ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་ཞིབ་དཔྱོད་ཁང་གིས་ཡིག་ཆ་ཡོངས་བསྒྲགས་བྱས་ཏེ། ཐེ་རོན་ཕུ་དང་ཁ་བཀག་པའི་གླ་རིན་བར་འབྲེལ་བ་ཐེངས་དང་པོ་བྱས་པ།

སྤེལ་དུས 2018-12-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
             ཨ་རིའི་ཁྲིམས་འཛིན་པུའི་དམིགས་བསལ་ཞིབ་དཔྱོད་དཔོན་ལོ་པོ་ཐེ་ མི་ལེ་ཚོགས་པ་དང་ནེའུ་ཡོག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚེས་༧ཉིན་ཁྲིམས་ཁང་གི་ཡིག་ཆ་གསུམ་ཡོངས་བསྒྲགས་བྱས་ཡོད་པ་དང་། དེ་དག་ནི་ཨ་རིའི་ཙུང་ཐུང་ཐང་ན་ཏེ་ ཐེ་རོན་ཕུའི་དེ་སྔའི་མི་སྒེར་གྱི་ཁྲིམས་རྩོད་པ་མའེ་ཁེར་ ཁོ་ཧེང་དང་། ཐེ་རོན་ཕུ་ཚོགས་པའི་དེ་སྔའི་འགྲན་འདེམས་ཀྱི་སྤྱི་གཉེར་པའོ་ལོ་མ་ན་ཧྥུ་ཐེའི་དཔང་ཚིག་དང་འབྲེལ་བ་ཡོད་པ་རེད། ཡིག་ཆ་དེ་དག་ནང་ཐེངས་དང་པོར་ཐད་ཀར་ཐེ་རོན་ཕུ་དང་ཁ་བཀག་པའི་གླ་རིན་བར་འབྲེལ་བ་བྱས་ཡོད་དེ། དེ་ཡང་ཐེངས་དང་པོར་ཐེ་རོན་ཕུ་ཐད་ཀར་ཁྲིམས་འགལ་དང་འབྲེལ་བ་ཡོད་པ་མངོན་ཡོད། གཞན་ཡང་། ཁོ་ཧེང་གིས། ཁོ་པས་ཐེ་རོན་ཕུས་སྤྱི་ལོ་༢༠༡༥ལོར་ཙུང་ཐུང་འདེམས་བསྐོར་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་ཡིད་རྟོན་བྱེད་ཆོག་ཅེས་བརྗོད་པའི་ཨུ་རུ་སུའི་ཕྱོགས་ཀྱི་མི་སྣ་དང་འབྲེལ་གཏུག་བྱས་མྱོང་ཡོད་པ་དང་། ཨུ་རུ་སུའི་ཕྱོགས་ཀྱི་མི་དེས་ཐེ་རོན་ཕུའི་འགྲན་འདེམས་བྱེད་སྒོར་ཆབ་སྲིད་ཀྱི་རམས་འདེགས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་དང་། དེའི་ནང་ཐེ་རོན་ཕུ་དང་ཨུ་རུ་སུའི་ཙུང་ཐུང་ཧྥུ་ལ་ཅི་མིར་ ཕུ་ཅིང་ཐུག་འཕྲད་བྱ་རྒྱུའི་བཀོད་སྒྲིག་བྱས་པ་ཚུད་ཡོད་པའི་ཁས་ལེན་བྱས་ཡོད་པ་རེད།
             མི་ལེ་ཡིས་ཐེ་རོན་ཕུའི་འགྲན་འདེམས་ཚོགས་པས་ཨུ་རུ་སུ་དང་ལྐོག་འབྲེལ་བྱས་ཏེ་སྤྱི་ལོ་༢༠༡༦ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོར་ཐེ་ཇུས་བྱས་ཡོད་མེད་ཐད་བརྟག་དཔྱད་བྱས་ཚུན། ཐེ་རོན་ཕུ་འགྲན་འདེམས་ཚོགས་པའི་དེ་སྔའི་ཕྱི་འབྲེལ་སྲིད་ཇུས་ཀྱི་བློ་འདྲི་ཡུལ་ཆའོ་ཀྲི་ ཕ་ཕ་ཙོ་ཕུ་ལོ་སི་ནི་ཉེས་དོན་ཆད་པ་ཕོག་པའི་འགྲན་འདེམས་ཚོགས་པའི་བློ་འདྲི་ས་དང་པོ་དེ་ཡིན་པ་རེད། ཨ་རིའི་ཁྲིམས་ཁང་གིས་འདི་ལོའི་སྤྱི་ཟླ་༩པར་ཕ་ཕ་ཙོ་ཕུ་ལོ་སིས་དཔང་མི་རྫུན་མ་བྱས་པའི་ཐད་ཁྲུན་ཐག་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་ཁོ་པ་ཉིན་༡༤བཙོན་འཇུག་བྱ་རྒྱུ་དང་། ལོ་གཅིག་བཙོན་ཁང་ཕྱིར་དོ་དམ་བྱ་རྒྱུ། ཆུ་ཚོད་༢༠༠ཡི་རིང་སྡེ་ཁུལ་ཞབས་ཞུ་སྒྲུབ་རྒྱུ། དེ་བཞིན་ཨ་སྒོར་༩༥༠༠ཡི་ཆད་པ་གཅོད་རྒྱུ་བཅས་ཀྱི་ཁྲིམས་ཆད་བཅད་ཡོད་པ་རེད། ཐེ་རོན་ཕུ་དང་ཨུ་རུ་སུ་གཉིས་ཀས་ལྐོག་འབྲེལ་བྱས་པའི་ཁས་བླངས་མེད། ཕ་ཕ་ཙོ་ཕུ་ལོ་སིས་ན་ནིང་ཞིབ་དཔྱོད་ལས་ཁུངས་ལ་ནག་ཉེས་ངོས་ལེན་གྱི་གྲོས་ཆོད་བཞག་རྗེས། ཕོ་བྲང་དཀར་པོ་ཕྱོགས་ནས་ཁོ་དང་རྒྱང་ཐག་རིང་དུ་བཏང་བ་དང་། ཁོ་པ་ནི་འགྲན་འདེམས་ཚོགས་པའི་ནང་གི་ཁོངས་མི་ཕལ་པ་ཞིག་ཡིན་ཞེས་བཤད་ཡོད་པ་རེད།
             ཁོ་ཧེང་གིས་འདི་ལོའི་སྤྱི་ཟླ་༨པར་འགྲན་འདེམས་མ་དངུལ་བཅའ་ཁྲིམས་ལས་འགལ་བ་སོགས་སྐྱོན་འཛུགས་བྱས་པ་བརྒྱད་ཀྱི་ནག་ཉེས་ཁས་ལེན་བྱས་ཡོད། ཁོ་པས་རྒྱལ་ཕྲན་མཉམ་འབྲེལ་གྱི་གཞུང་ཞབས་པའི་འགྲན་འདེམས་མི་སྣ་ཞིག་གི་མངག་གཏོང་ལྟར། སྤྱི་ལོ་༢༠༡༦ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་འགྲན་འདེམས་རིང་བུད་མེད་གཉིས་ལ་ཁ་བཀག་པའི་གླ་རིན་སྤྲད་ནས་ཤུགས་རྐྱེན་ངན་པ་མི་ཡོང་བ་བྱས་ཡོད་པའི་ཁས་ལེན་བྱས་ཡོད།
             སྤྱི་ཚེས་༧ཉིན་ཡོངས་བསྒྲགས་བྱས་པའི་ཡིག་ཆའི་ནང་། ཁོ་ཧེང་གིས་ཁ་བཀག་པའི་གླ་རིན་སྤྲོད་པ་དེ་ཐེ་རོན་ཕུ་དང་གྲོས་མོལ་བྱས་ཡོད་པ་མ་ཟད་ཐེ་རོན་ཕུའི་མཛུབ་སྟོན་ཐོབ་ཡོད་ཅེས་བྲིས་ཡོད། རྒྱས་བཤད་དེ་དང་ཐེ་རོན་ཕུས་གནས་ཚུལ་ངོ་མ་ཤེས་ཀྱི་མེད་ཅེས་པའི་བཤད་སྟངས་གཉིས་གཅིག་པ་བསྡད་མེད་པ་རེད། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེའི་ཐོག་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐེངས་དང་པོར་ཐེ་རོན་ཕུ་ཐད་ཀར་ཁྲིམས་འགལ་བྱ་སྤྱོད་དང་འབྲེལ་བ་བྱས་པ་མཚོན་གྱི་ཡོད། ཨ་རིའི་འགྲན་འདེམས་མ་དངུལ་བཅའ་ཁྲིམས་ཀྱིས་འོས་མིས་འདེམས་བསྐོའི་གནས་ཚུལ་ལ་ཤུགས་རྐྱེན་ཐེབས་པའི་གཏོང་སྒོ་གོང་ཞུ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་དང་། ཐེ་རོན་ཕུའི་འགྲན་འདེམས་ཚོགས་པས་སྐབས་དེ་དུས་ཁྲིམས་ལྟར་གོང་ཞུ་བྱས་མེད་པ་རེད།
