དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི་བླང་བྱ་ལྟར་མང་ཚོགས་ཀྱི་དཀའ་ངལ་ཤུགས་ཆེན་སེལ་བ།

སྤེལ་དུས 2020-04-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟན་པོ་དྲུག་གི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་གཞིར་བཟུང་། ས་གནས་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། གནས་སྐབས་ཀྱི་སྤྱི་ཕན་ལས་གནས་བཀོད་སྒྲིག་དང་རིན་གོང་ཁ་གསབ་ཀྱི་མཉམ་འགུལ་སྒྲིག་གཞི་ལག་བསྟར་བྱས་པ། གནས་སྐབས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་རྒྱ་ཆེར་བཏང་བ་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཏན་ཏིག་བྱས་པ།
          འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་བརྟན་པོ་དྲུག་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཡུལ་མིའི་ལས་ཞུགས་ལ་འགན་སྲུང་དང་། གཞི་རྩའི་དམངས་ཀྱི་འཚོ་བར་འགན་སྲུང་། ཁྲོམ་རའི་གཙོ་གཟུགས་འགན་སྲུང་། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་འགན་སྲུང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་འགན་སྲུང་། གཞི་རིམ་གྱི་འཁོར་རྒྱུག་འགན་སྲུང་བཅས་བྱེད་དགོས་པ་དང་། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ཧྲིལ་པོར་སྲུང་སྐྱོང་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་འགན་ལེན་བྱེད་དགོས་པའི་ནན་སྟོན་གནང་ཡོད།
          ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ས་གནས་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། གནས་སྐབས་ཀྱི་སྤྱི་ཕན་ལས་གནས་བཀོད་སྒྲིག་དང་། རིན་གོང་ཁ་གསབ་ཀྱི་མཉམ་འགུལ་སྒྲིག་གཞི་ལག་བསྟར་བྱས་པ། གནས་སྐབས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་རྒྱ་ཆེར་བཏང་བ་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཏན་ཏིག་བྱས་ཡོད།
          རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་གིས་གཙང་སྦྲ་ཁོར་སྲུང་དང་། རིམས་འགོག་དུག་སེལ། ས་ཚིགས་སུ་ལས་རེས་སོགས་ཀྱི་གནས་སྐབས་ཀྱི་སྤྱི་ཕན་ལས་གནས་མང་དུ་བཏང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ལས་གནས་ཐོག་ཕྱིར་ལོག་མི་ཐུབ་པའི་དཀའ་ངལ་ཡོད་པའི་ངལ་ནུས་སྔོན་ལ་བཀོད་སྒྲིག་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་རྒྱུན་ལྡན་འཚོ་བར་འགན་སྲུང་བྱས་ཡོད།
          ཧུའུ་པེ་ཞིང་ཆེན་ཝུའུ་ཞོལ་གྲོང་ཁྱེར་ཐན་ཀྲེན་གྲོང་རྡལ་དོན་གཅོད་ཁང་གི་ཏང་ཨུད་ཧྲུའུ་ཅི་ཝང་ཁྲའོ་ཡིས། གཅིག་ལ་གཅིག་གཏད་སྒོ་ནས་ཕྱིར་སྐྱོད་ལས་མི་སྐྱེལ་བ་དང་། ངལ་ནུས་ཞན་པ་དང་ལོ་ན་ཆེ་བ་རྣམས་ཁྲོམ་རའི་གཙོ་གཟུགས་ལ་བརྟེན་ནས་གཅིག་གཏད་གཅིག་སྐྱོར་བྱས་པ་དང་། ངལ་ནུས་མེད་པ་ཚང་མར་མ་མཐའི་འགན་སྲུང་སྲིད་ཇུས་ལག་བསྟར་བྱས་ཡོད་ཅེས་གསུངས་ཡོད།
