དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་བ།

སྤེལ་དུས 2020-04-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཁོར་རྒྱུག་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
          སྤྱི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་རྒྱལ་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་བྱས་པའི་སྙན་སེང་གསན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཁོར་རྒྱུག་དུས་བབ་ལ་དབྱེ་ཞིབ་གནང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
          ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ་སྔར་བས་བརྟན་དུ་སོང་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་འཕེལ་རིམ་གལ་ཆེན་ཐོན་པ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཁོར་རྒྱུག་སྒྲིག་ལམ་གང་མགྱོགས་སླར་གསོ་འབྱུང་བཞིན་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཐོག་རིམས་ནད་རྒྱུན་མཐུད་འགོས་ཁྱབ་འགྲོ་བ་དེས་འཛམ་གླིང་དཔལ་འབྱོར་འཕར་ཤུགས་ཆག་པའི་ཉེན་ཁ་ཚབས་ཇེ་ཆེར་སོང་བ་དང་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་སོང་ཡོད། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཐད་ཕྱི་ནས་ནད་ཡམས་འགོས་ཡོང་བ་བཀག་འགོག་བྱེད་པའི་གནོན་ཤུགས་ཟམ་མི་ཆད་པར་ཇེ་ཆེར་སོང་ཞིང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བཅས་ལ་དཀའ་ངལ་དང་འགྲན་རྩོད་གསར་པ་འཕྲད་བཞིན་ཡོད། ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་རིམས་ནད་དང་འཛམ་གླིང་དཔལ་འབྱོར་དུས་བབ་མདུན་དུ་ང་ཚོས་མ་མཐའི་རིག་ལམ་རྒྱུན་འཁྱོངས་ཀྱིས་ ཕྱི་ཕྱོགས་ཀྱི་ཁོར་ཡུག་འགྱུར་བར་ཁ་གཏད་ཡུན་རིང་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང་། ཕྱི་ནས་ནད་ཡམས་འགོས་ཡོང་བ་བཀག་འགོག་དང་ནང་དུ་ནད་ཡམས་བསྐྱར་ལོག་བྱེད་པ་འགོག་པའི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་ཤོར་བ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཡོང་བར་གང་མགྱོགས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་འཕྲད་པའི་དཀའ་ངལ་དང་གནད་དོན་གང་མགྱོགས་ཐག་གཅོད་བྱེད་པ། རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཆུང་ཤོས་སུ་གཏོང་རྒྱུར་བརྩོན་ལེན་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་དམག་འཐབ་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། རྒྱལ་ཕྱི་རྒྱལ་ནང་གི་རིམས་ནད་དུས་བབ་ཀྱི་འགྱུར་བར་དོ་ཁུར་ཟབ་མོ་བྱེད་དགོས་པ་དང་། ཕྱི་ནས་ནད་ཡམས་འགོས་ཡོང་བ་བཀག་འགོག་དང་ནང་དུ་ནད་ཡམས་བསྐྱར་ལོག་རྒྱག་པ་འགོག་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་ལས་ལྷག་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་དུས་ཐོག་ཏུ་བཟུང་བ། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་བརྟན་དུ་གཏོང་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་སྟོབས་ཤུགས་གཅིག་སྡུད་ཀྱིས་ནད་ཚབས་ལྕི་བའི་ནད་པར་ཚན་རིག་དང་མཐུན་པ་དང་གནད་ལ་འཕིགས་པའི་སྐྱོབ་བཅོས་ཡག་པོ་བྱེད་དགོས་པ་དང་། སྨན་ཁང་ནས་དོན་པའི་ནད་པར་ལྟ་རྟོག་དང་བསྐྱར་དུ་བརྟག་དཔྱད་བྱེད་པའི་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབ་དགོས། སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་བྱ་ཐབས་ལེགས་སྒྱུར་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་སྲུང་ར་བརྟན་དུ་གཏོང་དགོས། ས་གནས་ཁག་དང་ལྷག་པར་དུ་ཧུའུ་པེ་ཞིང་ཆེན་ཉེ་འཁོར་གྱི་ཞིང་ཆེན་ཁག་གིས་ཆ་འཕྲིན་འབྲེལ་གཏུག་མཉམ་སྤྱོད་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་ལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་སྣའི་དོ་དམ་ཚོད་འཛིན་དང་བདེ་ཐང་ལག་ཁྱེར་ཕན་ཚུན་ཁས་ལེན་བྱེད་པ་སོགས་ཀྱི་ཐད་སྲིད་ཇུས་གཅིག་གྱུར་དང་ཚད་གཞི་གཅིག་གྱུར་བཟོ་དགོས། རྒྱལ་སའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་དགོས། ས་གནས་ཁག་གིས་ནད་རྟགས་མེད་པའི་ནད་པར་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་བ་སྔར་བས་བརྟན་དུ་བཏང་ནས་རིམས་ནད་བསྐྱར་ལོག་རྒྱག་ཉེན་ཡོད་པའི་རྒྱུ་རྐྱེན་ཚང་མ་བཀག་འགོག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          