དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་ནས་ནན་སྟོན་འདི་འདྲ་ཞིག་གནང་འདུག

སྤེལ་དུས 2020-04-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་། མཁའ་རླུང་གཙང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་བ་དང་། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་བར་མཐོངས་རྒྱ་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་ཆེད་དུ་ཤིང་འཛུགས་ནགས་གསོ་བྱེད་པ་བཅས་བྱས་ཏེ། རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་མཁའ་རླུང་གཙང་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་གཏོད་དགོས་ཞེས་ནན་བཏོན་གནང་ཡོད། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་ངང་བསྐྲུན་བཞིན་ཡོད་པ་རེད།
          ཧུའུ་ནན་གྱིས་འབྲི་ཆུའི་འགྲམ་རྒྱུད་ལ་དམིགས་ནས། མཚོ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བྱེད་བཞིན་ཡོད། འབྲི་ཆུའི་ཧུའུ་ནན་ཡུའེ་ཡང་དུམ་མཚམས་སུ། ཆུ་རགས་ཕྱིའི་གཅེར་བུར་ལུས་པའི་གྲམ་ཐང་དང་རགས་ཆེན་ནང་གི་ནགས་སར་ལྗོན་ཤིང་དང་རྩྭ་ཤུན་བཏབ་ཡོད་པ་དང་། འབྲི་ཆུའི་རྒྱུད་ཀྱི་མཐོང་ཐུབ་པའི་ཁྱབ་ཁོངས་ནང་གི་ནགས་ས་དང་། གཏེར་ཁུལ། གཅེར་བུར་ལུས་པའི་རི་ངོས་བཅས་ལ་རྩྭ་རྩེ་ཤིང་ཁེབས་ཚད་90%ཡན་ཟིན་ཡོད་པ་རེད། ཡུའེ་ཡང་གྲོང་ཁྱེར་གྱི་གྲུ་ཁ་དང་མཚོ་ཐོག་སྐྱེལ་འདྲེན་དོ་དམ་སུའོ་ཡི་འགོ་འཛིན་གཞོན་པ་དབྱི་ཡན་ཧུའེ་ཡིས། མིག་སྔར་སྐྱེད་ཚལ་འཛུགས་སྐྲུན་ལས་གྲྭ་ལེགས་གྲུབ་ཟིན་པ་དང་། མཛེས་ལྗོངས་ཀྱི་ཆུ་འདྲེན་ཆུ་འབུད་སྔོན་དཔག་བྱས་ན་སྤྱི་ཟླ་4པའི་ཚེས་15ཉིན་ཚང་མ་ལས་མཇུག་འགྲིལ་རྒྱུ་རེད། སྔོ་ཁེབས་འདེབས་འཛུགས་བྱས་པ་བརྒྱུད་ས་ཆུ་ཤོར་རྒྱུ་སྔོན་འགོག་ཐུབ་ཡོད་པས། འབྲི་ཆུའི་ངོགས་ཀྱི་སྣོད་བཅུད་སྲུང་སྐྱོང་ཐད་ནུས་པ་དེ་བས་ཆེ་བ་ཐོན་ཡོད་ཅེས་གསུངས་ཡོད་པ་རེད།
          ཧྲན་ཏུང་དུ། སྤྱི་ལེ་9ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་2དང་བྱེ་བ་1བཏང་ནས་ཇུས་འགོད་བྱས་པའི་ཐའེ་ཨན་གྲོང་ཁྱེར་ཏུང་ཕིང་རྫོང་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་རྩི་ཤིང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ཀྱི་དུས་མཚམས་དང་པོའི་ལས་གྲྭ་ཛ་དྲག་ངང་སྐྲུན་བཞིན་ཡོད་པ་དང་ཉེ་དུས་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། ཐའེ་ཨན་གྲོང་ཁྱེར་ཏུང་ཕིང་རྫོང་སྣོད་བཅུད་ནགས་ལས་འཕེལ་རྒྱས་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏུང་ཀོང་ཁྲུན་གྱིས། རྣམ་གྲངས་བསྐྲུན་གྲུབ་རྗེས། ཏུང་ཕིང་མཚེའུའི་ས་ཆུ་སྲུང་འཛིན་དང་། ཆུ་སྤུས་ལེགས་སྒྱུར། སྣོད་བཅུད་སྲུང་སྐྱོང་བཅས་ལ་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
