ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕེང་ཕེ་ཨོ་ཡིས་ཨ་རིས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་གཏོང་བའི་རྒྱལ་སྤྱིའི་མཉམ་འབྲེལ་གྱི་སྟོབས་ཤུགས་ཉམས་ཞན་དུ་འགྲོ་མི་སྲིད་ཅེས་གསུངས་པ།

སྤེལ་དུས 2019-01-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨོ་ཡིས། ཨ་རིས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་དེས་ཨ་རིའི་གཙོ་ཁྲིད་བྱས་པའི་ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་གཏོང་བའི་རྒྱལ་སྤྱིའི་མཉམ་འབྲེལ་སྟོབས་ཤུགས་ཉམས་ཞན་དུ་འགྲོ་མི་སྲིད་ཅེས་གསུངས་པ་རེད། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ས་ཧྥ་ཏི་དང་ལྷན་དུ་སྤེལ་བའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་ཕེང་ཕེ་ཨོ་ཡིས། ཨ་རིའི་དམག་དཔུང་སི་རི་ཡ་ནས་ཕྱིར་འཐེན་བྱེད་རྒྱུའི་སྐོར་གྱི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡི་གཏན་འབེབས་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་གཏོང་བའི་རྒྱལ་སྤྱིའི་མཉམ་འབྲེལ་སྟོབས་ཤུགས་ཉམས་ཞན་དུ་འགྲོ་མི་སྲིད་ཅེས་གསུངས་པ་དང་། ཁོང་གིས་ད་དུང་། མ་འོངས་པའི་ཉིན་འགའ་དང་ཡང་ན་གཟའ་འཁོར་འགའི་ནང་། ཨ་རིས་ཕྱི་འབྲེལ་དང་དཔལ་འབྱོར་གྱི་ཐབས་ལམ་བརྒྱུད་དེ་མུ་མཐུད་དུ་དབྱི་རལ་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་ཞེས་གསུངས་པ་རེད།