དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།

སྤེལ་དུས 2020-06-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཀྲུང་གོ་དང་ཨ་ཧྥེ་རི་ཁར་རིམས་ནད་ཀྱི་ཚོད་བགམ་ནན་པོ་འཕྲད་པ་དང་། མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་བློ་བརྟན་འགྱུར་མེད་ ངང་མཉམ་དུ་རིམས་ནད་ལ་འགོག་རྒོལ་དང་། ཀྲུང་ཧྥེའི་མཉམ་ལས་ལ་སྐུལ་འདེད། ཕྱོགས་མང་རིང་ལུགས་ལག་ལེན། ཀྲུང་ཧྥེའི་མཛའ་མཐུན་ལ་སྐུལ་འདེད། ཀྲུང་ཧྥེའི་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་ འདུས་གྲུབ་མཉམ་གཏོད་བཅས་བྱས་ཏེ་ཀྲུང་ཧྥེའི་ཕྱོཌ་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

          ཟླ་6ཚེས་17ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་ཧྥེའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ《མཐུན་སྒྲིལ་རིམས་འགོག་གིས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། ད་ཐེངས་ཀྱི་དབུ་ཚོགས་དེ་ནི་ཀྲུང་གོ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་བཅས་ཀྱིས་ཐུན་མོང་ཐོག་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་། ཚོགས་འདུ་དེ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་ཞིག་རེད། 
          ཚེས་17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་ཧྥེའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ《མཐུན་སྒྲིལ་རིམས་འགོག་གིས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རིམས་ནད་ཀྱི་མདུན་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ངག་ཐོག་ནས་ཕན་ཚུན་རོགས་སྐྱོར་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་འགོག་ལས་དོན་སྤེལ་བས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དེ་བས་མཐུན་སྒྲིལ་དང་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ལ་ཀྲུང་གོས་གཅེས་འཛིན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བའི་ཀྲུང་གོ་ཕྱོགས་ཀྱི་ཆོད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མི་སྲིད། ཨ་ཧྥེ་རི་ཁའི་རིམས་འགོག་བྱ་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་པོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཧུར་ཐག་བྱས་ནས། བློ་བརྟན་འགྱུར་མེད་ངང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྥེའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྥེའི་མཛའ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྥེའི་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་དང་དེ་བས་ཟབ་པའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག《ཀྲུང་ཧྥེའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
          ད་ཐེངས་ཀྱི་དབུ་ཚོགས་དེ་ཀྲུང་གོ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་བཅས་ཀྱིས་ཐུན་མོང་ཐོག་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་། ཚོགས་འདུ་དེ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་ཞིག་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་དང་། སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཁོང་ཀོའི(ཅིན)ཙུང་ཐུང་ཆི་སའེ་ཁེ་ཏི། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པེན། ཀ་པོན་གྱི་ཙུང་ཐུང་པང་ཀེ ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ། མ་ལིའི་ཙུང་ཐུང་ཁའེ་ཐ། ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ། ནི་ཀྲེ་རི་ཡའི་ཙུང་ཐུང་པུ་ཧ་ལི། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ། ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུ་ཝ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥ་ཅི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་དམིགས་བསལ་གདན་ཞུའི་སྐུ་མགྲོན་གྱི་ངོས་ནས་ཚོགས་འདུར་ཞུགས་ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། འཛམ་གླིང་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་པའི་དུས་སྐབས་གལ་ཆེན་འདིར། ང་ཚོས་ད་ཐེངས་ཀྱི་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་འཚོགས་ནས། གྲོགས་པོ་གསར་རྙིང་རྣམ་པ་དང་བརྙན་ལམ་བརྒྱུད་ལྷན་འཛོམས་བྱས་ཏེ། མཐུན་སྒྲིལ་རིམས་འགོག་གི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས་པ་དང་། ཀྲུང་