             ཁོ་ཧེང་ལ་ཁྲིམས་འདེགས་བྱེད་པའི་ཐད། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚེས་༧ཉིན། ཁོ་ཧེང་གིས་ཡུན་རིང་པོ་རྐང་ཚུགས་ནས་ཉེས་པ་ཚབས་ཆེན་བསགས་པ་གཞི་འཛིན་སར་བྱས་ཏེ། ཁོ་པའི་ཉེས་ཆད་དུས་ཡུན་ཉུང་མཐར་ཡང་ལོ་བཞི་སྔོན་དཔག་བྱས་ཡོད། ཁོ་ཧེང་གིས་ཁ་བཀག་པའི་གླ་རིན་གྱི་གྱོད་དོན་ཁྲོད་བརྟག་དཔྱད་ལ་རམས་འདེགས་བྱས་ཡོད་ཀྱང་དེས་གུ་ཡངས་གཏོང་བའི་ཚད་ལ་སླེབས་མེད་པ་རེད།
             ཁོ་ཧེང་ནི་དེ་སྔོན་དུས་ཡུན་རིང་པོའི་ནང་ཐེ་རོན་ཕུའི་མི་སྒེར་གྱི་ཁྲིམས་རྩོད་པ་བྱས་ཡོད་པ་དང་ཐེ་རོན་ཕུ་ཚོགས་པའི་ཡིད་ཆེས་ཆེན་པོ་ཐོབ་ཡོད། ཁོ་པའི་ཐེ་རོན་ཕུ་ཐོག་ཁང་གི་གཞུང་ལས་ཁང་དེ་ཐེ་རོན་ཕུའི་གཞུང་ལས་ཁང་གི་འགྲམ་དུ་ཡོད་པ་དང་། དེ་སྔོན་ཐེ་རོན་ཕུའི་འགྲན་འདེམས་ཚོགས་པར་ཨ་སྒོར་ས་ཡ་ཁ་ཤས་ཀྱི་མ་དངུལ་གྲབས་གསོག་བྱས་ཡོད་པ་རེད།
             ཐེ་རོན་ཕུ་ཚོགས་པའི་དེ་སྔའི་འགྲན་འདེམས་སྤྱི་གཉེར་མ་ན་ཧྥུ་ཐེ་དང་འབྲེལ་བ་ཡོད་པའི་ཡིག་ཆའི་ནང་། མ་ན་ཧྥུ་ཐེ་རང་ངོས་ནས་ཐེ་རོན་ཕུ་སྲིད་གཞུང་གི་ལས་གནས་ཐོག་ཡོད་པའི་དཔོན་རིགས་དང་འབྲེལ་བ་བྱས་མ་མྱོང་ཞེས་བཤད་ཡོད་ནའང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོ་པ་དང་ཐེ་རོན་ཕུ་སྲིད་གཞུང་གི་ལས་གནས་ཐོག་ཡོད་པའི་དཔོན་རིགས་མང་པོ་འབྲེལ་བ་ཡོད་པའི་དཔང་རྟགས་རྙེད་པ་དང་། དེའི་ནང་གློག་རྡུལ་ཡིག་ཆ་ཚུད་ཡོད། མ་གཞི་མ་ན་ཧྥུ་ཐེས་བརྟག་དཔྱད་ལ་གཞོགས་འདེགས་བྱེད་འདོད་ཡོད་པའི་རྣམ་པ་བསྟན་ཡོད་ཀྱང་། ཞིབ་དཔྱོད་ལས་ཁུངས་ནས་ཁོ་པས་དམ་བཅའ་རྒྱབ་སྐྱུར་བྱས་ཏེ། ནག་ཉེས་ངོས་ལེན་བྱས་རྗེས་ཀྱང་བརྟག་དཔྱད་མི་སྣར་རྫུན་གཏམ་ཐེངས་མང་བཤད་ཡོད་པའི་སྐྱོན་འཛུགས་བྱས་ཡོད།
             འདི་ཟླའི་ཚེས་༤ཉིན། དམིགས་བསལ་ཞིབ་དཔྱོད་དཔོན་ མི་ལེ་ཡིས་ཁྲིམས་ཁང་ལ་དེ་སྔའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་ཧྥུ་ལིན་གྱིས་ཨུ་རུ་སུ་དང་ལྐོག་འབྲེལ་བྱས་པའི་དོན་ལ་བརྟག་དཔྱད་བྱེད་སྐབས་རམས་འདེགས་བྱས་ཡོད་པས། བཙོན་འཇུག་བྱེད་མི་དགོས་པ་ཚུད་པའི་གུ་ཡངས་ཀྱི་ཁྲིམས་ཐག་གཅོད་རྒྱུའི་གྲོས་འགོ་བཏོན་ཡོད།
