ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

འབད་འཐབ་ཀྱི་ཉམས་འགྱུར་ལ་བརྟེན་ནས་ལང་ཚོའི་སྤོབས་ཉམས་ངོམས་པ།

སྤེལ་དུས 2023-01-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            གཞོན་ནུ་དར་ན་རྒྱལ་ཁབ་དར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་གཞོན་ནུར་ཐུགས་ཁུར་དང་གཅེས་སྐྱོང་གནང་ཞིང་། ཁོང་གིས་རྒྱ་ཆེའི་གཞོན་ནུ་ཚོར་ཁྱིམ་གཞིས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་ཡར་བརྩོན་གྱི་གཤིས་རྒྱུད་བཟང་དུ་བཏང་སྟེ། འབད་འཐབ་ཀྱི་ཉམས་འགྱུར་ཐོག་ནས་ལང་ཚོའི་སྤོབས་ཉམས་ངོམས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱ་དགོས་པའི་སྐུལ་ལྕག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དེས་དུས་རབས་གསར་པའི་གཞོན་ནུ་ཚོས་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་རྒྱུར་ཁྲིད་སྟོན་ཐུབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བཞིན་ཡོད།
            དགུན་ཁའི་གུང་གསེང་འདིར། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ་སྟོང་ཕྲག་གིས་མེས་རྒྱལ་གྱི་ས་གནས་ཁག་ཏུ“ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བསམ་བློའི་གསང་ཨང་འཚོལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བརྟག་ཞིབ་བྱས་ཡོད། གུང་གསེང་མཇུག་འགྲིལ་སྐབས། ཁོང་ཚོས་སྤྱི་ཚོགས་ཀྱི་ལག་ལེན་དངོས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་དང་ཕྱོགས་བསྡུས་བྱས་ཏེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་ཚོར་མཉམ་སྤྱོད་བྱ་རྒྱུ་ཡིན་པ་རེད།
            གོམ་སྟབས་ལ་བརྟེན་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོར་ཚད་འཇལ་བ་དང་མིག་ཟུང་ལ་བརྟེན་ནས་ཀྲུང་གོའི་སྙིང་སྟོབས་ཤེས་རྟོགས་བྱེད་དགོས། དེ་ནི2022ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་རྒྱ་ཆེའི་གཞོན་ནུ་ཚོར་གནང་བའི་མངགས་བཅོལ་ཟབ་མོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་གཞི་ཚུགས་ན། ཀྲུང་གོའི་གཞོན་ནུའི་འབད་འཐབ་དམིགས་འབེན་དང་མདུན་སྐྱོད་ཁ་ཕྱོགས་གཅིག་ཏུ་བསྡུ་ཆོག དེ་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་སྟེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་བའི་དུས་རབས་ཀྱི་མི་རབས་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་བསྟན་གནང་ཡོད།
            ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི2022ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཞུའེ་སི་ཆིས། ང་ཚོ་དེང་རབས་ན་གཞོན་ཚོའི་དཔལ་འབར་བའི་ལང་ཚོར་ཡང་ཕུགས་བསམ་དང་དད་སེམས་བརྟན་པོ་དགོས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་གཞོན་ནུ་ཚོར་བཅངས་པའི་རེ་བ་ཆུད་ཟོས་སུ་གཏོང་མི་ཉན་ཞེས་གསུངས་པ་རེད།
            ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ནས་བསམ་པའི་རྨང་གཞི་བརྟན་དུ་གཏོང་བ་དང་། དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད་ཅེས་བསྟན་ཡོད། གཞོན་ནུ་མང་པོ་ཞིག་གི་ངོས་ནས་བརྗོད་ན། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི“མཐུད་རྒྱུགས་འགྲན་བསྡུར”ནང་ཞུགས་རྒྱུ་ནི་ན་གཞོན་ཚོས་གཞན་ལ་དཀྲི་ཐབས་བྲལ་བའི་རང་འགན་ཞིག་ཡིན།
            ཧྲན་ཞི་ཞིང་ཆེན་ཧྥུན་ཞི་རྫོང་ཏོན་གྲོང་ཚོར། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཅ་ལི་ཉེ་ཆར་ལས་བྲེལ་ཆེན་པོ་ཡོད། ཁ་བ་ཆེན་པོ་ཞིག་བབས་པའི་དབང་གིས་གྲོང་ཚོའི་ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ལ་ཆག་པས། གྲོང་མིས་གསོ་ཚགས་བྱས་པའི་ཕྱུགས་རིགས་འཁྱགས་ཤི་ཐབས་དོག་གི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ལི་ཅ་ལི་དང་གྲོང་ཚོའི་ལས་བྱེད་པས་ཁྱིམ་དུད་རེ་རེ་བཞིན་བསྐྱོད་ནས་ས་གནས་ས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱས་ཡོད།
            ན་ནིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་བ་བུ་ཡུག་ལ་ཐུགས་འཛེམས་མ་གནང་བར་ཏོན་གྲོང་ཚོར་ཕེབས་པ་དང་། ཞིང་དུད་ཕེབས་ནས་གྲོང་མི་དང་འཚོ་བའི་སྐོར་གླེང་གནང་བ་དང་བདེ་སྡུག་བཀའ་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ལི་ཅ་ལི་ཡིས་ད་བར་བརྗེད་མེད།
            ཧྲན་ཞི་ཞིང་ཆེན་ཧྥུན་ཞི་རྫོང་སེང་ཉན་གྲོང་རྡལ་ཏོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཅ་ལི་ཡིས། ང་ཚོའི་གྲོང་ཚོ་ནི་དེ་སྔ་ལུའེ་ལེའང་རི་ཁུལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གཏོགས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སྐབས“དབུལ་ལོག་ཐེབས་རྒྱུར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་འབད་འཐབ་ས་བཀྲར”དོ་ཁུར་ཆེན་པོ་གནང་གི་འདུག སྐབས་དེ་དུས་ང་ཚོའི་འབད་འཐབ་ས་བཀྲ་དེའི་ཐོག་རོགས་སྐྱོར་བྱ་ཐབས12བཏོན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བྱ་ཐབས་ཚང་མར་དོ་ཁུར་ཆེན་པོ་གནང་སོང་། སྤྱི་ཁྱབ་ཧྲུའུ་ཅིས་དུས་རྣམ་ཀུན་ཏུ་མང་ཚོགས་ཐུགས་སུ་འཇོག་གནང་མཛད་པ་ང་རང་ཚོར་བ་ཟབ་མོ་སྟེར་བྱུང་ཞེས་བརྗོད་པ་རེད།
            ཏོན་གྲོང་ཚོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་དང་འབྲལ་ཐབས་མེད་ཅེས་བསྟན་གནང་ཡོད། འདས་ཟིན་པའི་ལོ་གཅིག་ནང་། ལི་ཅ་ལི་དང་གྲོང་ཚོའི་ནང་གི“ཞིང་པ་གསར་པ”ཚོས་མཉམ་དུ་ཡུལ་མི་ཚོའི་སྣེ་ཁྲིད་དེ་དེང་རབས་ཅན་གྱི་རིག་ནུས་དྲོད་ཁང་དང་སྔོ་ཚལ་ཤིང་འབྲས་དྲོད་ཁང་ཡུག་སྦྲེལ་དུ་བསྐྲུན་ནས་ཞིང་ལས་ལའང་གྲངས་འཛིན་གྱི་གཤོག་ཟུང་བསྒར་ཡོད། ཉིན་ཤས་ནང་། གྲོང་ཚོའི་ནང་གསར་དུ་བསྐྲུན་པའི་ཤ་མོའི་དྲོད་ཁང་ཆེན་མོར་ཤ་མོ་སྐྱེ་ཚུལ་ཡག་པོ་ཡོད་པ་རེད།
