དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

བབ་དང་བསྟུན་ནས་ཐོན་སྐྱེད་སླར་གསོར་མཐུན་རྐྱེན་བསྐྲུན་དགོས།

སྤེལ་དུས 2020-04-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་བཏོན་པའི་བླང་བྱ་ལྟར་ཡུལ་བབ་དང་དུས་བབ་དང་བསྟུན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་བཅོས་དང་འཐུས་ཚང་དུ་བཏང་ནས། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཐབས་བརྒྱ་ཇུས་སྟོང་གིས་མཐུན་རྐྱེན་བསྐྲུན་པ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བ་བྱ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོར་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་པ། རིམས་ནད་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
          མིག་སྔར། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། ཕྱི་ནས་ནད་ཡམས་འགོས་ཡོང་རྒྱུར་བཀག་འགོག་དང་། ནང་དུ་ནད་ཡམས་བསྐྱར་ལོག་རྒྱག་རྒྱུར་སྔོན་འགོག་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་དངོས་འཛིན་ཞིབ་འཛིན་བཅས་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་པ་དང་དུས་བབ་དང་བསྟུན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་མཐུན་རྐྱེན་ཐབས་བརྒྱ་ཇུས་སྟོང་གིས་སྐྲུན་བཞིན་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཀྱི་མདུན་དུ་ང་ཚོས་མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་དུས་ཡུན་རིང་ཙམ་ཁ་གཏད་འཇལ་དགོས་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་དགོས། མིག་སྔར་ས་གནས་ཁག་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་རིམས་ནད་གནས་ཚུལ་འགྱུར་ལྡོག་འགྲོ་ཚུལ་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། ཕྱི་ནས་ནད་ཡམས་འགོས་ཡོང་རྒྱུར་བཀག་འགོག་དང་། ནང་དུ་ནད་ཡམས་བསྐྱར་ལོག་རྒྱག་རྒྱུར་སྔོན་འགོག་བྱེད་པ་དང་། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་དེ་བས་ཆེ་བའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་སྤྱད་དེ། མུ་མཐུད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་དངོས་འཛིན་ཞིབ་འཛིན་བཅས་བྱེད་དགོས་ཞེས་བསྟན་ཡོད།
          ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧུང་ཧྲན་ཆུས་ཀོན་ཧྲན་ཁྲོམ་གཞུང་འབྲི་ཆུའི་སྡེ་ཁུལ་དེ་རིམས་ནད་མེད་པའི་སྡེ་ཁུལ་ལ་གྱུར་ནས་ཉིན་ལྔ་བཅུ་ལྷག་ཙམ་སོང་ཡོད། རིམས་ནད་བསྐྱར་ལོག་མི་ཡོང་བ་བྱ་ཆེད། སྡེ་ཁུལ་གྱིས་དུད་ཚང་རེས་སྡེ་ཁུལ་གྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བ་དང་དངོས་ཟོག་ཉོ་སྒྲུབ་བྱེད་པར་མི་གཅིག་མ་གཏོགས་བཏང་མི་ཆོག་པ་དང་། ཕྱི་ཕྱོགས་སུ་སྐྱོད་པའི་དུས་ཚོད་ཆུ་ཚོད་2ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གཞི་རིམ་དུ་སྐྱོད་པའི་ལས་བྱེད་པས་ད་དུང་མྱུར་སྐྱེལ་བས་དངོས་པོ་སྐྱེལ་ཡུལ་མི་དང་ངོ་འཕྲད་བྱ་མི་དགོས་པར་དངོས་པོ་སྐྱེལ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་བཞིན་ཡོད། སྡེ་ཁུལ་གྱི་ལས་བྱེད་པ་པའོ་ཞའོ་ཏི་ཡིས། ནད་པ་གསར་པ་མ་ཐོན་པ་དེས་ཉེན་ཁ་མེད་པར་གྱུར་བ་མཚོན་གྱི་མེད། གྲོང་ཁྱེར་གྱི་སྒོ་མོ་ཕྱེ་བ་དེ་ཁྱིམ་གྱི་སྒོ་མོ་ཕྱེ་བ་དང་གཅིག་པ་མིན། དེར་བརྟེན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་སྡེ་ཁུལ་གྱི་རིམས་ནད་འགོག་པའི་ལས་དོན་གྱི་འགོག་སྲུང་འཛིང་རགས་དང་པོ་འདི་ཡག་པོ་སྲུང་དགོས་ཞེས་གསུངས་འདུག
          མིག་སྔར་དཔྱིད་ཇ་ཁྲོམ་རར་འདོན་པའི་དུས་ཚིགས་དང་ཏག་ཏག་འཁེལ་ཞིང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཤིན་རྫོང་སི་ཨན་སུའུ་ཙི་ལིང་ཇ་བཟོ་གྲྭར་ཇ་ལོ་འཐུ་མཁན་མི་ཁྲི་1.5ཙམ་མཁོ་བའི་ནང་80%ནི་ཕྱི་ཕྱོགས་ནས་ཡོང་བའི་ལས་མི་ཡིན་པ་མ་ཟད། ད་དུང་དེ་དག་ཁྲོད་ཀྱི་མང་ཆེ་བ་ནི་རིག་ནུས་ལག་ཐོགས་ཁ་པར་སྤྱོད་ཉུང་བའི་རྒན་རྒོན་ཡིན་པ་རེད། ས་གནས་དེ་གས་གྲངས་གཞི་ཆེ་མོའི་བྱ་ཐབས་གསར་གཏོད་བྱས་ནས་ཇ་ཞིང་གི་འཕྲོད་བསྟེན་དོ་དམ་མ་ལག་བཏོད་ཅིང་། ཐོབ་ཐང་ལག་ཁྱེར་བཤེར་ན་བདེ་ཐང་ཨང་རྟགས་མངོན་ཐུབ་པ་ཞིག་བཟོས་པས་ཁུངས་དེད་ས་ཡོད་པ་དང་། གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་ཐུབ་པར་གྱུར་ཡོད། རྣམ་གྲངས་ལྟེ་གནས་ཀྱི་འགན་འཁུར་བ་ཕན་ཡུང་ཅུན་གྱིས་ཇ་ལོ་འཐུ་མཁན་ཞིང་པའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དེ་ཧུའུ་ཀྲོའུ་བདེ་ཐང་ཨང་རྟགས་ཀྱི་གྲངས་གཞིའི་མཛོད་དང་བསྡུར་བ་བྱས་ན། མ་ལག་དེའི་ནང་ནས་ཇ་ལོ་འཐུ་མཁན་ཞིང་པ་དེའི་བདེ་ཐང་ཨང་རྟགས་དེ་ལྗང་རྟགས་སམ་ཡང་ན་སེར་རྟགས་གང་ཡིན་མིན་ལམ་སེང་མངོན་གྱི་ཡོད་ཅེས་གསུངས་འདུག
          ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་འཇལ་དཔེ་ལེན་ས་ཚིགས་71བཙུགས་ནས་གསར་དུ་ལས་གནས་སུ་སླེབས་པའི་ལས་བཟོར་ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་ཡང་ན་དྭངས་ཁྲག་གི་འགོག་གཟུགས་ཞིབ་དཔྱད་ཚད་ལེན་བྱས་པ་དང་། གནས་སྐབས་ལས་ཀ་མ་རག་པའི་མི་སྒེར་གྱིས་ངེས་པར་དུ་སྡེ་ཁུལ་གྱི་མཛུབ་ཁྲིད་འོག་ཞིབ་དཔྱད་ཚད་ལེན་བྱེད་དགོས། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་ཁོ་ཐང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲོའུ་ཞུང་ཧྭ་ཡིས་སྡེ་ཁུལ་གྱིས་མིང་ཐོ་ཚང་མ་ཕྱོགས་བསྡོམས་ཡག་པོ་དང་གོ་སྒྲིག་ཡག་པོ་བྱས་པ་དང་། འགྲིམ་འགྲུལ་ཐད་ལ་ཡང་མི་སྣ་བཀོད་སྒྲིག་བྱས་པ། གཅིག་སྡུད་རིམ་དབྱེའི་ཐོག་ནས་ང་ཚོའི་འདིར་འཁྱེར་ཡོང་ནས་མ་དཔེ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་གསུངས་འདུག