          ཧུའུ་པེ་ཤང་ཡང་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་དོ་དམ་ཅུད་ཀྱི་འགོ་འཛིན་གཞོན་པ་ཅང་ཅིང་གིས། ལས་ཤོར་དང་ལས་ཞུགས་དཀའ་བའི་མི་སྣར་རོགས་སྐྱོར་བྱས་ཏེ་ཁོང་ཚོ་གང་མགྱོགས་དཀའ་ངལ་ལས་གྲོལ་ཆེད། ས་གནས་དེས་ཆེད་མངགས་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད། ཁེ་ལས་ཀྱིས་ལས་ཀ་ཤོར་ནས་ལོ་ཕྱེད་ཡན་ཕྱིན་པའི་ལས་མིའམ་ཡང་ན་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་བསྡུས་པ་དང་། ངལ་རྩོལ་གན་རྒྱ་ལོ་གཅིག་ཡན་བཞག་པར་མི་རེར་སྒོར་ཆིག་སྟོང་གི་ཚད་གཞི་ལྟར་ཁ་གསབ་བྱ་དགའ་སྤྲད་ཡོད། ཁེ་ལས་ཀྱིས་ལས་ཞུགས་དབུལ་སྐྱོར་དང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་དུད་ཀྱི་ལས་མི་བསྡུ་བའི་ནང་ཞུགས་པ་དང་། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་ཚན་པར་མི་རེར་སྒོར་ཉིས་སྟོང་གི་ཐེངས་གཅིག་རང་བཞིན་ཁ་གསབ་སྤྲད་ཡོད་ཅེས་བསྟན་ཡོད།
          ཁྲེན་ཏའོ་ཝུན་ནི་ཅང་ཞི་ཡི་ནན་ཁྲང་གྲོང་ཁྱེར་ཤིན་ཅན་ཁུལ་ཆའོ་ཧྲེ་གྲོང་རྡལ་ཡོང་ཅན་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་དུད་ཡིན་ཞིང་། ད་ཆ་གྲོང་ཚོའི་ནང་གཙང་སྦྲ་བྱེད་མཁན་གྱི་གནས་སྐབས་ལས་གནས་ཐོག་ལས་ཀ་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གི་ཡོང་འབབ་འགན་ལེན་བྱུང་ཡོད། ཁོང་གིས། ཉེ་བའི་ལོ་ཤས་རིང་ཀོང་ཏུང་དུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་ད་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཕྱིར་སྐྱོད་མི་ཐུབ་པས་ཤང་དང་གྲོང་ཚོས་དུས་ཐོག་ཏུ་ཁོང་ཚོ་གཙང་སྦྲ་བྱེད་མཁན་དུ་བཀོད་སྒྲིག་བྱས་པར་ཟླ་བ་གཅིག་ལ་སྒོར་800སྤྲོད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
          མིག་སྔའི་བར་སླེབས་དུས་ཀྲུང་དབྱང་ནོར་སྲིད་ནས་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1560སྤྲད་པ་དང་། དེ་ནི་ན་ནིང་ལོ་ཧྲིལ་པོའི་དངུལ་གྲངས་ལས་མང་བ་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་ཆེད། དུས་མཚམས་རང་བཞིན་གྱི་རིན་གོང་གི་གནས་སྐབས་ཁ་གསབ་སྤྲོད་པའི་ལས་དོན་སྔར་ལས་ལྷག་པ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ས་གནས་ཁག་ལ་པར་འགྲེམས་བྱས་ཡོད།
          རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་སིའི་སི་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཕེང་ཧྲའོ་ཙུང་གིས། བརྡ་ཐོའི་ནང་དོན་གཙོ་བོ་ནི་གནས་སྐབས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་ཁ་གསབ་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་དེ་ཡིན། གཅིག་ནི། ཚད་གཞི་མཐོ་རུ་གཏོང་བ། དུས་མཚམས་རང་བཞིན་གྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ། ད་ལོའི་སྤྱི་ཟླ་3པ་ནས་6པ་བར། ཟླ་བ་རེར་རིན་གོང་གི་གནས་སྐབས་ཁ་གསབ་དངུལ་གྲངས་ལྡབ་གཅིག་སྤར་ནས་སྤྲད་པ། གཉིས་ནི། ཁྱབ་ཁོངས་ཆེ་རུ་བཏང་བ། དུས་མཚམས་རང་བཞིན་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་བཏང་བ། དྭ་ཕྲུག་དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། ལས་ཀ་ཤོར་བའི་ཁ་གསབ་ལེན་མཁན་མི་སྣ་བཅས་འགན་སྲུང་ཁྱབ་ཁོངས་ནང་བཅུག་པས། ཐོག་མའི་རགས་རྩིས་ལ་གཞིགས་ན་ཕན་པ་ཐོབ་པའི་མི་གྲངས་ས་ཡ་བརྒྱད་ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།
          རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེས་རིན་གོང་ཁ་གསབ་ཀྱི་མཉམ་འགུལ་སྒྲིག་གཞི་ལག་བསྟར་བྱས་པས་རིན་གོང་འཕར་བའི་དབང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཞི་ལྷོད་དུ་བཏང་ཡོད། ཨན་ཧུའེ་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་འགོ་འཛིན་ཕུ་དབྱི་ཕིང་གིས་གཙོ་གནད་ཐོག་དོ་ཁུར་བྱེད་ས་ནི་ཟོག་གོང་སྟོན་གྲངས་ཁྲོད་ཀྱི་ཟས་རིགས་རིན་གོང་ཡིན་ཞིང་། སྤྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ་ལྡབ་གཅིག་གིས་མང་དུ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།
          ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ས་ཡ་གཅིག་དང་བརྒྱད་འབུམ་བརྒྱད་ཁྲིར་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་དང་བྱེ་བ་དྲུག་གཤམ་སྤྲོད་བྱས་ཡོད། ཤིན་ཅང་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཅུད་ཀྱི་ཅུད་ཀྲང་ཀྲང་ཅི་ཅུན་གྱིས། གྲངས་གཞིའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ཏེ་དུས་ཐོག་ཏུ་ཟུར་སྐྱོར་དང་རོགས་སྐྱོབ་བྱ་རྒྱུ་རེད། གོམ་སྟབས་རྗེས་མར་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བའམ་ཡང་ན་ངལ་རྩོལ་ནུས་པ་ཆ་ཤས་ཤོར་བ་དང་། ཐོན་ལས་ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་ཟུར་སྐྱོར་བྱེད་ཐབས་བྲལ་བའི་དབུལ་ཕོངས་མི་འབོར་ཡོངས་རྫོགས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་བྱ་ཡུལ་ནང་འཇུག་རྒྱུ་དང་། རིམས་ནད་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་དུས་ཐོག་ཏུ་གནས་སྐབས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་འཇུག་རྒྱུ་བཅས་རེད་ཅེས་གསུངས་ཡོད།
          ལེའོ་ཉིང་ཞིང་ཆེན་གྱིས་གནས་སྐབས་རོགས་སྐྱོབ་ཀྱི་མཐིལ་རྟོགས་ནུས་པར་འགན་ལེན་བྱ་ཆེད། ད་ལོའི་དུས་ཚིགས་དང་པོར་རིམ་རྩིས་བྱས་ན་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་བཅུ་གསུམ་དང་བྱེ་བ་གཅིག་དང་ས་ཡ་གསུམ་གཤམ་སྤྲོད་བྱས་ཡོད། ཨན་ཧྲན་གྲོང་ཁྱེར་གྱིས་སྟབས་བདེའི་བགྲོད་ལམ་ཤར་གཏོང་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་ཉུང་འཕྲི་བྱས་ནས་ཆ་རྐྱེན་འཛོམས་པའི་དཀའ་ངལ་ཡོད་པའི་མང་ཚོགས་མ་མཐའི་འཚོ་བའི་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད། ཨན་ཧྲན་གྲོང་ཁྱེར་དམངས་སྲིད་ཅུད་སྤྱི་ཚོགས་རོགས་སྐྱོབ་ཁོའོ་ཁོའོ་ཀྲང་ཁུང་ཝུའེ་ཡིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཟོག་གོང་འཕར་བའི་རྐྱེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་བཟོས་པའི་ཤུགས་རྐྱེན་སེལ་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
          འགུལ་རྣམ་ལྟ་སྡོམ་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་བཏང་བ་དང་དུས་མཚུངས། རྒྱལ་ཡོངས་ཀྱི་ས་གནས་མང་པོས་ད་དུང་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་ཡོད། ཀོང་ཞིའི་ནན་ཉིང་གྲོང་ཁྱེར་དམངས་སྲིད་ཅུད་སྤྱི་ཚོགས་རོགས་སྐྱོབ་ཁོ་ཡི་ཁོ་ཀྲང་ནུང་ཡ་ཆིང་གིས། གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཟླ་རེར་མི་རེར་སྒོར་690ནས་སྒོར་790བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མི་རེར་ལོ་རེར་སྒོར་4600ནས་མི་རེར་ལོ་རེར་སྒོར་5500བར་མཐོ་རུ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།