            ལི་ཅ་ལི་ཡིས། ངས་ལང་ཚོ་གྲོང་གསེབ་དར་རྒྱས་གཏོང་བའི་ཞིང་ནང་དུ་སྐྱེལ་བ་དང་། མེས་རྒྱལ་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་སྐྱོད་ཐུབ་པ་བྱེད་ཀྱི་ཡོད་པས། སྤོབས་སེམས་ཆེན་པོ་སྐྱེ་གི་འདུག ལོ་གསར་པའི་ནང་། ངས་ཡུལ་མི་སྤུན་ཟླ་རྣམས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ཆེན་པོས་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་འགོད་མཛེས་སྡུག་ལྡན་པ་དག་རེ་རེ་བཞིན་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
            དེང་དུས་ཀྲུང་གོའི་གཞོན་ནུ་རྣམས་དུས་སྐབས་ཡག་སྒང་ལ་སྐྱེས་པ་དང་ཁྲག་སྟེང་གི་འགན་འཁྲི་ལྕི་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་སེམས་ནང་བརྟན་པོར་ངེས་ནས་ཁོང་ཚོས་ཚན་ཞིབ་འཐབ་ཕྱོགས་དང་པོའི་ཐོག་འབད་འཐབ་བྱེད་བཞིན་པ་དང་། བློ་རིག་གཅིག་འདུས་ཀྱིས་ཕུགས་འདུན་དོན་དུ་གཉེར་བ། འགྲན་རའི་ཕྱི་ནང་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་རང་གིས་རང་ལ་ཡིད་ཆེས་དང་ཞུམ་མེད་ཀྱི་ཐོག་ནས་ཀྲུང་གོའི་སྟོབས་ཤུགས་མངོན་པར་བྱེད་བཞིན་ཡོད། གངས་ལྗོངས་མཐའ་མཚམས་སུ་བཅའ་སྡོད་ས་སྲུང་གིས་ལྷག་བསམ་རྣམ་དག་ཐོག་ནས་རྫོགས་ལྡན་ཀྲུང་ཧྭ་སྲུང་སྐྱོབ་བྱེད་པ་དང་རྒྱང་སྐྱོད་གསར་པའི་དུང་སྒྲ་གྲགས་ཟིན་ཞིང་། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་འབད་འཐབ་རྣམ་པའི་ཐོག་ནས་ལང་ཚོའི་གཟི་དཔལ་ངོམས་བཞིན་དུ་གཟི་བརྗིད་དང་ཕུགས་བསམ་གསར་པ་དོན་གཉེར་བྱེད་མུས་ཡིན།
            མཁའ་སྐྱོད་བཟོ་ལས་ཧྲེན་ཡང་གནམ་གྲུའི་བཟོ་ལས་ཚོགས་པ་ཀུང་སིའི་ལུའོ་དབྱང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཐན་ཧྥང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཕུགས་བསམ་ལྡན་པ་དང་འགན་འཁྲི་ཁུར་ཕོད་པ། དཀའ་སྡུག་མྱོང་ནུས་པ། འབད་འཐབ་བྱེད་ཐུབ་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱ་དགོས་ཞེས་བཀའ་སློབ་གནང་ཡོད། ལོ་གསར་པའི་ནང་། ང་རང་གིས་ཀྱང་རུ་མི་ཚོའི་སྣེ་འཁྲིད་དེ་འགག་གཏོར་དཀའ་སེལ་གྱིས་མཁའ་སྐྱོད་ཚན་རྩལ་གྱི་རང་ཚུགས་རང་བརྟེན་ལ་སྐུལ་འདེད་གཏོང་བའི་ཐད་རྩེར་སྙེག་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
            བོད་ལྗོངས་དམག་ཁུལ་ཁང་གི་ས་མཐོའི་མཐའ་སྲུང་མིག་དཔེའི་ཡིང་ཤོག་གི་བརྒྱ་དཔོན་ཕན་ཧུང་ཧྲོའེ་ཡིས། དཔྱིད་གསར་དུས་ཆེན་རིང་། ང་ཚོས་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི5100ཟིན་པའི་གངས་ལྗོངས་ས་མཐོའི་ཐོག་བཅའ་སྡོད་ས་སྲུང་བྱེད་བཞིན་ཡོད། དུས་རབས་གསར་པའི་གཞོན་ནུ་དཔོན་དམག་ཅིག་གི་ངོས་ནས། ང་ཚོས་སྔ་བར་ཕྱི་གསུམ་དུ་སྤྱི་ཁྱབ་བཀོད་འདོམས་པའི་བཀའ་མངག་སེམས་ནང་བརྟན་པོར་ངེས་ནས་གངས་ལྗོངས་ས་མཐོའི་ཐོག་བཅའ་སྡོད་ཀྱིས་ལྷག་བསམ་རྣམ་དག་སྒོ་ནས་རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་འཁུར་བ་དང་། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་ལང་ཚོའི་ཕུགས་བསམ་ཀྱི་དཔྱིད་དཔལ་བཞད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།