དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ལྗོངས་ཀྱི་སྨན་བཅོས་འགན་སྲུང་སྤྱི་ཚོགས་ལྟ་སྐུལ་བ་སྐོར་དང་པོ་དངོས་སུ་ལས་གནས་སྟེང་ཞུགས།

སྤེལ་དུས 2020-09-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཚེས22ཉིན་གྱི་སྔ་དྲོར། བོད་ལྗོངས་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྩ་འཛུགས་བྱས་པའི་སྨན་བཅོས་འགན་སྲུང་གི་སྤྱི་ཚོགས་ལྟ་སྐུལ་བའི་གསོ་སྦྱོང་འཛིན་གྲྭ་དང་གདན་ཞུའི་ཡི་གེ་སྤྲོད་པའི་མཛད་སྒོ་བསྡུས་པ་ལས་བོད་ལྗོངས་ཀྱི་སྐོར་དང་པོའི་སྨན་བཅོས་འགན་སྲུང་གི་སྤྱི་ཚོགས་ལྟ་སྐུལ་བ37དངོས་སུ་ལས་གནས་སྟེང་ཞུགས་པ་མཚོན།  
          རྒྱུས་ལོན་པ་ལྟར་ན། སྨན་བཅོས་འགན་སྲུང་གི་སྤྱི་ཚོགས་ལྟ་སྐུལ་བ་སྐོར་དང་པོ་ནི་བོད་ལྗོངས་ཀྱི་ལས་རིགས་སོ་སོའི་སྤྱི་ཕན་བྱ་གཞག་ལ་དགའ་ཞེན་ཆེ་བ་དང་། སྨན་བཅོས་འགན་བཅོལ་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ། སྤྱི་ཚོགས་སྟེང་ཤུགས་རྐྱེན་ངེས་ཅན་དང་ཀུན་གྱིས་ཡིད་ཆེས་བྱེད་པའི་སྤྱི་ཚོགས་ཀྱི་མི་སྣ་ལས་གྲུབ་པ་ཡིན། ལྟ་སྐུལ་བའི་བྱ་བའི་འགན་འཁྲི་གཙོ་བོའི་ནང་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་ཁྱབ་གདལ་དུ་གཏོང་རྒྱུ་དང་། གནས་ཁེལ་སྨན་བཅོས་ཀྱི་ལས་ཁུངས་དང་། དམིགས་འཛུགས་སིལ་ཚོང་སྨན་ཚོང་ཁང་། ཚོང་ལས་འགན་བཅོལ་སྒྲུབ་འགན་འཁུར་བའི་ལས་ཁུངས། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་སོགས་འདུས་པའི་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་མཁན་ལ་ལྟ་སྐུལ་བྱེད་པ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ཁྲོད་གནས་པའི་གནད་དོན་དང་། བསམ་འཆར། གྲོས་འགོ་སོགས་མཚོན་ཐུབ།
          བོད་ལྗོངས་སྨན་བཅོས་འགན་སྲུང་ཅུའུ་ཡི་ཏང་ཙུའུ་ཡི་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་སུང་ཝུའེ་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་བོད་ལྗོངས་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་ལམ་ལུགས་བཅོས་བསྒྱུར་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། བོད་ལྗོངས་ཀྱིས་སྤྱི་ཚོགས་སྟོབས་ཤུགས་སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་ནང་ཞུགས་པ་དང་། སྨན་བཅོས་འགན་སྲུང་གི་སྤྱི་ཚོགས་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་བྱ་བའི་ཁ་གསབ་ནུས་ལྡན་ཡིན་པའི་ཆ་ནས། སྨན་བཅོས་འགན་སྲུང་གི་སྤྱི་ཚོགས་ལྟ་སྐུལ་བ་ལས་གནས་སྟེང་དངོས་སུ་ཞུགས་རྗེས་མི་དམངས་མང་ཚོགས་ཀྱིས་ནད་བསྟེན་སྨན་བཅོས་བྱེད་པའི“དངུལ་ཁུག”སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་རྒྱུ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ནས་འགན་བཅོལ་ཁྲོད་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ནན་ཏན་བྱེད་ཐུབ་ཟེར།  །