དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།

སྤེལ་དུས 2020-06-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་སློབ་གླིང་དང་སློབ་གྲྭའི་སློབ་གསོའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་བྱས་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་སློབ་གླིང་དང་སློབ་གྲྭའི་སློབ་གསོའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་བྱས་པ་དང་། 2020ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
          《སྲོལ་ཡིག》གིས། དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བྱེད་རྒྱུར་དམིགས་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས། དམག་འཐབ་ཆེད་མི་སྣ་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས། གཞི་གཅིག་ཅན་གྱི་བཀོད་ཇུས་མཐའ་འཁྱོངས། ནང་གནས་ཀྱི་འཕེལ་རྒྱས་མཐའ་འཁྱོངས། སློབ་གསོ་ནན་པོ་དང་། སློབ་ཁྲིད་ནན་པོ། ཞིབ་འཇུག་ནན་པོ། ཡིག་རྒྱུགས་ནན་པོ་བཅས་དོན་འཁྱོལ་བྱས་ཏེ་སློབ་གླིང་དང་སློབ་གྲྭའི་སློབ་གསོའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ལས་དོན་འཁོར་རྒྱུག་ཚད་ལྡན་དུ་བཏང་ཡོད་པ་རེད།
          《སྲོལ་ཡིག》ལ་ཁྱོན་ལེའུ་11དང་དོན་ཚན་90ཡོད་ཅིང་། སློབ་གླིང་དང་སློབ་གྲྭའི་སློབ་གསོའི་དོ་དམ་མ་ལག་སྤྱི་ཡོངས་ནས་བསྐྱར་སྒྲིག་བྱས་པ་དང་། རིམ་ཁག་གི་འགན་འཁྲིའི་མཐུད་མཚམས་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད་བྱས་ཏེ་སློབ་གླིང་དང་སློབ་གྲྭ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་བླང་བྱ་ལག་བསྟར་བྱེད་པ་དང། དམག་མིའི་ངོ་བོ་དམག་དང་དམག་རྒྱག་གི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་དམག་དཔུང་སློབ་གླིང་དང་སློབ་གྲྭའི་སློབ་གསོའི་གཞི་རྩའི་བཀོད་ཇུས་ལེགས་སུ་གཏོང་བ། སློབ་གླིང་དང་སློབ་གྲྭའི་སློབ་ཁྲིད་ལས་དོན་དང་། ཚན་རིག་ཞིབ་འཇུག་གི་ངེས་གནས་བླང་བྱ་དང་ལས་འགན་གཙོ་བོ་ཚད་ལྡན་དུ་གཏོང་བ། སློབ་གླིང་དང་སློབ་གྲྭའི་འགོ་ཁྲིད་དང་། དགེ་རྒན། སློབ་མ་བཅས་ཀྱི་ཚད་གཞིའི་བླང་བྱ་ཁ་གསལ་བཟོ་བ། ཆབ་སྲིད་ཀྱི་འཇོན་ཐང་གསོ་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སློབ་གཉེར་བྱེད་སྒོ་མཐའ་དག་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་ཐུབ་པར་དམིགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དྲང་བདེན་གྱི་བསམ་བློ་དང་། འཇོན་ཐང། བློ་སྟོབས། ཀུན་སྤྱོད་བཅས་ལྡན་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱེད་ཆེད་འགན་ལེན་བརྟན་པོ་བྱེད་དགོས། སློབ་གླིང་དང་སློབ་གྲྭའི་མ་ལག་གསར་པ་འཁོར་རྒྱུག་དང་དམག་དོན་ཤེས་ལྡན་མི་སྣ་གསར་པ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ཁྱད་ཆོས་དང་ཆོས་ཉིད་ལ་དམིགས་ཏེ་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་། དམག་དཔུང་སློབ་གླིང་དང་སློབ་གསོའི་འདུ་ཤེས་དང་། ལམ་ལུགས། ནང་དོན། ཐབས་ཤེས། བཅོས་སྐྱོང་བཅས་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སློབ་བསྡུ་དང་། འགན་ལེན། སྤེལ་རེས་མཉམ་ལས་སོགས་ཀྱི་འདེགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྒྲིག་སྲོལ་གསར་པའི་འོག་སློབ་གླིང་དང་སློབ་གྲྭའི་ནང་ཁུལ་དོ་དམ་གྱི་འཁོར་རྒྱུག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།