དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ལས་ཞུགས་ཐད། གནད་འཕིགས་ཇུས་འདོན་དང་ཐབས་མང་མཉམ་སྤྱོད་བྱ་དགོས།

སྤེལ་དུས 2020-04-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས། བརྟན་པོ་དྲུག་གི་ལས་དོན་གྱི་ཤུགས་ཚད་ཆེ་རུ་བཏང་ནས། གྲོང་མིའི་ལས་ཞུགས་ལ་འགན་སྲུང་དང་། གཞི་རྩའི་དམངས་འཚོར་འགན་སྲུང་། ཁྲོམ་རའི་གཙོ་གཟུགས་ལ་འགན་སྲུང་། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་ལ་འགན་སྲུང་། ཐོན་ལས་མུ་ཁྱུད་བརྟན་པོ་ཡོང་རྒྱུར་འགན་སྲུང་། གཞི་རིམ་གྱི་འཁོར་སྐྱོད་ལ་འགན་སྲུང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ཧྲིལ་པོར་སྲུང་སྐྱོབ་བྱས་ཐོག དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་དང་དེར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཐུབ་རྒྱུར་འགན་སྲུང་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག
          ལས་ཞུགས་ནི་དམངས་འཚོའི་དོན་གནད་གལ་ཆེ་ཤོས་དེ་ཡིན་ཞིང་། དེ་ནི་མི་སོ་སོའི་བདེ་རྩར་ཐུག་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད། ཏོག་གསར་གློ་ཚད་ནད་ཡམས་ཀྱིས་བརྡབ་གསིག་བཟོས་པར་གཞིགས་ནས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཐོག གནད་འཕིགས་ཇུས་འདོན་དང་། ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་གང་ལེགས་ཐུབ་པ་བྱེད་བཞིན་ཡོད།
          ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བ་བྱ་རྒྱུ་ནི། ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་འགག་རྩ་ཞིག་རེད། ནད་ཡམས་ཐོན་རྗེས། ཁེ་ལས་ཁག་གཅིག་ལ་བར་སྐབས་ཤིག་རིང་ལས་མི་གསར་པ་བསྡུ་དཀའ་བ་དང་། ལས་མི་རྙིང་པ་ལས་གནས་ཏུ་ལོག་དཀའ་བའི་དཀའ་ཚེགས་འཕྲད་ཡོད། སྣང་ཚུལ་དེར་གཞིགས་ནས། ཀོང་ཏུང་གིས་ལས་མི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ལས་མི་ལས་གནས་ཐོག་ལོག་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།
          ཨན་ཧུའེ་ཡིས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་གཙོ་གནད་ཁེ་ལས75ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་ཆེད་མི་བཀོད་སྒྲིག་བྱས་ཐོག ལས་མི་བཀོལ་སྤྱོད་ཞབས་ཞུ་དང་། སྤྱི་ཚོགས་འགན་བཅོལ། སྲིད་ཇུས་སྦྲེལ་མཐུད་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་རེད།
          ས་གནས་ཁག་གིས་ཟུར་སྐྱོར་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་ནས། ལས་གནས་བརྟན་པོ་དང་། ཁུར་པོ་ཡང་གཏོང་། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་བཅས་གལ་ཆེ་མཉམ་དུ་བཟུང་ཐོག ཁེ་ལས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་རོགས་བྱས་ཡོད་པ་རེད། ཀོང་ཞིའི་ཀྲོང་རིགས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལས་ཤོར་འགན་བཅོལ་ཁྲུའི་ཁྲུའུ་ཀྲང་ཅང་ཆུན་ཕིང་གིས། ཀོང་ཞིའི་ཡི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཡིན་པ་གང་ཞིག
