ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨེ་ཅེབ་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཞིབ་འཇུག་ལྟེ་གནས་དང་པོ་དབུ་བརྙེས་པ།

སྤེལ་དུས 2019-01-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོའི་མི་དམངས་སློབ་ཆེན་དང་ཨེ་ཅེབ་ཀྱི་ཨེ་ཡིན་ཞ་མུའུ་སི་སློབ་ཆེན་གཉིས་ཀྱིས་མཉམ་དུ་སྐྲུན་པའི་རྒྱུད་གཅིག་ལམ་གཅིག་མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཚེས་༡༣ཉིན་ཨེ་ཡིན་ཞ་མུའུ་སི་སློབ་ཆེན་དུ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་དང་། ཨེ་ཅེབ་ཀྱི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་ལྟེ་གནས་དང་པོ་དངོས་སུ་དབུ་བརྙེས་པ་མཚོན་ཡོད་པ་རེད།
            ཨེ་ཅིབ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་སོན་ཨེ་གོ་ཡིས་ཞིབ་འཇུག་ལྟེ་གནས་དབུ་བརྙེས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གིས། ཞིབ་འཇུག་ལྟེ་གནས་དབུ་བརྙེས་པ་ཡིས་ཀྲུང་གོ་དང་ཨེ་ཅེབ་རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་དང་འབྲེལ་ཡོད་ཀྱི་གྲོས་འགོའི་རིག་གཞུང་གྲུབ་འབྲས་ལ་མཉམ་སྤྱོད་བྱེད་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་གོ་སྐབས་སྔར་བས་མང་པོ་འདོན་སྤྲོད་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
            ཨེ་ཅེབ་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་པུའུ་ཀྲང་འབུམ་རམས་པ་ཅ་ཧྥ་ཡིས། རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་ནི་ཧ་ཅང་གལ་འགངས་ཆེ་བའི་ཞིབ་འཇུག་ཅིག་ཡིན་པ་དང་། ཨེ་ཅེབ་ནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་གྲུབ་འབྲས་ལ་རེ་བས་ཁེངས་ཡོད་ཅེས་བརྗོད་ཡོད་པ་རེད།