          ཧུའུ་ནན་ཞིང་ཆེན་གྱིས་ཧུའུ་པེ་སོགས་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་ཐད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཐང་ར་སྤྲོད་དཔང་ཡིག་ཕན་ཚུན་ཁས་ལེན་གྱི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་བས། ཧུའུ་ནན་གྱི་མི་སྣའི་འགྲོ་འོང་དང་ལས་གནས་ཐོག་ཕྱིར་ལོག་བྱེད་པའི་འགོག་རྐྱེན་སེལ་ཐུབ་ཡོད། ཧུའུ་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཞའོ་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་གྲངས་གཞི་མཉམ་སྤྱོད་ཀྱི་ཧུའུ་པེ་ཞིང་ཆེན་གྱི་མི་སྣའི་བདེ་ཐང་ཨང་རྟགས་ཀྱི་ཆ་འཕྲིན་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་རིམས་འགོག་ཆ་འཕྲིན་ཨང་རྟགས་ལ་བརྟེན་ནས་གོང་འོག་སྦྲེལ་མཐུད་དང་ཞིང་ཆེན་དབར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲངས་གཞི་མཉམ་སྤྱོད་དང་། ཆ་འཕྲིན་བརྡ་ཁྱབ་གཏོང་རེས་བྱེད་པ། རྒྱལ་ཁོངས་སུ་འཛུལ་མཁན་ལ་ཞིབ་བཤེར་བྱེད་པ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རིགས་དབྱེ་དོ་དམ་བྱེད་བཞིན་ཡོད་ཅེས་གསུངས་འདུག
          ཕུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཕུའུ་ཀྲོའུ་ཡི་ཏོག་གསར་གློ་ཚད་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་ལས་སྟེགས་ཞེས་པ་བཏོན་པ་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་ཀྱི་རེ་ཞུའི་ཞིབ་མཆན་ལས་སྟེགས་ཞེས་པ་དང་། ལས་འགོ་བསྐྱར་འཛུགས་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་ལས་སྟེགས་ཞེས་པ་གསར་སྤེལ་བྱས་ནས་ཁེ་ལས་ལ་རིམས་འགོག་ཐོག་ལས་འགོ་བསྐྱར་འཛུགས་སྣོན་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་པ་རེད། ཕུའུ་ཀྲོའུ་གྲོང་ཁྱེར་གྲངས་གཞི་ཆེ་མོའི་ཨུ་ལྷན་ལག་རྩལ་བཀོལ་སྤྱོད་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཁྲེན་ཅན་གྱིས། ཁེ་ལས་ཀྱི་བདག་པོས་རང་བདག་ངང་གྲངས་གཞིའི་ཆ་འཕྲིན་གོང་ཞུ་བྱས་ན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ཁག་ལ་གྲངས་གཞིའི་རྒྱབ་སྐྱོར་མཁོ་འདོན་བྱེད་ཐུབ། སླད་ཕྱིན་རིམས་ནད་མཇུག་འགྲིལ་རྗེས་ལས་འགོ་བསྐྱར་འཛུགས་ལས་སྟེགས་དེས་ད་དུང་སྲིད་འཛིན་དང་ཁེ་ལས་མཉམ་འགུལ་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་ཁེ་ལས་ཀྱི་རེ་འདུན་གནད་འཕིགས་ངང་གོང་ཞུ་ཐུབ་རྒྱུ་རེད་ཅེས་གསུངས་འདུག
          མི་སྣ་འགྲོ་འོང་དང་འདུ་འཛོམས་ཉུང་དུ་གཏོང་ཆེད། ཐེན་ཅིན་གྱིས་སྤྲིན་སྟེགས་སྤྱད་དེ་ཚོང་འགུགས་བྱས་ཏེ། རྒྱལ་ཁབ་དང་ས་ཁུལ་12དང་དེ་བཞིན་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་15ཡི་ཁེ་ལས་བདག་པོ་བརྒྱ་ལྷག་ཙམ་དང་མཉམ་དུ་བརྙན་མཐོང་བརྒྱུད་སྤེལ་རེས་བྱས་པ་དང་དྲ་རྒྱའི་ཐོག་ནས་གན་རྒྱར་མིང་རྟགས་བཀོད་པ་རེད། ཐེན་ཅིན་གྲོང་ཁྱེར་མཉམ་ལས་སྤེལ་རེས་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཆིང་ཨེན་གྱིས་སྤུས་ཚད་མཐོ་བའི་རྣམ་གྲངས་དེ་དག་འཁོར་རྒྱུག་བྱས་པས་ནང་འདྲེན་སྣེ་གཅིག་གིས་ཕྱོགས་འགའ་ཤས་མཉམ་དུ་འཁྲིད་པའི་མཉམ་འགུལ་ནུས་པ་ཐོན་རྒྱུ་ཡིན་པ་དེས་ཐན་ཅིན་གྲོང་ཁྱེར་གྱིས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ མགྱོགས་སུ་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་རེད་ཅེས་བཤད།
          ཁེ་ལས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་མངགས་ཐོ་མང་པོ་མ་འབྱོར་བ་དང་ཕྱིར་ཚོང་ཐབས་ལམ་ཤར་གཏོང་མི་ཐུབ་པའི་དཀའ་ངལ་སེལ་ཆེད། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུས་སོགས་སྲིད་གཞུང་སྡེ་ཚན་4ཡིས་ངས་ཁེ་ལས་ལ་མངགས་ཐོ་འཚོལ་རོགས་བྱེད་ཅེས་པའི་བྱེད་སྒོ་སྤེལ་ནས་དྲ་སྦྲེལ་ལས་སྟེགས་བདུན་སྤྱད་དེ་ཁེ་ལས་ལ་ཐབས་ལམ་གཏོད་པ་དང་མངགས་ཐོ་བཙལ་ཏེ་ཕྱིར་ཚོང་གཞི་ཁྱོན་ཆེ་རུ་བཏང་བ་རེད། ཆིང་ཏའོ་གྲོང་ཁྱེར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཞའོ་ཆན་གྱིས་ལས་སྟེགས་དེ་དག་གིས་ཁྲོམ་རའི་ཐོན་ཁུངས་སྤུས་ལེགས་དང་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ནས་ལས་སྟེགས་སྤྱོད་པའི་ཚད་བཀག་དམའ་རུ་བཏང་བ་དང་། གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད།
          སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གྱིས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ལས་བྱུང་བའི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ས་ཁོངས་ཀྱི་སྐུལ་ཁྲིད་ནུས་པ་ལྡན་པའི་གློག་རྡུལ་ཆ་འཕྲིན་ཐོན་ལས་སྐྱེ་ཁམས་ཁུལ་ཧུར་ཐག་གཏོད་བཞིན་ཡོད་པ་རེད། ཟླ་4ཚེས་10ཉིན་ཁྲེང་ཏུའུ་ཡིས་ཚོགས་ར་གཙོ་བོའི་ཐོག་དྲ་རྒྱའི་ཐད་གཏོང་སྣོན་པའི་རྣམ་པའི་ཐོག་ནས་གློག་རྡུལ་ཆ་འཕྲིན་ཐོན་ལས་སྐྱེ་ཁམས་ར་བའི་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་འབྲེལ་གློག་རྡུལ་ཆ་འཕྲིན་རྣམ་པའི་ཉེར་སྤྱོད་ཁྲོམ་རའི་གོ་སྐབས་གསལ་ཐོ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། ཁྲེང་ཏུའུ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་སྤྱི་སྤྱོད་གློག་རྡུལ་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཧོང་ཅན་གྱིས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ནས་དགོས་མཁོ་མང་པོ་ཐོན་པ་དཔེར་ན། སྤྲིན་རྩིས་གཞུང་ལས་དང་། སྤྲིན་རྩིས་སྨན་བཅོས། དྲ་ཐོག་ཟས་རིགས་སོས་པ། རིག་ནུས་བདེ་འཇགས་འགོག་སྲུང་དགོས་མཁོ་སོགས་རེད། དེ་དག་དང་ཁྲེང་ཏུའུ་ཡི་མཉེན་ཆས་དང་མཁྲེགས་ཆས་དོ་སྙོམས་མཉམ་འདྲེས་ཐོག་འཕེལ་རྒྱས་འགྲོ་བའི་ཐོན་ལས་ལེགས་ཆ་ནི་ཚད་མཐོའི་གཅིག་མཐུན་ཡིན་པས་ང་ཚོར་གོ་སྐབས་དེ་དག་དམ་འཛིན་བྱེད་པའི་ཆ་རྐྱེན་དང་རྨང་གཞི་ཡོད་ཅེས་གསུངས་འདུག
རྩོམ་སྒྲིག་པ། རྡོ་རྗེ།