          ལས་མི་ཉུང་འཕྲི་མ་བྱས་པའམ་ལས་མི་ཉུང་འཕྲི་མང་པོ་བྱས་མེད་པའི་ཁེ་ལས་དག་གིས་ལོ་གོང་མར་བསྐྱལ་བའི་ཁེ་ལས་དང་དེ་བཞིན་ལས་མིའི་ལས་ཤོར་འགན་བཅོལ་དངུལ་གྱི་བརྒྱ་ཆ50ཕྱིར་སློག་བྱ་རྒྱུ་དང་། ཆེས་དབུལ་ཕོངས་ས་ཁུལ་གྱི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་དངུལ་ཕྱིར་སློག་བྱེད་ཚད་བརྒྱ་ཆ60བར་སྤོར་རྒྱུ་རེད་ཅེས་གསུངས་འདུག
          ཧོ་ནན་ཞིང་ཆེན་ཧྥུ་ཡང་གྲོང་ཁྱེར་གྱི་རྫས་འགྱུར་བཟོ་ལས་ཁེ་ལས་ཤིག་གིས་དཔྱིད་རྨོས་ཀྱི་དགོས་མཁོ་སྐོང་ཆེད། ནད་ཡམས་ཐོན་སྐབས་ཀྱང་རྒྱུན་གཏན་ལྟར་ཐོན་སྐྱེད་བྱས་ཡོད། ཡིན་ནའང་ཁེ་ལས་ཀྱི་མངགས་འཛིན་དང་ཐོན་རྫས་ཀྱི་བྲིན་འཚོང་ཡོང་འབབ་ཇེ་ཉུང་དུ་ཕྱིན་པས། ལས་མི་2000ལྷག་ཙམ་ལ་གླ་ཆ་སྤྲོད་དཀའ་བར་གྱུར་ཡོད། ཧྥུ་ཡང་གྲོང་ཁྱེར་གྱིས་ནད་ཡམས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཁེ་ལས་ལ་དུས་ཐོག་ཏུ་ཛ་དྲག་སྐབས་སུ་ལས་གནས་བརྟན་སྲུང་བྱས་པའི་ཁ་གསབ་སྤྲད་ནས་ཁེ་ལས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་གནད་སེལ་ཡོད་པ་རེད།
          ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་སྐབས། ངལ་རྩོལ་པ་མང་པོས་དྲ་བའི་སྟེགས་བུ་བརྒྱུད་ནས་སྟབས་བསྟུན་ལས་ཞུགས་དང་ཡོང་འབབ་གསོག་བཞིན་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཡའུ་ཅུན་གྱིས། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས་པ་དང་། ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་སྟབས་བསྟུན་ལས་ཞུགས་མི་སྣར་དམིགས་ནས། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོའི་ཚད་བཀག་མེད་པ་བཟོ་དགོས་པ་དང་། སྟབས་བསྟུན་ལས་ཞུགས་བྱེད་མཁན་དཀའ་ངལ་ཡོད་པའི་མི་སྣས་སྤྱི་ཚོགས་འགན་བཅོལ་དངུལ་བསྡུས་ཡོད་ཚེ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་དགོས་ཞེས་གསུངས་འདུག 
          མིག་སྔར་སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མར་དམིགས་ནས་དཔྱིད་དུས་ལས་མི་བསྡུ་བའི་དུས་ཚིགས་རེད། ས་གནས་ཁག་གིས་གཙོ་གནད་ལས་རིགས་དང་། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ལ་དམ་འཛིན་བྱེད་པའི་བརྒྱུད་རིམ་ནང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་དེ་གཙོ་གནད་ནང་གི་གཙོ་གནད་དུ་འཇོག་བཞིན་ཡོད། ཧུའུ་པེ་ཞིང་ཆེན་གྱིས་བཏོན་པའི་ལས་ཞུགས་བརྟན་དུ་གཏོང་བའི་བྱ་ཐབས25ཡི་ནང་། སྤྱི་ལོ2020ལོ་དང་2021ལོར་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ཧུའུ་པེའི་མངའ་ཁོངས་ཀྱི་མཐོ་རིམ་སློབ་གྲྭ་དང་ཐེམ་ཁུངས་ཧུའུ་པེ་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་མིར་བསྡུ་བའི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། སྤྱི་ལོ2020ལོར་ཞིང་ཆེན་དེ་ཡོངས་ཀྱི་གཞུང་ཞབས་པ་བསྡུ་བའི་མི་གྲངས་བརྒྱ་ཆ་20མང་དུ་གཏོང་རྒྱུ། འདེམ་སྐོང་སློབ་མ་བསྡུ་བའི་མི་གྲངས་བརྒྱ་ཆ50མང་དུ་གཏོང་རྒྱུ། བྱ་གཞག་ཚན་པས་ལས་མི་ཁྲི3ཡན་བསྡུ་རྒྱུ། རྫོང་དང་ཤང་གི་ལས་ཁུངས་ཀྱིས་ཕུལ་བྱུང་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་འགུག་བྱེད་དགོས་པ་སོགས་གསལ་པོར་བསྟན་འདུག ཧུའུ་པེ་ཞིང་ཆེན་གྱིས་ད་དུང་ཞིང་ཆེན་ཡོངས་སུ་ཉིན་བརྒྱ་ཁྲི་སྟོང་ཞེས་པའི་དྲ་སྦྲེལ་ཐོག་ནས་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་བ་དང་། ཧུའུ་པེས་ཤེས་ལྡན་མི་སྣའི་དྲ་བའི་སྤྲིན་རྩིས་སྟེགས་བུ་བརྒྱུད་ལས་མི་གདན་ཞུའི་ཚོགས་འདུ་ཐེངས་382འཚོགས་ཡོད་པ་རེད།
