གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

སྤེལ་དུས 2018-06-11 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           མི་དམངས་དྲ་བའི་འཕྲིན། ཨ་ཁེ་མ་ལེ་ནི་མ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་སྲོག་ཆགས་གླིང་དོམ་ཁྲ་ཁང་གི་དོ་དམ་པ་གཙོ་བོ་ཡིན་པ་དང་། ཁོང་དང་ལས་གྲོགས་དྲུག་མཉམ་དུ"དོམ་ཕྲུག"ལ་ལྟ་རྟོག་བྱ་རྒྱུའི་འགན་འཁུར་ཡོད་པ་རེད།
ཟླ་6ཚེས་3ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ཡིས་མོ་སི་ཁོ་ཡི་ལྷོ་ནུབ་རྒྱུད་དུ་འབིགས་འཕྲུལ་གྱི་ལྷུ་ལག་གཙོ་བོ་གསུམ་པ་སྒྲིག་བཀོད་ལེགས་འགྲུབ་བྱུང་ཡོད་པ་རེད།
ཟླ་6ཚེས་7ཉིན། དབྱི་རག་གི་ནང་སྲིད་པུའི་དཔོན་རིགས་ཀྱིས། རྒྱལ་ས་པ་ཀ་ཏ་ཤར་རྒྱུད་ས་དེ་གྲོང་གི་འབར་གས་དོན་རྐྱེན་ལས་མི་14རྐྱེན་ལམ་དུ་ཤོར་བ་དང་། མི་90ལ་རྨས་ཕོག་ཡོད་པ་བཤད། 
ཟླ་6ཚེས་3ཉིན། ཀུའུ་ཏི་མ་ལེ་ཡི་རྒྱལ་ས་ཀུའུ་ཏི་མ་ལེ་གྲོང་གི་ལྷོ་ནུབ་ནས་སྤྱི་ལེ་40ཙམ་ཡོད་པའི་ཧྥུའུ་ཨའེ་ཀོ་ཡི་མེ་རི་དྲག་ཏུ་འཕྱུར་བཞིན་པ། 
ཟླ་6ཚེས་8ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇའ་མན་དང་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ། ཧྥེ་གླིང་ལྷོ་མ། པི་ལི་ཧྲི། ཧུན་རྡུ་ཉི་ཞི་ཡ་བཅས་ཀྱི་རྒྱལ་ཁབ་5ཡིས་2019ལོ་དང་2020ལོར་བདེ་འཇགས་ལས་འཛིན་ལྷན་ཚོགས་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལ་བདམས་གསེས་བྱས་པ་རེད། 
ཟླ་6ཚེས་9ཉིན། དབྱིན་ཇིའི་ལོན་ཏོན་དུ་དབྱིན་ཇིའི་རྒྱལ་མོ་དགུང་ལོ་92སླེབས་པར་གཞུང་གིས་སྐྱེས་སྐར་དགའ་གཏོང་བྱས་པ་རེད།
ཟླ་6ཚེས་3ཉིན། དབྱིན་ཇིའི་ལོན་ཏོན་དུ། ཉེན་རྟོགས་པའི་འཐུས་མི་ལོན་ཏོན་ཟམ་པར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་བྱུང་ནས་ལོ་གཅིག་འཁོར་བའི་བྱེད་སྒོར་ཞུགས་པ་དང་། 2017ལོའི་ཟླ་6ཚེས་3ཉིན། ལོན་ཏོན་ཐའེ་ཝུའུ་ཧྲི་ཆུ་བོའི་ལོན་ཏོན་ཟམ་པའི་ཉེ་འགྲམ་དུ་འཇབ་རྒོལ་ཐེབས་ནས། ཁྱོན་མི་8རྐྱེན་ལམ་དུ་ཤོར་བ་དང་། མི་50ཉེ་བ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཟླ་6ཚེས་5ཉིན་ནི་འཛམ་གླིང་འཁོར་ཡུག་ཉིན་ཡིན་པ་དང་། ད་ལོའི་འཛམ་གླིང་འཁོར་ཡུག་ཉིན་གྱི་བརྗོད་གཞི་ནི"འགྱིག་ཤོག་འཕྲལ་གཅོད་དམག་འཐབ"ཡིན་ཞིང་། འཛམ་གླིང་ཡོངས་ལ་འགྱིག་གི་སྦགས་བཙོག་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།