དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་བྱེད་སྒོ་འདི་འདྲ་སྤེལ།

སྤེལ་དུས 2020-04-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ས་གནས་ཁག་དང་སྡེ་ཚན་ཁག་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་ལྔ་པར་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ།
          སྤྱི་ཟླ་4པའི་ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་ལྔ་པ་དེ་ཡིན་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་པའི་བརྗོད་དོན་གཙོ་བོར་གཞིགས་ཏེ། གཅིག་རྗེས་གཉིས་མཐུད་ངང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས། སྤྱི་ཚོགས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་ཡོད་པ་རེད།
          སྤྱི་ལོ་2014ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཐོག་མར་བཏོན་གནང་ཡོད། རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་སྤྱི་པའི་དོ་དམ་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལི་ཝུན་ལེའང་གིས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་ནང་དོན་དེ་བས་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱི་འཚོ་བ་དང་དེ་བས་ཐག་ཉེ་བ་ཡོད། དེ་སྔོན་རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་ཆབ་སྲིད་བདེ་འཇགས་སོགས་དང་འབྲེལ་བ་ཡོད་པའི་སྲོལ་རྒྱུན་གྱི་བདེ་འཇགས་ལ་ཟེར་གྱི་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བས་སྲོལ་རྒྱུན་མ་ཡིན་པའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཡང་ནན་སྟོན་བྱས་ཡོད། དེ་ནི་དཔལ་འབྱོར་བདེ་འཇགས་དང་། སྤྱི་ཚོགས་བདེ་འཇགས། རིག་གནས་བདེ་འཇགས། འཇིགས་སྐུལ་ལ་ངོ་རྒོལ་སོགས་རྒྱུན་དུ་མང་ཚོགས་ཀྱིས་ཚོར་ཐུབ་པའི་བདེ་འཇགས་ཀྱི་སྣང་ཚུལ་དེ་དག་ཡིན་ཞེས་གསུངས་ཡོད་པ་རེད།
          ཅང་སུའུ་ཞིང་ཆེན་གྱིས་ཉེ་ཆར་སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲ་རྒྱའི་ཡོངས་བསྒྲགས་སློབ་ཚན་འཚོགས་ཡོད། སློབ་ཚན་ཁག་གཅིག་སློབ་ཁྲིད་དང་ཇུས་འགོད་ཀྱི་འགན་འཁུར་མཁན་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཅན་ཡེ་ཁུལ་དགེ་རྒན་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཏུང་ཧུང་གིས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དེ་ང་ཚོ་ཚང་མའི་འཚོ་བ་དང་དེ་བས་ཐག་ཉེ་རུ་ཕྱིན་ཡོད་པས། སློབ་ཁྲིད་བྱས་པ་བརྒྱུད་སློབ་མ་རྣམས་ནས་ང་ཚོའི་ཉེ་འགྲམ་ལ་ཡང་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དེ་གནས་ཡོད་པ་ཤེས་སུ་འཇུག་དགོས་ཞེས་གསུངས་ཡོད་པ་རེད།
          ཧྲན་ཏུང་ཝུའེ་ཧའེ་རུ། ལིའུ་ཀུང་གླིང་ཕྲན་གྱི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ སློབ་གསོ་གསོ་སྦྱོང་རྟེན་གཞིའི་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད། ལིའུ་ཀུང་གླིང་ཕྲན་ནི་ཤིང་རྟ་ལོའི་དམག་འཁྲུག་གི་རྗེས་དྲན་ས་ཆ་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན། ཝུའེ་ཧའེ་མི་རིགས་བསྐྱར་དར་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཆུས་ཀེང་གིས། རྟེན་གཞིས་ལྟ་སྐོར་དང་། སློབ་ཁྲིད། ཞིབ་གྲོས་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅིས་བདེ་སྡོད་ཉེན་བསམ་བྱ་དགོས་ཞེས་གསུངས་གནང་ཡོད། ང་ཚོའི་མིག་སྔའི་རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་འཇགས་ཀྱི་འཚོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན། མི་རིགས་བསྐྱར་དར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ད་དུང་དཀའ་ཚེགས་ཧ་ཅང་ཆེ་བའི་ལམ་བུ་ཞིག་བརྒྱུད་དགོས་པས། ང་ཚོས་རྒྱལ་ཁབ་ བདེ་འཇགས་ལ་བརྟེན་ནས་ང་ཚོའི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས་ཡོད་པ་རེད།
          སྤྱི་ལོ་2020ལོའི་ཟླ་2པའི་ཚེས་14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག སྐྱེ་དངོས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་འཇུག་དགོས་ཞེས་བསྟན་གནང་ཡོད། རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་སྤྱི་པའི་དོ་དམ་ཚན་ཁག་གི་དགེ་རྒན་ཆེ་མོ་ལི་ཝུན་ལེའང་གིས། ཆོད་གཏམ་གསར་པ་དེས་རྒྱལ་ཁབ་བདེ་འཇགས་མ་ལག་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། རྒྱལ་ཁབ་བདེ་འཇགས་མ་ལག་གི་མཐོ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།