          ཧུའུ་ནན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ༼ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་བཅག་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བྱ་ཐབས་ཁག་བཅུ༽ཞེས་པ་བཏོན་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་མིར་བསྡུས་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ལས་མི་བསྡུས་པའི་ཁ་གསབ་སྡེབ་གཅིག་ལ་གཅིག་ལ་སྤྲད་ནས། མཐོ་སློབ་སློབ་ཐོན་སློབ་མར་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།
          ཉེ་ཆར། ཅང་ཞིའི་བཟོ་སྐྲུན་སློབ་གླིང་ནས་ད་ལོ་ཐོན་མཁན་གྱི་སློབ་མ་ཞིན་ཁྲུ་མིང་སློབ་གླིང་དེས་སྤེལ་བའི་དྲ་ཐོག་གཉིས་འདེམ་ཚོགས་འདུ་ཞེས་པར་ཞུགས་པས། ཁང་པའི་ནང་ནས་ཕྱིར་ཐོན་མི་དགོས་པར་རང་ཉིད་ཀྱི་ངོ་སྤྲོད་བསྐུར་རྒྱུ་དང་། དྲ་ཐོག་ངོ་རྒྱུགས་གཏོང་རྒྱུ་སོགས་ཀྱི་ལས་རིམ་དག་སྒྲུབ་ཐུབ་ཡོད། ཀྲེ་ཅང་ཅིན་ཧྭ་གྲོང་ཁྱེར་གྱིས་ཉེ་ཆར་རིག་སྦྲེལ་ཅིན་ཧྭ། སློབ་གྲ་བརྒྱ། ཁེ་ལས་སྟོང་། ལས་གནས་འབུམ་ཞེས་པའི་སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མ་བསྡུ་བའི་ཆེད་དོན་བྱེད་སྒོ་སྤེལ་བ་དང་། ངོ་ཐུག་མི་དགོས་ཞེས་པའི་ལས་མི་བསྡུ་བའི་སྟེགས་བུ་བརྒྱུད། ཁེ་ལས་4000ལ་ཉེ་བ་སྐུལ་སློང་གིས་ལས་གནས་འབུམ1འོས་སྦྱོར་བྱས་ཡོད་པ་རེད། 
མིག་སྔར། ས་གནས་ཁག་གི་དབུལ་སྐྱོར་འཁོར་ཁང་ཁག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ལས་འགོ་བསྐྱར་འཛུགས་བྱས་ཡོད། ཧྲན་ཞི་ཞིང་ཆེན་ཏ་ཐུང་གྲོང་ཁྱེར་ཀོང་ལིང་རྫོང་དུ། ན་ནིང་ལག་བཟོས་བསླ་འཐག་ལ་བརྟེན་ནས་དབུལ་གྲོལ་ཐུབ་པའི་སུང་ཡའོ་གྲོང་ཚོའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་པོ་ཀྲའོ་ཆུའུ་ཡན་ཉིན་ཤས་གོང་དབུལ་སྐྱོར་འཁོར་ཁང་དུ་ལོག་ནས། བསླ་འཐག་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་བཞིན་ཡོད་པ་རེད།
          ལོ་ན་ཅུང་མཐོ་བ་དང་། ལག་ཤེས་དེ་ཙམ་མེད་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལ་དམིགས་ནས། ས་གནས་ཁག་གིས་ད་དུང་གཙང་སྦྲ་བ་དང་། ནགས་སྲུང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་སྤྲད་ནས། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལ་འགན་སྲུང་བྱས་ཡོད་པ་རེད། མིག་སྔའི་བར། ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས5720གསར་སྣོན་བྱས་པ་དང་། དེ་དག་ཚང་མ་དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཐད་བཀོད་སྒྲིག་བྱས་ཡོད་པ་རེད། ཧྲའན་ཞི་ཡིས་སྤྱི་ཕན་རང་བཞིན་གྱི་ལས་གནས4000ཙམ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་མཁོ་འདོན་བྱས་པ་དང་། ལས་ཀར་ཞུགས་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་ལས་ཞུགས་གནད་དོན་ཐག་གཅོད་ཐད་འགན་སྲུང་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།