དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང་ནས་ཀྲུང་གོ་དང་ལོ་སིའི་རིམས་ནད་འགོག་བཅོས་མཉམ་ལས་ཐད་ཕན་ཚུན་འཚམས་འདྲི་གནང་བ།

སྤེལ་དུས 2020-06-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་6ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལོ་སིའི་རིམས་ནད་འགོག་བཅོས་མཉམ་ལས་ཐད་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པེན་དབྱང་ལ་ལྗགས་འཕྲིན་བཏང་གནང་ཡོད།
          ཞི་ཅིན་ཕིང་གིས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་སྤྲོ་སེམས་འཁོལ་བའི་མཛའ་གྲོགས་འཕྲིན་ཡིག་འབྱོར་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ལོ་སིའི་རིམས་ནད་འགོག་བཅོས་ཐད་ཀྲུང་གོས་ནུས་པ་ཡག་པོ་ཐོན་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། མཚམས་འདིར་ང་རང་ནས་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་བོ་གནང་བའི་ལོ་སིའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་སི་ཕྱོགས་ལ་རིམས་ནད་འགོག་བཅོས་ལས་དོན་ཐད་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ལོ་སི་ཕྱོགས་དང་མཉམ་དུ་རིམས་ནད་འགོག་བཅོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པས། ཀྲུང་གོ་དང་ལོ་སི་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་དེར་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་གསུངས་འདུག
          ཞི་ཅིན་ཕིང་ནས། ང་རང་ནས་ཀྲུང་གོ་དང་ལོ་སི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཁྱེད་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་གལ་ཆེན་དག་དོན་འཁྱོལ་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཐོག རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
          དེའི་གོང་པེན་དབྱང་གིས་ལོ་སིའི་རིམས་ནད་འགོག་བཅོས་ལ་ཀྲུང་གོས་རྒྱབ་སྐྱོར་བྱས་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་བསྐུར་གནང་ཡོད། པེན་དབྱང་གིས། ལོ་སིའི་རེ་ཞུ་ལྟར། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དགོངས་དོན་ལ་བརྩི་སྲུང་ཞུས་ནས། འཕྲལ་དུ་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་ལོ་སིར་མངགས་གཏོང་གནང་བ་མ་ཟད། རིམས་འགོག་དངོས་ཟོག་དང་སྐྱོབ་བཅོས་སྨན་རྫས་འབོར་ཆེན་མཁོ་འདོན་གནང་ནས་ལོ་སིར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་རོགས་གནང་ཡོད། ཀྲུང་གོས་ལོ་སིར་རིམས་ནད་འགོག་བཅོས་ཐད་རོགས་སྐྱོར་གནང་བའི་ཐོག་ནས་ལོ་སི་དང་ཀྲུང་གོའི་ཏང་གཉིས་པོ་དང་། རྒྱལ་ཁབ་གཉིས་པོ། རྒྱལ་ཁབ་གཉིས་པོའི་མི་དམངས་བཅས་བར་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མཛའ་བཤེས་ཟབ་མོ་དང་སྤུན་ཟླ་བློ་མཐུན་ལྟ་བུའི་མཉམ་ལས་རོགས་རེས་ཀྱི་འབྲེལ་བ་གང་ལེགས་མཚོན་པ་དང་། ལོ་སི་དང་ཀྲུང་གོའི་ལས་དབང་གཅིག་མཐུན་མ་ལག་གི་སྙིང་སྟོབས་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད་པས། ལོ་སིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།
          ཁོང་གིས། ང་རང་ནས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ལོ་སིའི་སྲིད་གཞུང་། མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུ་རྒྱུ་མ་ཟད་ང་རང་སྒེར་གྱི་མིང་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་བློ་མཐུན་ཞི་ཅིན་ཕིང་དང་། སྐུ་ཉིད་བརྒྱུད་ལོ་སིའི་ཏང་དང་། སྲིད་གཞུང་། མི་རིགས་ཁག་གི་མི་དམངས་བཅས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཐད་ཡུན་རིང་མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་མཁན་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་སྲིད་གཞུང་། དེ་བཞིན་སྤུན་ཟླ་ལྟ་བུའི་ཀྲུང་གོ་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
          པེན་དབྱང་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ལ་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
          པེན་དབྱང་ནས། ལོ་སི་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་དང་། ཡུན་རིང་བརྟན་ལྷིང་ཡིན་པའི་ལོ་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ། དེ་བཞིན་ལོ་སི་དང་ཀྲུང་གོའི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱ་རྒྱུ་རྒྱུན་ཆད་མེད་པར་སྲ་བརྟན་གོང་འཕེལ་ཡོང་བ་དང་དེར་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་སྔར་བས་མང་བ་བསྐྲུན་ཐུབ་པའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།