱི་འཛུགས་སྐྲུན་མུ་མཐུད་བྱེད་བཞིན་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན།  སྨན་ཁང་དེར་འཇུ་བྱེད་ཁོག་ནད་ཚན་ཁག་དང་དབུགས་ལམ་ཁོག་ནད་ཚན་ཁག  སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག  མཁལ་མའི་ཁོག་ནད་ཚན་ཁག  སྨན་བཅོས་འཕྲོད་སྦྱོར་ཚན་ཁག་སོགས་ཚན་ཁག17ཡོད་པ་ཚང་མས་སྨན་བཅོས་བྱེད་ཀྱི་ཡོད།  སྨན་བཅོས་བྱེད་མཁན་དེ་དག་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ་དང་པེ་ཅིང་གི་བོད་སྐྱོར་སྨན་པ་རེད།  གཞན་ཡང་སྨན་ཁང་དེའི་ནོར་སྲིད་དང་སྨན་བཅོས་འགན་བཅོལ་གཞུང་ལས་ཁང་གིས་ཀྱང་རྒྱུན་གཏན་ལྟར་ལས་དོན་སྒྲུབ་ཀྱི་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལྟེ་བའི་སྨན་ཁང་གིས་སྤྱི་ཟླ9པར་ནད་སྡོད་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་དང་།  སྤྱི་སྤྱོད་རླངས་འཁོར་ཨང་གྲངས21དང་ 3པ9པ་བཅས་ལ་བསྡད་དེ་སྨན་ཁང་དེར་ཕེབས་ཆོག་གི་ཡོད།།