གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་ཕོང་དབྱང་མཇལ་མོལ་གྱིས་ཕྱེད་གླིང་ཕྲན་གྱི་རྡུལ་སྙིང་མེད་པ་ཅན་གྱི་གྲོས་མོལ་འཕེལ་རིམ་ཐད་དོ་ཁུར་བྱ་རྒྱུ་ཡིན་པ།

སྤེལ་དུས 2018-09-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           སྤྱི་ཚེས་༡༧ཉིན་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐའེ་ཡིས་ཙུང་ཐུང་ཝན་ཙའེ་དབྱིང་གིས་སྤྱི་ཚེས་༡༨ཉིན་ནས་སྤྱི་ཚེས་༢༠ཉིན་བར་བྱང་ཁོ་རེ་ཡར་འཚམས་འདྲི་ཞུ་བའི་ཞིབ་ཕྲའི་ཉིན་རེའི་ལས་རིམ་ཡོངས་བསྒྲགས་བྱས་པ་མ་ཟད། ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་ཕོང་དབྱང་མཇལ་མོལ་གྱི་གྲོས་གཞི་གཙོ་བོའི་ཐད་གྲོས་མོལ་གནང་ཡོད། ཕྱོགས་གཉིས་པོས་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ལེགས་བཅོས་དང་། བྱང་ཁོ་རེ་ཡ་དང་ཨ་རིའི་རྡུལ་སྙིང་མེད་པ་ཅན་གྱི་གྲོས་མོལ་གྱི་འཕེལ་རིམ་ཐད་དོ་ཁུར་བྱེད་རྒྱུ་ཡིན་པ་རེད།
           དབྱེ་ཞིབ་མི་སྣས། བྱང་ཁོ་རེ་ཡ་དང་ཨ་རིའི་རྒྱལ་ཁབ་གཉིས་པོའི་ཕྱེད་གླིང་ཕྲན་རྡུལ་སྙིང་མེད་པ་ཅན་གྱི་དབྱེ་འབྱེད་གྲོས་མོལ་བྱེད་པ་དེ་རེངས་པོར་འགྱུར་བའི་གནས་སུ་ལྷུངས་བའི་སྐབས་འདིར། ལྷོ་བྱང་ཁོ་རེ་ཡའི་འགོ་གཙོས་སླར་ཡང་མཇལ་མོལ་བྱེད་པ་དེ་གནས་བབ་ཞི་ལྷོད་དུ་གཏོང་རྒྱུ་ཕན་ཐོགས་ཡོད་ལ། ཕྱེད་གླིང་ཕྲན་རྡུལ་སྙིང་མེད་པ་ཅན་དུ་མངོན་གྱུར་ཡོང་རྒྱུར་ལམ་བུ་གསར་པ་འཚོལ་ཞིབ་བྱ་ཆེད་ཡིན། ཡིན་ནའང་མིག་སྔར་བྱང་ཁོ་རེ་ཡ་དང་ཨ་རིའི་བར་ཕན་ཚུན་ཡིད་ཆེས་མེད་པའི་གནས་ཚུལ་འོག ད་ཐེངས་ཀྱི་མཇལ་མོལ་དེས་དངོས་སུ་བྱ་དཀའ་བྱེད་གཏད་ཀྱི་གནས་ལས་གྲོལ་ཐུབ་མིན་དེ་མུ་མཐུད་ནས་ལྟ་ཞིབ་བྱེད་དགོས་པའི་ངོས་འཛིན་གནང་ཡོད།
           བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་མི་སྣས་ད་ལོའི་སྤྱི་ཟླ་༦པར་སེང་ཁ་ཕོར་མཇལ་མོལ་གནང་ཡོད་པ་དང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་དང་དར་རྒྱས་ལ་ཕན་པའི་འབྲེལ་བ་གསར་པ་སྐྲུན་རྒྱུ་ཁས་ལེན་བྱས་ཡོད། ཡིན་ནའང་དེ་རྗེས་རྒྱལ་ཁབ་གཉིས་པོས་རྡུལ་སྙིང་མེད་པ་ཅན་གྱི་ཞིབ་ཕྲའི་ཇུས་གཞིའི་ཐད་ཀྱི་བསམ་འཆར་ལ་འགན་ཟླ་བྱུང་ཡོད་པ་དང་། ད་ལོ་ནས་བཟུང་གོང་འཕེལ་འགྲོ་ཚུལ་ཡག་པོ་ཡོད་པའི་ཕྱེད་གླིང་ཕྲན་དུ་རྡུལ་སྙིང་མེད་པ་ཅན་དུ་འགྱུར་བའི་འཕེལ་རིམ་དེ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་ཡོད། དབྱེ་ཞིབ་མི་སྣས། གནས་ཚུལ་དེ་འདྲའི་འོག བྱང་ཁོ་རེ་ཡའི་ཕྱོགས་ནས་ད་ཐེངས་ཀྱི་ཕོང་དབྱང་མཇལ་མོལ་ནང་རྡུལ་སྙིང་མེད་པ་ཅན་གྱི་གྲོས་གཞི་ཐད་བྱང་ཁོ་རེ་ཡ་ཕྱོགས་ལ་བཏང་སྙོམས་ཀྱི་ཇུས་གཞི་བཏོན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