ཧྥེའི་སྤུན་ཟླའི་མཛའ་སེམས་མཉམ་དུ་གླེང་ཡོད། ད་ཐེངས་ཀྱི་རིམས་ནད་གློ་བུར་དུ་ཐོན་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་ལ་རྡབ་རྡེག་ཚབས་ཆེན་བཟོས་ནས་མི་ཁྲི་བཅུ་ཕྲག་ཁ་ཤས་ཀྱི་རྩ་ཆེའི་ཚེ་སྲོག་ཤོར་ཡོད། ངས་གྲོས་འགོ་འདོན་རྒྱུར། ང་ཚོས་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་ངག་བསྡམས་ནས་མྱ་ངན་ཞུ་རྒྱུ་དང་ཁོང་ཚོའི་གཉེན་ཉེར་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། རིམས་ནད་ཀྱི་མདུན་དུ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ངག་ཐོག་ནས་ཕན་ཚུན་རོགས་སྐྱོར་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་འགོག་ལས་དོན་སྤེལ་བས། ཕྱོགས་གཉིས་པོ་དེ་བས་མཐུན་སྒྲིལ་དང་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ལ་ཀྲུང་གོས་གཅེས་འཛིན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བའི་ཀྲུང་གོ་ཕྱོགས་ཀྱི་ཆོད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མི་སྲིད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀར་རིམས་འགོག་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་འཕྲད་ཡོད། ང་ཚོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས། ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་བྱེད་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཧུར་ཐག་བཅས་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་བྱེད་དགོས།
          གཅིག་ནས། ང་ཚོས་བློ་བརྟན་འགྱུར་མེད་ངང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་དགོས། ཨ་ཧྥེ་རི་ཁ་ཕྱོགས་ཀྱི་རིམས་འགོག་བྱ་སྤྱོད་ལ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དངོས་ཟོག་རོགས་སྐྱོར་དང་། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་གཏོང་། ཨ་ཧྥེ་རི་ཁ་ཕྱོགས་ཀྲུང་གོར་རིམས་འགོག་དངོས་ཟོག་ཉོ་བར་ཡོང་རྒྱུར་གཞོགས་འདེགས་བཅས་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔ་སྣུར་དུ་ལོ་འདིའི་ནང་ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་གི“བདེ་ཐང་འཕྲོད་བསྟེན་བྱ་སྤྱོད”ལག་བསྟར་ཡག་པོ་བྱེད་པ། ཀྲུང་ཧྥེའི་མཛའ་མཐུན་སྨན་ཁང་འཛུགས་སྐྲུན་དང་ཀྲུང་ཧྥེའི་ཁ་གཏད་སྨན་ཁང་གི་མཉམ་ལས་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྥེའི་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཐུབ་པ་དང་འབྲེལ་སྤྱོད་འགོ་ཚུགས་རྗེས། སྔོན་ལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཕན་པ་ཐོབ་པ་བྱ་རྒྱུའི་ཁས་ལེན་བྱེད་རྒྱུ་ཡིན།
          གཉིས་ནས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྥེའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་འབྲེལ་ཡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྤྱི་ལོ་2020ལོའི་ལོ་མཇུག་ཏུ་དུས་བཀག་ཐིམ་པའི་ཀྲུང་གོར་འཇལ་དགོས་པའི་སྐྱེད་མེད་དངུལ་བུན་གྱི་བུ་ལོན་རྩ་ཆག་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རིམས་ནད་ཕོག་ཚབས་ཧ་ཅང་ལྕི་བ་དང་གནོན་ཤུགས་ཧ་ཅང་ཆེ་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེའི་ནང་བུ་ལོན་འཇལ་བའི་དུས་ཚོད་སྔར་བས་ནར་འགྱངས་གཏོང་རྒྱུ་ཚུད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་ཡོད་དངུལ་རྩའི་སྒྲིག་གཞིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་ནར་འགྱངས་ཀྱི་གྲོས་འགོར་གཞིགས་པ་དང་། ཁྲོམ་རའི་རྩ་དོན་གཞིར་བཟུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཚོང་ལས་བདག་དབང་གི་དངུལ་བུན་བཀོད་སྒྲིག་ཐད་མཛའ་མཐུན་གྲོས་མོལ་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་ནར་འགྱངས་གྲོས་འགོ་དོན་འཁྱོལ་བྱེད་རྒྱུ་མ་ཟད། མིག་སྔའི་བུ་ལོན་ནར་འགྱངས་གྲོས་འགོ་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་ལ་བུ་ལོན་འཇལ་བའི་དུས་ཚད་སྔར་བས་ནར་འགྱངས་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཕྱོགས་མང་དངུལ་རྩའི་སྒྲིག་གཞིས་ཨ་ཧྥེ་རི་ཁའི་བུ་ལོན་ཆག་ཡང་དང་དུས་འགྱངས་ཀྱི་གནད་དོན་ཐད་སྔར་བས་ནུས་པ་ལྡན་པའི་བྱ་སྤྱོད་སྤེལ་རྒྱུའི་རེ་བ་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འདོད་མཐུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། དེ་བཞིན་རོགས་ཟླ་གཞན་དག་དང་མཉམ་དུ་ཨ་ཧྥེ་རི་ཁར་རིམས་འགོག་མཉམ་ལས་ཀྱི་རོགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ཨ་ཧྥེ་རི་ཁས་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཛུགས་སྐྲུན་འགན་ལེན་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་དང་། རིག་ལྡན་གྲོང་ཁྱེར། ནུས་རྒྱུ་གཙང་མ། 5Gསོགས་ཀྱི་ལས་རྣམ་གསར་པའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད།
