ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་བརྙན་འཕྲིན་གཟའ་འཁོར་ཞེས་པ་དབྱི་ཐ་ལིར་འཚོགས་པ།

སྤེལ་དུས 2019-03-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད། རིན་ཆེན་དབང་འདུས།
             ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིར་འཚམས་འདྲི་གནང་བཞིན་པའི་སྐབས་འདིར། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དབྱི་ཐ་ལིའི་སྨྱན་སྦྱོར་ཚན་པ་གཙོ་བོ་གསུམ་གྱིས་མཉམ་འབྲེལ་ཐོག་ཀྲུང་གོའི་བརྙན་འཕྲིན་གཟའ་འཁོར་ཞེས་པའི་བྱེད་སྒོ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༡ཉིན་སྤེལ་འགོ་བཙུགས་ཡོད་པ་རེད། ཀྲུང་གོའི་བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་དང་། དངོས་མཚོན་ལེ་ཚན། བརྙན་འཕྲིན་འཁྲབ་ཚན་བཅས་ལེ་ཚན་༢༠ལྷག་དབྱི་ཐ་ལིའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སི་དང་། དབྱི་ཐ་ལིའི་ཚོང་ལས་སྨྱན་སྦྱོར་ཚོགས་པ་ཆེ་ཤོས་མའེ་ཏི་ཡ་སའེ་ཐེ་སྨྱན་སྦྱོར་ཚོགས་པ། དབྱི་ཐ་ལིའི་སྨྱན་སྦྱོར་སྣེ་ཁྲིད་ཁེ་ལས་ཁེ་ལ་སི་སྨྱན་སྦྱོར་ཚོགས་པའི་ཁོངས་གཏོགས་ཀྱི་བརྙན་འཕྲིན་འཕྲིན་ལམ་དང་། སྨྱན་སྦྱོར་གསར་པའི་སྟེགས་བུའི་ཐོག་གཅིག་མཇུག་གཉིས་མཐུད་དུ་བསྟན་ཡོད་པ་རེད།
             དེ་དག་ཁྲོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་དང་ཕབ་སྒྱུར་བྱས་པའི་ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག་ཅེས་པ་དང་། གལ་ཏེ་རྒྱལ་ནོར་གྱིས་སྐད་ཆ་ཤོད་ཤེས་ན་ཞེས་པ། གསར་གཏོད་ཀྱི་ཀྲུང་གོ་ཞེས་པ་བཅས་ལེ་ཚན་གསུམ་སྤྱི་ཚེས་༢༡ཉིན་མའེ་ཏི་ཡ་སེ་ཐེ་སྨྱན་སྦྱོར་ཚོགས་པ་དང་། ཁེ་ལ་སི་སྨྱན་སྦྱོར་ཚོགས་པའི་བརྙན་འཕྲིན་འཕྲིན་ལམ་དང་། མཁོ་མཁན་ཕྱོགས་ཀྱི་མཐའ་སྣེ། དྲ་ཚིགས་བཅས་ཀྱི་སྟེང་ཐོག་མར་བསྟན་ཡོད་པ་རེད།
             ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་དང་དབྱི་ཐ་ལིའི་མཉམ་ལས་བྱ་ཡུལ་སྨྱན་སྦྱོར་ལས་ཁུངས་ཀྱི་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
             ཀྲུང་གོའི་བརྙན་འཕྲིན་གཟའ་འཁོར་ཞེས་པས་འགྲེམས་སྟོན་བྱས་པའི་བརྙན་འཕྲིན་ལེ་ཚན་ཚང་མ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཉེ་ལམ་ལོ་ཤས་རིང་བཏོན་པའི་མ་རྩོམ་བརྩམ་བྱ་རྩེ་གྲ་ཤ་སྟག་ཡིན། དཔེར་ན་རིག་གནས་ཆེད་སྒྲིག་ལེ་ཚན། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག་ཅེས་པ་བསྟན་ནས་ཟླ་བ་ལྔ་སོང་རིང་། སྐད་རིགས་མི་འདྲ་བ་དྲུག་ལ་ཕབ་ནས་བསྟན་ཡོད་པ་དང་། ཕྱི་རྒྱལ་གྱི་གཟིགས་མོ་བ་ཚོའི་ཁྲོད་ཡོངས་ཁྱབ་ཐོག་གདེང་འཇོག་ཡག་པོ་ཐོབ་ཡོད། གལ་ཏེ་རྒྱལ་ནོར་གྱིས་སྐད་ཆ་ཤོད་ཤེས་ན་ཞེས་པ་ནི་ཀྲུང་གོའི་རྒྱལ་ནོར་རིམ་པའི་རིག་དངོས་བརྗོད་གཞིར་བྱས་པའི་དངོས་མཚོན་གློག་བརྙན་ཞིག་ཡིན་པ་དང་། ཟིན་ཐོ་ཆུང་ངུའི་བྱེད་ཐབས་བརྒྱུད། གཟིགས་མོ་བར་རིག་དངོས་ཀྱི་རྒྱབ་ཏུ་ཡོད་པའི་ཀྲུང་ཧྭ་ཡི་གཏིང་ཟབ་པའི་ལོ་རྒྱུས་དང་ངོ་མཚར་ཆེ་བའི་གཏམ་རྒྱུད་བསྟན་ཡོད། གསར་གཏོད་ཀྲུང་གོ་ཞེས་པས་དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་གྲུབ་འབྲས་གསར་ཤོས་དང་གསར་གཏོད་སྙིང་སྟོབས། འཚོལ་ཞིབ་ལག་ལེན་བཅས་ཞིབ་ཏུ་བཤད་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་མི་ཐབས་རིག་ནུས་ལ་བརྟེན་ནས་སྒྲ་སྦྱོར་བྱས་པའི་དངོས་མཚོན་གློག་བརྙན་ཐོག་མ་དེ་ཡིན། གཞན་ཡང་། ད་དུང་ཀྲུང་གོར་གསན་གཟིགས་བྱེད་མཁན་ཅུང་མང་བ་དང་བསྟོད་བསྔགས་ཐོབ་པའི་དངོས་མཚོན་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཁག་ཅིག་ཀྱང་བརྙན་འཕྲིན་གཟའ་འཁོར་རིང་དབྱི་ཐ་ལིའི་གཟིགས་མོ་བར་སྟོན་བཞིན་ཡོད།
             དབྱི་ཐ་ལི་ནི་གནའ་བོའི་དར་གོས་ལམ་བུའི་ས་ཁོངས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་ཧུར་ཐག་ངང་ཞུགས་ཡོད། ད་ཐེངས་འགྲེམས་སྟོན་བྱེད་སྒོར་ཞུགས་པའི་དབྱི་ཐ་ལིའི་སྨྱན་སྦྱོར་ཚོགས་པ་གསུམ་གྱི་འགན་འཁུར་བས། ཀྲུང་གོའི་བརྙན་འཕྲིན་གཟའ་འཁོར་གཉེར་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་དང་བརྩེ་སེམས་སྤེལ་རེས་ཟབ་ཏུ་འགྲོ་རྒྱུ་དང་། དབྱི་ཐ་ལིའི་མང་ཚོགས་ནས་དུས་རབས་གསར་པའི་ཀྲུང་གོའི་འདས་སོང་དང་། ད་ལྟ། འབྱུང་འགྱུར་བཅས་ལ་ཉམས་རྟོགས་དེ་བས་མང་བ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
             ཀྲུང་གོའི་བརྙན་འཕྲིན་གཟའ་འཁོར་ཞེས་པའི་བྱེད་སྒོའི་ཐོག ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ད་དུང་དབྱི་ཐ་ལིའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སི་དང་། མའེ་ཏི་ཡ་སའེ་ཐེ་སྨྱན་སྦྱོར་ཚོགས་པའི་བར་ཁག་སོ་སོར་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་དེ། ཆ་འཕྲིན་སྤེལ་རེས་དང་། མི་སྣའི་འགྲོ་འོང་། ལེ་ཚན་པར་ལེན་གྱི་མཉམ་ལས་སོགས་ཁྱབ་ཁོངས་མང་པོའི་ནང་སྤེལ་རེས་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་ངོས་འཛིན་གཅིག་མཐུན་ཡོང་ཆེད་རིག་གནས་ཀྱི་སྦྲེལ་ཟམ་ཞིག་གཏོད་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།