           ཀྲུང་གོའི་སྤྱི་ཚོོགས་ཚན་རིག་ཁང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ། དེ་བཞིན་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝང་ཅུན་ཧྲེང་གིས། ཕོང་དབྱང་མཇལ་མོལ་དེ་བྱ་དཀའ་བྱེད་གཏད་དུ་ལྷུངས་པའི་བྱང་ཁོ་རེ་ཡ་དང་ཨ་རིའི་རྡུལ་སྙིང་མེད་པ་ཅན་གྱི་དབྱེ་འབྱེད་གྲོས་མོལ་ལ་གོ་སྐབས་ཞིག་ཐོབ་ཡོད། སྤྱི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་བྱང་ཁོ་རེ་ཡར་འཚམས་འདྲི་བྱ་རྒྱུ་དེ་གནས་སྐབས་མཚམས་འཇོག་བྱས་ཤིང་། བྱང་ཁོ་རེ་ཡ་དང་ཨ་རི་ཕྱོགས་གཉིས་པོས་གཞི་རྩའི་ཆ་ནས་མཐོ་རིམ་མི་སྣའི་བར་གྱི་འགྲོ་འོང་མཚམས་ཆད་ཡོད་པ་རེད། ཝན་ཙའེ་དབྱིང་གིས་སྐབས་འདིར་བྱང་ཁོ་རེ་ཡར་འཚམས་འདྲི་གནང་བ་དེས་བྱང་ཁོ་རེ་ཡ་དང་ཨ་རིའི་བར་གྱི་འབྲེལ་བར་མཐུན་སྦྱོར་དང་བར་འདུམ་གྱི་ནུས་པ་ཐོན་ཐུབ་པ་དང་། གོམས་སྟབས་རྗེས་མའི་བྱང་ཁོ་རེ་ཡ་དང་ཨ་རིའི་རྡུལ་སྙིང་མེད་པ་ཅན་གྱི་དབྱེ་འབྱེད་གྲོས་མོལ་ལ་ཇུས་གཞི་གསར་པ་འདོན་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།
           བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨན་གྱིས་ཉེ་དུས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུར་འཕྲིན་ཡིག་བསྐུར་ནས། ཁོང་རྣམ་གཉིས་ཀྱི་མཇལ་མོལ་ཐེངས་གཉིས་པ་བཀོད་སྒྲིག་བྱ་རྒྱུ་བཏོན་ཡོད། ཨ་རིའི་ཕྱོགས་ནས་གནད་དོན་དེར་སྒེ་དབྱེའི་རྣམ་པ་འཛིན་གྱི་ཡོད་པ་དང་། ད་ལྟ་གནད་དོན་དེར་མཐུན་སྦྱོར་བྱེད་བཞིན་ཡོད། པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ། ཁོ་རེ་ཡ་ཕྱེད་གླིང་ཕྲན་གནད་དོན་གླིང་སྟེགས་ཀྱི་ཀྲུའུ་རིན་ཅིན་ཅིང་དབྱིས། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་མཇལ་མོལ་ཐེངས་གཉིས་པར་སྐུལ་འདེད་གཏོང་རྒྱུ་ནི་ད་ཐེངས་ལྷོ་བྱང་མཇལ་མོལ་གྱི་དམིགས་ཡུལ་གཙོ་བོ་དེ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།
           དབྱེ་ཞིབ་མི་སྣས། བྱང་ཁོ་རེ་ཡ་དང་ཨ་རིའི་རྡུལ་སྙིང་མེད་པ་ཅན་གྱི་དབྱེ་འབྱེད་གྲོས་མོལ་དེ་འཕེལ་རྒྱས་མེད་པར་ལུས་ཡོད་ན་ཡང་། འོན་ཀྱང་ཕྱོགས་གཉིས་པོས་སྐད་ཆ་ཤོས་རེད་དང་དབྱེ་འབྱེད་གྲོས་མོལ་བརྒྱུད་བྱང་ཁོ་རེ་ཡའི་རྡུལ་སྙིང་གནད་དོན་ཐག་གཅོད་བྱེད་པའི་འདུན་པ་དེར་འགྱུར་ལྡོག་བཏང་མེད། དེའི་གོང་ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་མཇལ་མོལ་ཐེངས་གཉིས་གནང་བ་དེས་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་མི་སྣའི་ཐད་ཀའི་མཇལ་མོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད། ད་ཐེངས་ཀྱི་ཕོང་དབྱང་མཇལ་མོལ་དེ་ཨ་རི་དང་བྱང་ཁོ་རེ་ཡའི་བར་གྱི་མཇལ་མོལ་ཐེངས་གཉིས་པ་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་ཡོད་པ་རེད།
           ཡིན་ནའང་རིགས་གཅིག་མཁས་པས་ཀྱང་། བྱང་ཁོ་རེ་ཡ་དང་ཨ་རིའི་བར་ཡིད་ཆེས་འདང་གི་མེད་པ་དང་། རྡུལ་སྙིང་མེད་པའི་གྲོས་གཞིའི་ཐོག་འགན་ཟླ་ཆེན་པོ་གནས་ཡོད། ནུས་ལྡན་གྱི་ཚད་བཀག་སྒྲིག་གཞི་འདང་གི་མེད་པའི་གནས་ཚུལ་འོག བྱང་ཁོ་རེ་ཡའི་འདོན་སྤེལ་བྱེད་ཐུབ་པའི་ནུས་པ་ཡང་ཚད་ཡོད་པ་ཞིག་ཡིན། ཝང་ཅུན་ཧྲེང་གིས། ཨ་རིའི་རྒྱལ་ནང་མཁྲེགས་བཟུང་ཤོག་ཁག་གི་སྣོན་ཤུགས་ལ་དམིགས་ནས། ཅིན་ཀྲེང་ཨེན་དང་ཐེ་རོན་ཕུའི་གྲོས་མོལ་ དུས་འཐུང་ནང་མངོན་འགྱུར་ཡོང་མིན་ཐད་འགྱུར་བ་ཡོང་བཟོ་ཡོད་པའི་གནས་ཚུལ་ལྡན་ཡོད། ཅིན་ཅིང་དབྱི་ཡིས། ཅིན་ཀྲེང་ཨེན་དང་ཐེ་རོན་ཕུའི་བར་གྲོས་མོལ་བྱེད་ཐུབ་མིན་དེ་ལྷོ་བྱང་ཁོ་རེ་ཡའི་བར་གྲོས་ཆོད་གང་ཞིག་བཞག་ཐུབ་ནས་ཨ་རིར་གོ་སྐོན་བློ་འགུག་བྱེད་ཐུབ་མིན་ལ་ལྟ་དགོས་ཞེས་བསྟན་ཡོད།
           བྱང་ཁོ་རེ་ཡ་དང་ཨ་རིའི་རྡུལ་སྙིངམེད་ཅན་གྱི་དབྱེ་འབྱེད་གྲོས་མོལ་གྲོས་གཞི་ཕུད། ལྷོ་བྱང་ཁོ་རེ་ཡའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡང་ད་ཐེངས་ཀྱི་ཕོང་ཡང་མཇལ་མོལ་གྱི་གྲོས་གཞི་གལ་ཆེན་ཞིག་ལ་འགྱུར་རྒྱུ་ཡིན་པ་རེད།
           ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཞག་གིས་སྤྱི་ཚེས་༡༦ཉིན་ཡོངས་བསྒྲགས་བྱས་པའི་བྱང་ཁོ་རེ་ཡར་འཚམས་འདྲི་ཞུ་མཁན་འཐུས་མི་ཚོགས་པའི་མིང་ཐོའི་ནང་། ཕེབས་རོགས་མི་སྣ་དངོས་14ཕུད། ད་དུང་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་རིག་གནས་བཅས་ཀྱི་དམིགས་གསལ་ཕེབས་རོགས་མི་སྣ་52ཡོད་པ་རེད། དཔལ་འབྱོར་ལས་རིགས་ཀྱི་ཕེབས་རོགས་མི་སྣའི་མིང་ཐོའི་ནང་སན་ཤིང་གློག་རྡུལ་དང་། SKཚོགས་པ། LGཚོགས་པ་བཅས་དང་དེ་བཞིན་དེང་རབས་རླངས་འཁོར་སོགས་ལྷོ་ཁོ་རེ་ཡའི་ཁེ་ལས་ཆེ་བ་བཞིའི་མཐོ་རིམ་དཔོན་རིགས་ཡོད་པ་མ་ཟད། ད་དུང་ལྷོ་བྱང་ཁོ་རེ་ཡའི་མཉམ་ལས་རྣམ་གྲངས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