          གསུམ་ནས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ང་ཚོས་རིམས་ནད་ཆབ་སྲིད་ཅན་ལ་འགྱུར་བ་དང་ནད་དུག་མིང་བྱང་ཅན་ལ་འགྱུར་བར་ངོ་རྒོལ་བྱེད་རྒྱུ་ཡིན་ལ། རིགས་རྒྱུད་མཐོང་ཆུང་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་ངོ་རྒོལ་བྱས་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།
          བཞི་ནས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྥེའི་མཛའ་མཐུན་ལ་སྐུལ་འདེད་གཏོང་དགོས། ངས་ལས་རོགས་རྣམ་པའི་དབར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བརྟན་དུ་བཏང་སྟེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་ཧྥེ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
          མཇུག་ཏུ་ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཐོག་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གཏན་འབེབས་གཅིག་མཐུན་བྱས་ཡོད། དེ་རིང་ང་ཚོས་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་འཚོགས་དོན་ནི། བྱ་སྤྱོད་དངོས་ཀྱི་ཐོག་ནས་པེ་ཅིང་གི་དབུ་ཚོགས་ཀྱི་ཁས་ལེན་ལག་བསྟར་བྱས་པ་ཞིག་ཡིན་ལ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་ཞིག་ཀྱང་ཡིན། མཐར་མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་པ་དང་། ཀྲུང་ཧྥེའི་མི་དམངས་ཀྱང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
          ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་གཏམ་བཤད་སྤེལ་སྐབས། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོ་དང་ཨ་ཧྥེ་རི་ཁར་མཆེད་པའི་འགག་རྩའི་དུས་སུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་འཚོགས་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་འབྲེལ་བ་སྲ་ཞིང་བརྟན་པ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་མཉེན་ཤུགས་སླར་ཡང་མངོན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་། ལྟ་རེས་སྐྱོང་རེས། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་ཨ་ཧྥེ་རི་ཁས་རིམས་ནད་འགོག་རྒོལ་ཆེད་དངོས་ཟོག་དང་། ལག་རྩལ། ཉམས་མྱོང་སོགས་ཕྱོགས་ཁག་གི་རྩ་ཆེའི་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ནི་སྔར་བྱུང་མྱོང་མེད་པའི་གོ་ལ་ཧྲིལ་པོའི་ཉམས་ཉེན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱོགས་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བཅས་བྱས་ཚེ། མཐའ་མཇུག་གཞི་ནས་རྒྱལ་ཁ་ཐོབ་ཐུབ། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་འབྲེལ་ཡོད་བུན་དབང་རྒྱལ་ཁབ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བུ་ལོན་སྔར་བས་ནར་འགྱངས་དང་ཆག་ཡང་གཏོང་བ་དང་། སྨན་བཅོས་དང་། སྨན་རྫས། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སླར་གསོ། རང་བརྟེན་དང་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན། དེའི་ཐད་ཀྲུང་གོས་མིག་དཔེ་བཏོན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ནི་ནམ་ཡང་ཨ་ཧྥེ་རི་ཁའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་རྒྱུ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་བཏོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་མ་ཉམས་ཡུན་གནས་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།
          ད་ཐེངས་ཀྱི་གྲོས་ཚོགས་ནི་དམ་པ་དོན་གཉེར་དང་། ཕན་འབྲས་ཆེ་བ་ཞིག་ཡོད་པ་དང་། དགེ་མཚན་ལྡན་པའི་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཞིང་། དབུ་ཚོགས་ཐོག་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྣེ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་རྒྱུ། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་གང་མགྱོགས་དོན་འཁྱོལ་བྱས་ཏེ་འཕྲོད་བསྟེན་བདེ་ཐང་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཁྱབ་ཁོངས་སུ་གཟིགས་སྐྱོང་དེ་བས་མང་བ་བྱེད་རྒྱུ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།