          ལུའེ་ལེའང་ཧྲན་སྣོད་བཅུད་སླར་གསོའི་གཙོ་གནད་བཅོས་སྒྲིག་ས་ཁོངས་ཡིན་པའི་ཧྲན་ཞི་ཞིང་ཆེན་ཁེ་ལན་རྫོང་གིས་དུད་ཚང་དབུལ་པོ་གཙོ་བོར་བྱས་ནས་བཙུགས་པའི་ནགས་གསོའི་ཆེད་ལས་མཉམ་ལས་ཁང་གིས་གཞི་ཁྱོན་ཅན་དང་མཉམ་ལས་ཅན་གྱི་རྣམ་པའི་ཐོག་ནས། རི་རྒོད་ཐོག་གཅིག་སྡུད་ནགས་གསོ་དང་། ཞིང་དོར་ནགས་གསོ། དཔལ་འབྱོར་ནགས་ཚལ་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་སོགས་ཀྱི་ལས་གཞི་ལག་ལེན་བསྟར་ནས། སྔར་བས་སྔོ་ལྗང་ལྡན་པ་དང་ཡོང་འབབ་ཀྱང་འཕར་སྣོན་ཡོང་བ་བྱེད་བཞིན་ཡོད་པ་རེད། ཧྲན་ཞི་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུན་ལུང་གིས། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པའི་རྨང་གཞིའི་ཐོག གསར་སྤེལ་རྣམ་པའི་ནགས་གསོ་དང་ཉོ་སྒྲུབ་རྣམ་པའི་ནགས་གསོ་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་བྱས་པའི་ནང་ཆེད་ལས་མཉམ་ལས་ཁང་སོགས་ནགས་ལས་འཕེལ་རྒྱས་ལ་ཕན་འབྲས་ཆེན་པོ་ཐོན་པའི་ལམ་སྲོལ་ཚུད་ཡོད་ཅེས་གསུངས་ཡོད་པ་རེད།
          ཤིན་ཨན་ཅང་གཙང་པོ་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྣོད་བཅུད་སྲུང་ར་གལ་ཆེན་ཞིག་རེད། འདི་ལོ་ཚུན་དུ། ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་གིས་ཞིང་དོར་ནགས་གསོ་དང་བརླན་གསོ་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཤིན་ཨན་ཅང་གཙང་པོའི་ཆུ་ཁ་སྨི་108མན་གྱི་ས་ཞིང་ལོ་ཏོག་འདེབས་མཚམས་འཇོག་རྒྱུ་ལག་བསྟར་གཏིང་ཟབ་བྱས་ཡོད་པ་དང་། དང་བླངས་པ་བརྒྱ་ཕྲག་ཁ་ཤས་ཀྱིས་ཤིན་ཨན་ཅང་གཙང་པོའི་འགྲམ་དུ་འོས་འགན་ཤིང་འཛུགས་ནགས་གསོའི་བྱེད་སྒོ་སྤེལ་ཡོད། དང་བླངས་པ་ཧུང་ཧྥན་གྱིས། འོས་འགན་ཤིང་འཛུགས་བྱེད་སྒོས་ང་ཚོའི་རང་བྱུང་ཁམས་ལ་སྔོ་ལྗང་དང་སྐྱེ་སྟོབས་སྦྱིན་ཐུབ་པ་མ་ཟད། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལ་འགྲེལ་བཤད་དེ་བས་ཡག་པ་བྱས་ཡོད་ཅེས་གསུངས་ཡོད་པ་རེད། 
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས། ལྗང་མདོག་ལ་དགའ་བ་དང་། ལྗང་མདོག་འཛུགས་པ། ལྗང་མདོག་སྲུང་སྐྱོང་བཅས་བྱ་རྒྱུ་དེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།
          ཧོ་ནན་གྱིས་རྨ་ཆུའི་ལས་གྲྭའི་ཤིང་འཛུགས་ནགས་གསོ་བྱ་རྒྱུ་དེ་ཞིང་ཆེན་དེ་ཡོངས་ཀྱི་ལྗང་འགྱུར་འཆར་འགོད་ནང་བཅུག་ནས། རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་རགས་དེ་མཛེས་ལྗོངས་ཀྱི་ཕན་འབྲས་དང་། སྣོད་བཅུད་ཀྱི་ཕན་ནུས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ལེགས་སྒྱུར་ཁུལ་ཞིག་ཏུ་བསྐྲུན་ཡོད། མིག་སྔའི་བར། རྨ་ཆུའི་ནགས་ཤིང་ཁྲི་1200ལྷག་ཙམ་ཐོག་མའི་ཆ་ནས་རྨ་ཆུ་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་དུ་གྱུར་ཡོད། ཧོ་ནན་རྨ་ཆུའི་ཆུ་དོན་ཅུས་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་བརྟག་ཞིབ་པ་ལུའེ་རུའེ་ཅེས། རྨ་ཆུའི་ཆུ་རགས་བརྒྱུད་སྣོད་བཅུད་ནགས་ཚལ་ཁུལ་ཞིག་ཆགས་ཡོད་པ་དང་། བསྐྲུན་གྲུབ་རྗེས་ཆུ་ལོག་སྔོན་འགོག་གི་ནུས་པ་ཆེ་རུ་འགྲོ་རྒྱུ་མ་ཟད། རྨ་ཆུའི་སྨད་རྒྱུད་དུ་ཞེང་ཚད་སྨི་200ཡོད་པ་དང་རིང་ཚད་སྤྱི་ལེ་བརྒྱ་ཕྲག་ཟིན་པའི་སྣོད་བཅུད་འགོག་སྲུང་ནགས་ཚལ་ཁུལ་ཞིག་ཆགས་ནས། རླུང་འགོག་བྱེ་འཇགས་དང་གནམ་གཤིས་སྙོམས་སྒྲིག་བྱེད་པའི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཏུ་གྱུར་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
          ཉེ་བའི་ལོ་ཤས་རིང་། ཧྲའན་ཞི་ཞིང་ཆེན་གྱིས་ཤིང་འཛུགས་ནགས་གསོ་དང་རླུང་འགོག་བྱེ་འཇགས་བྱས་པ་བརྒྱུད། ལྗང་མདོག་པར་གཞི་བྱང་ཕྱོགས་སུ་སྤྱི་ལེ་400ལྷག་ཙམ་སྐུལ་འདེད་བཏང་བས། ཧྲའན་པེ་ཡི་ཡུས་ལིན་དང་ཡན་ཨན་སོགས་སུ་ནགས་ཚལ་ཁྱབ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཧྲའན་ཞི་ཞིང་ཆེན་ནགས་ལས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏང་ཧྲོང་རེན་གྱིས། བྱེ་འགྱུར་ས་ཆའི་རྒྱ་ཁྱོན་མུའུ་ཁྲི་1569ཉུང་དུ་ཕྱིན་པ་དང་། བྱེ་ས་ཚང་མར་བཅོས་སྒྲིག་ནུས་ལྡན་ཐུབ་ནས། བྱེ་མ་མང་དུ་ཕྱིན་ནས་མི་ཕྱིར་འཐེན་བྱས་པ་ནས་སྔོ་ལྗང་དུ་འགྱུར་ཚད་ཆེ་རུ་ཕྱིན་ནས་བྱེ་མ་ཉུང་དུ་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།
          ཅང་ཞི་ཞིང་ཆེན་ཨན་ཧྥུ་རྫོང་དུ། རྒྱལ་སྤྱིའི་ལྕགས་གཏེར་ཁྲོམ་རར་གཡོ་འགུལ་ཐེབས་པ་དང་དེ་བཞིན་རྒྱལ་ནང་གི་ཐོན་ལས་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན་ནས། ལྕགས་གཏེར་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་ཐོན་སྐྱེད་བྱེད་མཚམས་བཞག་ཡོད། དེའི་ཐད། ཨན་ཧྥུ་རྫོང་གིས་ཉེན་ཁ་གོ་སྐབས་སུ་བརྩིས་ཏེ་གཏེར་ཁུལ་ལྗང་འགྱུར་དང་གཏེར་སྙིགས་མཛོད་ལྗང་འགྱུར། བསྐྱར་དུ་ས་སྦོལ་རྒྱག་པ་སོགས་སྣོད་བཅུད་བཅོས་སྐྱོང་ལས་གཞི་ལག་ལེན་བསྟར་ཡོད། གཏེར་རིའི་སྔོ་ཁེབས་མུའུ་9000ལྷག་སླར་གསོ་བྱས་པ་དང་། ལྕགས་གཏེར་ཁུལ་གྱི་སྔོག་འདོན་བྱས་ཚར་བའི་ཁུལ་བཅུ་ཆ་དགུ་བསྐྱར་དུ་ལྗང་འགྱུར་བྱས་ཡོད། ཨན་ཧྥུ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཝང་ཐའོ་ཡོན་གྱིས། འཕེལ་རྒྱས་དང་སྣོད་བཅུད་ཀྱི་མ་མཐའི་ཚད་གཞི་གཉིས་མཐའ་གཅིག་ཏུ་བསྲུངས་ནས། ལྗང་མདོག་གཏེར་རི་གཏོད་པའི་ལས་དོན་དེ་མང་ཚོགས་ཀྱི་དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་མེ་ཏོག་དང་། ཤིང་འབྲས། མཛེས་ལྗོངས་བཅས་ལོངས་སུ་སྤྱོད་ཐུབ་པའི་ཤིང་རིགས་བཙུགས་པ་བརྒྱུད་མང་ཚོགས་ལ་སྔོ་ལྗང་རི་ཆུ་ཕྱིར་སྤྲོད་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།