་མང་པོ་ཡོད་པ་རེད། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཞག་གིས། ད་ཐེངས་ཀྱི་ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་མཇལ་མོལ་དེ་གོ་སྐབས་སུ་བརྩིས་ནས། ཕྱེད་གླིང་ཕྲན་གྱི་དཔལ་འབྱོར་གསར་པའི་བསམ་བློར་སྐུལ་འདེད་བྱེད་མགྱོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།
           ལྷོ་བྱང་ཁོ་རེ་ཡའི་དཔལ་འབྱོར་ལ་ཕན་ཚུན་ཁ་གསབ་རང་བཞིན་ཆེན་པོ་ལྡན་པ་དང་། མཉམ་ལས་ཀྱི་མི་མངོན་ནུས་པ་ཆེན་པོ་ལྡན་ཡོད། ཝེན་ཙེ་ཡན་གྱིས་དེ་སྔོན་རིག་མཛོད་ཞིབ་འཇུག་ལ་གཞིགས་ནས། ཕྱེད་གླིང་ཕྲན་གྱི་ལྷོ་བྱང་བར་གྱི་དཔལ་འབྱོར་མཉམ་ལས་དེས་སྔོན་དཔག་བྱས་ན་སླད་ཕྱིན་གྱི་ལོ་ངོ་༣༠ནང་ཨ་སྒོར་དུང་ཕྱུར་1500ཟིན་པའི་དཔལ་འབྱོར་ཕན་འབྲས་གཏོད་ཐུབ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
           ཝང་ཅུན་ཧྲེང་གིས། ལྷོ་བྱང་ཁོ་རེ་ཡར་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་འགུལ་ཤུགས་ལྡན་ཡོད། ཉེ་བའི་ལོ་ཤས་ནང་། ལྷོ་ཁོ་རེ་ཡའི་དཔལ་འབྱོར་ལ་ནུས་ལྡན་གྱི་འཕར་སྣོན་བྱེད་ས་རྙེད་མེད་པས། ཝེན་ཙེ་ཡན་སྲིད་གཞུང་གིས་ལྷོ་བྱང་གི་དཔལ་འབྱོར་མཉམ་ལས་བརྒྱུད་རྒྱལ་ནང་གི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། བྱང་ཁོ་རེ་ཡས་འཐབ་ཇུས་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་ཐད་བཞག་པ་ནས་བཟུང་། གལ་ཆེའི་མཉམ་ལས་བྱ་ཡུལ་ལྷོ་ཁོ་རེ་ཡ་བརྒྱུད་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱས་པ་དེ་མེད་པ་བཟོས་མེད་པས། བྱང་ཁོ་རེ་ཡས་ཀྱང་ལྷོ་ཁོ་རེ་ཡ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་པར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་བས་མང་བ་བྱ་རྒྱུར་སྐུལ་ཁྲིད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
           ཡིན་ནའང་ཅིན་ཅི་དབྱིས། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཨ་རིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱེད་ཤུགས་མུ་མཐུད་ཤུགས་ཆེར་བཏང་ཡོད་པས། ལྷོ་བྱང་ཁོ་རེ་ཡའི་མཉམ་ལས་ཀྱི་ཁྱབ་ཁོངས་མང་པོར་བཀག་སྡོམ་གྱི་ཤུགས་རྐྱེན་ཐེབས་ཡོད། གལ་སྲིད་བཀག་སྡོམ་མེད་པ་མ་བཟོས་ཚེ། ལྷོ་བྱང་ཁོ་རེ་ཡའི་དཔལ་འབྱོར་མཉམ་ལས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་ཁག་པོ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།