གྲོས་ཚོགས་ཐོག་སྐམ་མཚོའི་འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ནས་ནད་ཡམས་འགོས་ཡོང་བ་བཀག་འགོག་བྱེད་པའི་ཉམས་ཞན་ལྷུ་ཚིགས་ཁག་གང་མགྱོགས་གསབ་དགོས། མཐའ་མཚམས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་མཁན་མི་སྣ་དང་དངོས་རྫས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲོད་བསྟེན་རིམས་བཤེར་དང་། རིམས་འགོག་དངོས་པོ། སྨན་དོན་མི་སྣའི་སྟོབས་ཤུགས། ལོགས་དབྱེའི་ཆ་རྐྱེན་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་མཐུན་སྦྱོར་གྱིས་ཐག་གཅོད་ཡག་པོ་བྱེད་དགོས། མངའ་ཁོངས་ནང་འཛུལ་མཁན་ཚང་མར་ཉིན་14རིང་གཅིག་སྡུད་ཐོག་ལོགས་སུ་དབྱེ་བའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཚད་གཞི་ཆེ་ཤོས་ཐོག་ནས་ཕྱི་རྒྱལ་ནས་ཡོང་བ་དང་འབྲེལ་བ་ཡོད་པའི་རང་ས་ཁུལ་གྱི་ནད་དཔེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་བྱས་ཏེ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།
          གྲོས་ཚོགས་ཐོག་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ཐད་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁ་ཚ་དགོས་གཏུག་བསམ་པ་ཤུགས་ཆེར་གཏོང་བ་དང་། ཡུལ་དུས་གཉིས་ལ་བསྟུན་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སྒྱུར་བྱེད་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཕན་ཐོགས་ཡོད་པའི་ཆ་རྐྱེན་བསྐྲུན་པ། གོ་སྐབས་མི་ཤོར་བར་ཐོན་ལས་འཁོར་རྒྱུག་དང་། ཁྲོམ་རའི་འཁོར་རྒྱུག དཔལ་འབྱོར་སྤྱི་ཚོགས་འཁོར་རྒྱུག་བཅས་བདེ་བགྲོད་ཐུབ་པ་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་ལས་རིགས་དང་ཁེ་ལས་འབྲིང་ཆུང་ལ་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཁྲོམ་ར་ཁག་དང་ཁྲོམ་རའི་ལས་འགོ་བསྐྱར་འཛུགས་དང་ཁྲོམ་ར་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། འཚོ་བའི་ཞབས་ཞུའི་ལས་རིགས་རྒྱུན་གཏན་ལྟར་ལས་གཉེར་བྱ་རྒྱུར་སྐུལ་འདེད་དང་། གྲོང་མིའི་འཛད་སྤྱོད་རྒྱ་ཆེར་ཧུར་ཐག་གཏོང་བ། མ་འཇོག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། མཁོ་སྤྲོད་མཉམ་འགུལ་ཡག་པོ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།
          གྲོས་ཚོགས་ཐོག་དམངས་ཀྱི་འཚོ་བའི་ལས་དོན་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རང་རྒྱལ་གྱི་ཞིང་ལས་ལ་ལོ་བསྟུད་མར་ལོ་ལེགས་བྱུང་བ་དང་འབྲུ་རིགས་གསོག་འཇོག་འདང་ངེས་ཡོད་པས་འབྲུ་རིགས་དང་གལ་ཆེའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་པའི་ནུས་པ་ལྡན་ཡོད། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་དང་། འབྲུ་རིགས་ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཕག་ཤ་དང་སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་འཁོར་རྒྱུག་སྒྲིག་འཛུགས་ཡག་པོ་བྱེད་པ། ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་དང་འཆི་གོད་གྱོང་གསབ་སོགས་ཀྱི་འགན་སྲུང་ཚད་གཞི་འོས་འཚམ་གྱི་མཐོ་རུ་བཏང་ཐོག་རིམས་ནད་དང་ནད་གཞི་ཕོག་པའི་དབང་གིས་དཀའ་ངལ་ཁྲོད་ལྷུངས་པའི་མི་སྣ་རོགས་སྐྱོབ་ཁྱབ་ཁོངས་ནང་འཇུག་པ། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ས་ཁུལ་དུ་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་སྤྲོད་པ། འབྲེལ་ཡོད་རིན་གོང་ཁ་གསབ་མཉམ་འགུལ་སྒྲིག་གཞི་དུས་ཐོག་ཏུ་འགོ་འཛུགས་དགོས། ལས་ཤོར་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་སྲུང་སྔར་ལས་ལྷག་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          གྲོས་ཚོགས་ཐོག་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། ཚེ་སྲོག་དང་བདེ་འཇགས་ཨང་དང་པོར་འཇོག་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་། ནགས་ཚལ་རྩྭ་ཐང་གི་མེ་ཟོན། ཞོད་འགོག་ཐན་འགོག་སོགས་གནོད་འགོག་གནོད་སེལ་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས། རིགས་ཁག་གི་བདེ་འཇགས་རྐྱེན་ངན་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། རིགས་ཁག་གི་སྟབས་བསྟུན་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྟབས་བསྟུན་ཐག་གཅོད་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་པའི་ནན་སྟོན་གནང་ཡོད།
          གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད།