དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་བྱེད་དགོས་པའི་གསུང་བཤད་གལ་ཆེན་གནང་།

སྤེལ་དུས 2021-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            [སྒྲིག་པ་པོའི་གཏམ།] ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། མཚོ་སྔོན་དུ་གལ་འགངས་ཆེ་ལ་སྐྱེ་ཁམས་གནས་བབ་དམིགས་བསལ་ལྡན་པས་གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད། གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་ཐད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གང་དག་གནང་ཡོད་དམ། ཤིན་ཧྭ་གསར་འགྱུར་ཁང་གི《སློབ་སྦྱོང་བྱེད་བཞིན་ཡོད》ཅེས་པས་ཁྱེད་ལ་འདིའི་སྐོར་ནས་གསལ་བཤད་བྱས་ཡོད།

འདི་ནི2019ལོའི་ཟླ8པའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གདང་ལའི་གྲོང་རྡལ་དུ་ཡོད་པའི་འབྲི་ཆུའི་མགོ་ཁུངས་ཐུའོ་ཐུའོ་གཙང་པོའི་ཆུ་ཡུར(མི་མེད་གནམ་གྲུའི་པར)པར་བླངས་པ་རེད།
            གཙང་གསུམ་མགོ་ཁུངས་དང་མདོ་ལ་རིང་མོ་སོགས་སྐྱེ་ཁམས་ནུས་པ་གལ་ཆེན་ལྡན་པའི་ས་ཁུལ་དུ་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མི་འཚམ་ཞིང་། གཙོ་བོར་སྐྱེ་ཁམས་སྲུང་སྐྱོང་དང་ཆུ་ཁུངས་གསོ་སྐྱོང་བྱས་ཏེ་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་གསར་སྐྲུན་བྱ་དགོས།
            ——2019ལོའི་ཟླ9པའི་ཚེས18ཉིན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ལས་དྲངས།
            རྨ་ཆུའི་སྐྱེ་ཁམས་མ་ལག་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་པས་སྟོད་སྨད་བར་གསུམ་གྱི་ཁྱད་པར་ལ་བསམ་གཞིགས་གང་ལེགས་བྱ་དགོས། སྟོད་རྒྱུད་དུ་གཙང་གསུམ་མགོ་ཁུངས་དང་། མདོ་ལ་རིང་མོ། ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཁུལ་སོགས་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་འཛུགས་སྐྲུན་ལས་གྲྭ་གལ་ཆེན་ཁག་ཅིག་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་ཆུ་ཁུངས་གསོ་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས།
            ——2019ལོའི་ཟླ9པའི་ཚེས18ཉིན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ལས་དྲངས།
            གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་ཐོག་མ་དེ་ཡིན། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་བཅས་བྱས་ནས་མི་རབས་རྗེས་མར་རང་བྱུང་རྒྱུ་ནོར་རྩ་ཆེན་འཇོག་རྒྱུ་དེ་ཡིན། འདི་ནི་ཀྲུང་གོས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།
            ———2019ལོའི་ཟླ8པའི་ཚེས19ཉིན། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག་ལས་དྲངས།

འདི་ནི2019ལོའི་ཟླ6པའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་གི་མངའ་ཁོངས་སུ་པར་བླངས་པའི་རྫ་ཆུ་རེད།
            གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་ཇུས་ཆེན་པོ་ཞིག་ཡིན་ལ། སྐྱེ་ཁམས་གནས་སྤོས་ཡུལ་མི་ནི་སྲིད་ཇུས་དེ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱ་དགོས།
            ——2016ལོའི་ཟླ8པའི་ཚེས22ནས་ཚེས24ཉིན་བར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ལས་དྲངས།
            མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་ཞིང་དམིགས་བསལ་ཡིན་པས་གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་དགོས།
            ——2016ལོའི་ཟླ8པའི་ཚེས22ནས་ཚེས24ཉིན་བར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ལས་དྲངས།
            སྐྱེ་ཁམས་ལས་གྲྭ་དང་། ནུས་སྲི་སྙིགས་འཕྲི། ཁོར་ཡུག་བཅོས་སྐྱོང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་བ། མཚོ་སྔོན་པོའི་མཐར་སྐོར་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེ་ཐང་ཅན་དུ་འགྱུར་བ་འགོག་བཅོས་དང་མཐོ་གྲང་རྩྭ་ཐང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱུགས་དོར་རྩྭ་གསོ་དང་། རྨོ་བསྐྱུར་ནགས་འཛུགས་རྩྭ་གསོ། བྱང་གསུམ་གྱི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་དགོས། ནུས་སྲི་སྙིགས་འཕྲི་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ“དྭངས་གཙང་ཆུ་བོ་ཤར་དུ་ལྷུང་ལྷུང་བཞུར་བར”འགན་ལེན་ཏན་ཏིག་བྱ་དགོས།
            ——2016ལོའི་ཟླ8པའི་ཚེས22ནས་ཚེས24ཉིན་བར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ལས་དྲངས།
            ཀྲུང་གོའི་གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ལས་གྲྭ་དང་། ནུས་སྲི་སྙིགས་འཕྲི། ཁོར་ཡུག་བཅོས་སྐྱོང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཅས་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཙུགས་ནས་མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོའི་མིང་གྲགས་ཅན་གྱི་མིང་བྱང་ཞིག་ཏུ་འགྱུར་བར་བྱ་དགོས།
            ——2016ལོའི་ཟླ3པའི་ཚེས10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་ནང་ཟབ་ཞུགས་བྱེད་སྐབས་ཀྱི་གསུང་བཤད་ལས་དྲངས།
            ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མིག་ལ་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྣང་ཆེན་བྱེད་པ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། གཙང་གསུམ་མགོ་ཁུངས་ལ་སྲུང་སྐྱོང་ཡག་པོ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་ཡག་པོ་བྱས་ནས“དྭངས་གཙང་ཆུ་བོ་ཤར་དུ་ལྷུང་ལྷུང་བཞུར་བར”འགན་ལེན་ཏན་ཏིག་བྱ་དགོས།
            ——2016ལོའི་ཟླ3པའི་ཚེས10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་ནང་ཟབ་ཞུགས་བྱེད་སྐབས་ཀྱི་གསུང་བཤད་ལས་དྲངས།
རྩོམ་སྒྲིག་པ། བདེ་སྒྲོལ།