             ཧྥུ་ལིན་ནི་ཨ་རིའི་སྐམ་དམག་གི་དམག་ཞབས་འཐིམས་པའི་ཀྲུང་ཅང་དམག་དཔོན་ཡིན་པ་དང་། སྤྱི་ལོ་༢༠༡༦ལོར་ཨ་རིའི་ཙུང་ཐུང་འདེམས་བསྐོའི་ཁྲོད་ཐེ་རོན་ཕུའི་ཕྱོགས་སུ་ནུས་པ་འདོན་མཁན་ཡིན། ཐེ་རོན་ཕུས་སྤྱི་ལོ་༢༠༡༧ལོའི་ཟླ་བ་དང་པོར་འགན་བཞེས་དམ་བཅའ་བཞག་པ་དང་། ཧྥུ་ལིན་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་ལ་བསྐོ་བཞག་བྱས་ཡོད། སྤྱི་ལོ་༢༠༡༧ལོའི་ཟླ་བ་༢པར། ཨ་རིའི་གསར་འགྱུར་ལས་རིགས་ཀྱིས་ཧྥུ་ལིན་གྱིས་སྤྱི་ལོ་༢༠༡༦ལོའི་ཟླ་༡༢པར་ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཅི་སི་ལི་ཡ་ཁེ་དང་ཁ་པར་ཐེངས་གཉིས་བརྒྱབ་སྟེ་ཨ་རིའི་ཕྱོགས་ནས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་ཐད་གྲོས་མོལ་བྱས་པ་ཐེར་འདོན་བྱས་ཡོད། ཧྥུ་ལིན་གྱིས་ཉིན་འགའ་སོང་རྗེས་ལས་གནས་དགོངས་ཞུ་བྱས་པས་འགན་ཡུན་ཐུང་ཤོས་ཡིན་པའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་ལས་རོགས་དང་། ཐེ་རོན་ཕུ་སྲིད་གཞུང་གི་ལས་གནས་དགོངས་ཞུ་བྱེད་མཁན་དཔོན་རིགས་ཐོག་མ་དེར་གྱུར་ཡོད།
             ཧྥུ་ལིན་གྱིས་སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༢པར་ནག་ཉེས་ངོས་ལེན་བྱས་ཡོད་པ་དང་། ཅི་སི་ལི་ཡ་ཁེ་དང་ཁ་པར་བརྒྱབ་པའི་ནང་དོན་ཐད་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུད་ཀྱི་བརྟག་དཔྱད་མི་སྣར་རྫུན་གཏམ་བཤད་པ་ཁས་བླངས་ནས་ཨུ་རུ་སུ་དང་ལྐོག་འབྲེལ་བྱས་པའི་གནད་དོན་གྱི་བརྟག་དཔྱད་ལ་གཞོག་འདེགས་བྱ་འདོད་ཡོད་ཅེས་བསྟན་ཡོད། ཁྲིམས་ལུགས་ལས་རིགས་མི་སྣས། མི་ལེ་ཡིས་ཧྥུ་ལིན་ལ་ཁྲིམས་གཅོད་གུ་ཡངས་གཏོང་བའི་གྲོས་འགོ་འདོན་དགོས་དོན་ནི་ཕྱོགས་གཅིག་ནས་མ་ན་ཧྥུ་ཐེར་གནོན་ཤུགས་སྤྲོད་ཆེད་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་བརྟག་དཔྱད་བྱ་ཡུལ་གཞན་དག་ལ་ཆ་འཕྲིན་གལ་ཆེན་གཏོང་ཆེད་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།