དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤེལ་དུས 2020-05-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་རྒྱལ་ཕྱི་རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་དུས་བབ་ལ་དབྱེ་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བརྟན་ལྷིང་རང་བཞིན་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུར་ཞིབ་འཇུག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ5པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ། རྒྱལ་ཕྱི་རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་དུས་བབ་ལ་དབྱེ་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བརྟན་ལྷིང་རང་བཞིན་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུར་ཞིབ་འཇུག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
          ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་ཆབས་ཅིག་ཕྱི་རྒྱལ་གྱི་རིམས་ནད་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རྒྱལ་ནང་དུ་རིམས་ནད་བསྐྱར་ལོག་རྒྱག་རྒྱུར་སྔོན་འགོག་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། གོ་མེད་ཚོར་མེད་དུ་སྡོད་པའི་བསམ་བློ་དང་། འཐབ་འཛིང་ལ་ཞེན་པ་ལོག་པ། སྟེས་དབང་གི་བློ་འཆང་བ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ནས་ནད་ཡམས་འགོས་ཡོང་རྒྱུར་བཀག་འགོག་དང་ནང་ཁུལ་དུ་ནད་ཡམས་བསྐྱར་ལོག་རྒྱག་རྒྱུར་སྔོན་འགོག་ བྱེད་པའི་ལས་དོན་ལ་རྒྱུན་མཐུད་ངང་དམ་འཛིན་དང་། དངོས་འཛིན། ཞིབ་འཛིན་བཅས་བྱེད་དགོས་པ་ལས། ཐོབ་པར་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་རྐང་རྗེས་ལག་སུབ་གཏན་ནས་མི་བྱེད་པར་དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས་སུ་ནད་ལོག་རྒྱག་པ་སྔོན་འགོག་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཧེ་ལུང་ཅང་དང་ཅི་ལིན་སོགས་སུ་ཉེ་དུས་རུབ་འདུས་རང་བཞིན་གྱི་རིམས་ནད་ཐོན་པར་གཞིགས་ནས་དམིགས་ས་ཡོད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་རྒྱུར་ཤུགས་སྣོན་རྒྱག་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉིང་སྐྱུར་བརྟག་དཔྱད་ཞིབ་བཤེར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིའི་ཝུའུ་ཧན་འབྲེལ་གཏུག་ཚོགས་ཆུང་གིས་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭས་སློབ་འགོ་བསྐྱར་འཛུགས་ཀྱི་སྔོན་འགོག་ཚོད་འཛིན་ཇུས་གཞི་ཞིབ་ཕྲ་བཟོ་བར་མཛུབ་ཁྲིད་བྱས་ཏེ། དགེ་སློབ་ཀྱི་བདེ་འཇགས་དང་བདེ་ཐང་ལ་འགན་ལེན་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་སྨན་བཅོས་ལས་ཁུངས་ཀྱི་འགོ་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཤུགས་ཆེར་གཏོང་བ་དང་། ནད་སྐྱོང་དང་ཐུག་འཕྲད་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་ལྡན་གྱི་བརྟག་བཅོས་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བ་བྱེད་པ། སྨན་ཁང་ནང་ནད་འགོས་རྒྱུར་སྔོན་འགོག་ཏན་ཏིག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          གྲོས་ཚོགས་ཐོག རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ས་གནས་ཁག་གིས་ཉེ་དུས་རུབ་འདུས་རང་བཞིན་གྱི་རིམས་ནད་ཐོན་སའི་ཁུལ་གྱི་བསླབ་བྱ་བླངས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་རང་ས་ཆའི་སྔོན་འགོག་ཚོད་འཛིན་གྱི་ཞན་ཆར་སླར་ཡང་ཞིབ་བཤེར་དང་། སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སླར་ཡང་བརྟན་དུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སླར་ཡང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། རིམས་ནད་བསྐྱར་ལོག་མི་རྒྱག་པའི་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱུང་བར་ཐག་གཅོད་ནན་པོ་བྱེད་དགོས། དབྱར་ཁའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་འགོག་སྲུང་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          གྲོས་ཚོགས་ཐོག མངའ་ཁོངས་ཕྱི་རོལ་གྱི་རིམས་ནད་དུས་བབ་གསར་པར་དམིགས་ནས། སྔར་བས་བབ་བསྟུན་གྱི་ནུས་ལྡན་བྱ་ཐབས་འཛིན་དགོས་པ་དང་། མངའ་ཁོངས་ཕྱི་རོལ་ནས་ན་ཚ་མཆེད་ཡོང་བའི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སྟོབས་ཆེར་གཏོང་དགོས། མངའ་ཁོངས་ཕྱི་རོལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་ཐུགས་ཁུར་བྱེད་པའི་ལས་དོན་རྒྱུན་མཐུད་ངང་ལེགས་པོ་སྒྲུབ་པ་དང་། མཐའ་མཚམས་ས་ཁུལ་དང་། འགག་སྒོའི་གྲོང་ཁྱེར་གྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་དང་། ལོགས་དབྱེ་ལྟ་ཞིབ། སྐྱོབ་བཅོས་ནུས་པ་བཅས་ཆེ་རུ་གཏོང་བ། མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོས་ཚོགས་ཐོག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་བཟང་ཆ་དང་ནང་མཁོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱི་ཕྱོགས་གཉིས་ཀྱི་གོང་འཕེལ་རྣམ་པ་གསར་པ་གཏོད་པ་བཅས་བྱ་དགོས། ཐོན་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་སྦྲེལ་ཐག་གོང་སྤེལ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ། སྲོལ་རྒྱུན་ཐོན་ལས་ཀྱི་བཟང་ཆ་སྲ་བརྟན་དུ་གཏོང་བ། བཟང་ཆ་ལྡན་པའི་ཐོན་ལས་ཀྱི་སྔོན་འགྲོའི་གནས་བབ་སྟོབས་ཆེར་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི་བཀོད་སྒྲིག་ལ་དམ་འཛིན་བྱེད་པ། ཐོན་ལས་ཀྱི་རྨང་གཞི་མཐོར་གཏོང་དང་། ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་གོང་འཕེལ་གཏོང་བ། རྣམ་པ་གསར་པའི་རྒྱལ་ཡོངས་ཀུན་གྱི་སྒྲིག་གཞིའི་བཟང་ཆ་འདོན་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་དང་ལག་རྩལ་འགག་གཏོར་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྷུ་ཚིགས་དང་། འགག་རྩའི་ཁྱབ་ཁོངས། འགག་རྩའི་ཐོན་རྫས་བཅས་ཀྱི་འགན་སྲུང་ནུས་པ་ཤུགས་ཆེར་གཏོང་དགོས་ཞེས་བསྟན་ཡོད།
          གྲོས་ཚོགས་ཐོག རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་པའི་སྔོན་འགྲོའི་འོག མུ་མཐུད་གཙོ་གནད་ཐོན་ལས་སྦྲེལ་ཐག་དང་། སྣེ་འདྲེན་ཁེ་ལས། གཙོ་གནད་མ་འཇོག་རྣམ་གྲངས་བཅས་ལ་གཞིགས་ནས། འགག་གནད་གཏོར་བ་དང་། ཆད་མཚམས་མཐུད་པ། གྲུབ་ཆ་འགན་སྲུང་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། གོང་འོག་དང་། འདོན་སྤྲོད། ཁེ་ལས་ཆེ་འབྲིང་ཆུང་གསུམ་བཅས་མཐུན་སྦྱོར་ངང་ལས་སྒོ་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རིགས་ཁག་གི་ཚོང་ར་དང་། ཁྲོམ་ར། འཚོ་བའི་ཞབས་ཞུ་ལས་རིགས་བཅས་རྒྱུན་ལྡན་གྱི་ཆུ་ཚད་དུ་སླར་གསོ་ཐུབ་རྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་རྒྱུག་དང་། དཔལ་འབྱོར་སྤྱི་ཚོགས་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་པ། རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་རྒྱལ་སྤྱིའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ཐད་ཞིབ་འཇུག་གནང་ཡོད་པ་རེད།