ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལིད་ཡོན་ནས་ཧྥེན་ལན་ཙུང་ཐུང་གི་སྐུ་ཟླ་ཧའོ་ཅི་ཨོའུ་དང་རོལ་དབྱངས་སྙན་ངག་སྤྲོ་ཚོགས་ལ་གཟིགས་པ།

སྤེལ་དུས 2019-01-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལིད་ཡོན་ནས་སྤྱི་ཚེས་15ཉིན་ཧྥེན་ལན་ཙུང་ཐུང་གི་སྐུ་ཟླ་ཧའོ་ཅི་ཨོའུ་དང་པེ་ཅིན་གྱི་ཆན་མེན་པེ་ཅིན་ཧྥང་དུ་རོལ་དབྱངས་སྙན་ངག་སྤྲོ་ཚོགས་གཟིགས་གནང་ཡོད། ཕེང་ལིད་ཡོན་གྱིས་གཡས་དབྱི་ཐང་ཚོམས་ཆེན་གྱི་ཕྱག་དཔེ་ཁང་དུ་ཧའོ་ཅེ་ཨོའུ་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྣེ་ལེན་ཞུས་པ་དང་། ཁོང་གཉིས་པོས་ཕྱག་དཔེ་ཁང་གི་བརྗོད་དོན་གཙོ་བོའི་ཁྱབ་ཁོངས་ཁག་ལ་གཟིགས་སྐོར་གནང་སྟེ་འབྲེལ་ཡོད་པེ་ཅིན་ཧྥེང་དང་ཕྱག་དཔེ་ཁང་གི་ངོ་སྤྲོད་གསན་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་ཟླ་རྣམ་གཉིས་ནས་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད། ཕེང་ལིད་ཡོན་ནས་ཧའོ་ཅི་ཨོའུ་ལ་ཆན་མེན་ཏ་ཀྲ་ལན་ས་ཁུལ་གྱི་ལོ་རྒྱུས་དང་ཉམས་གསོའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
           ཕྱག་དཔེ་ཁང་གི་ཐོག་རྩེག་གསུམ་པར། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུ་ཟླ་རྣམ་གཉིས་ནས་གསོལ་ཇ་མཆོད་ཀྱིན་པེ་ཅིན་ཕྱི་སྐད་སློབ་ཆེན་དང་ཀྲུང་གོའི་རོལ་དབྱངས་སློབ་གླིང་གི་དགེ་སློབ་ཚོས་འཁྲབ་སྟོན་གནང་བའི་ངོ་མཚར་ཆེ་བའི་འཁྲབ་སྟོན་གཟིགས་གནང་ཡོད། སློབ་མ་ཚོས་ཧའོ་ཅི་ཨོའུ་ནས་གསར་རྩོམ་གནང་སྟེ་བྱ་དགའ་ཐོབ་པའི་སྙན་ངག་སྐད་གསང་མཐོན་པོས་གྱེར་འདོན་གནང་བ་མ་ཟད། ཀྲུང་གོའི་གནའ་བོའི་སྙན་ངག་དཔྱིད་དཔལ་རབ་ཏུ་བཞད་ཅེས་པ་དང་ཧྥེང་ཆོའུ་ཧོང་ཞེས་པ་གྱེར་ཀློག་གནང་ཡོད། ཨོག་ལེན་ཆུང་བ་དང་ཀང་ཆིན་ཐོག་ནས་ཧྥེན་ལན་གྱི་གཞས་གདངས་རྩོམ་མཁན་ཞི་པེ་ལེའུ་སིའི་བརྩམས་ཆོས་དཀྲོལ་གཏོང་གནང་ཡོད་པ་རེད།