སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་བསྟན་གནང་ཡོད། ལོ་འདི་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐུན་སྦྱོར་གོང་འཕེལ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནས་བབ་ཧྲིལ་པོའི་ཁྲོད་བཞག་ནས་དགོངས་བཞེས་འཆར་འགོད་གནང་བ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་གནང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།
ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བའི་དོན་ཆེན་ཞིག་ཡིན། ལོ་འདི་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅིའི་རྟོག་ཞིབ་ཞབས་རྗེས་རང་རྒྱལ་གྱི་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་སུ་ཁྱབ་པ་དང་། བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་སྟེ་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་སྟོན་དང་འཆར་གཞི་བཀོད་གནང་ཡོད།
ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ནན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཁྲང་ཧྲ་རུ་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད། བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་ནས་འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་བའི་བར་ཕྱོགས་དྲུག་ཐད་ཀྱི་བླང་བྱ་བཏོན་གནང་ཡོད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་ལ་ཆ་མཚོན་ན། ཟླ་4པའི་ཟླ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲུང་ཆིང་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཐེངས་དང་པོ་དེ་ཡིན། ཁྱད་ལྡན་བཟང་ཆའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པའི་བར། སྤྱི་ཁྱབ་ཧྲུའུ་ཅིས་“མཐའ་འཁྱོངས་དྲུག་”གི་བླང་བྱ་བཏོན་གནང་ཡོད། ཞི་ཅིན་ཕིང་གིས། གོམ་གང་མདུན་སྤོས་ངང་སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཆགས་པ་བྱེད་པ་དང་། ས་ཁོངས་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་རྒྱུན་མཐུད་གོང་འཕེལ་གྱི་ནུས་པ་ཆེ་རུ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
ད་ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དང་ཉིང་ཞ་རུ་རྟོག་ཞིབ་གནང་བར་ཕེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ས་ཡུལ་དངོས་སུ་མཛུབ་ཁྲིད་གནང་བ་དེས་ནུབ་རྒྱུད་ས་ཁུལ་འདི་ཉིད་རང་རྒྱལ་གྱི་འབྱུང་ཁམས་བང་མཛོད་དང་། གོང་འཕེལ་གྱི་ཞིང་ས་གཤིན་པོ། བདེ་འཇགས་སྲུང་ཡོལ། སྒོ་དབྱེའི་མདུན་གྲལ་བཅས་སུ་འགྱུར་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་ཡོད། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ཀྲུང་གོ་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཏུང་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིས་བརྟག་ཞིབ་ཐེངས་རེ་རེ་གནང་བ་ནས་བཞུགས་མོལ་ཚོགས་འདུ་ཐེངས་རེ་རེ་གནང་བའི་བར་དང་། དེ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བླང་བྱ་བཏོན་པ་བཅས་ཀྱི་བར། ང་ཚོས་ཀྲུང་དབྱང་ནས་རྒྱལ་ཡོངས་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཆར་གཞི་དེའི་ཐད་གཅིག་གྱུར་དང་གཅིག་གྱུར་འཆར་འགོད་ཀྱི་བསམ་ཇུས་དང་བཀོད་སྒྲིག་གྲུབ་ཟིན་པ་མཐོང་ཐུབ། ས་ཁོངས་ཆེ་གྲས་ཁག་དང་ཞིང་ཆེན་ཁག་གིས་སྤུས་མཐོའི་གོང་འཕེལ་གྱི་ལས་འགན་ཇི་ལྟར་བྱས་ཏེ་དོན་འཁྱོལ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་ཅེས་གསུངས་འདུག
གནས་བབ་ཧྲིལ་པོར་གཞིགས་ནས་ས་ཁོངས་གཅིག་ལ་འཆར་འགོད་བྱེད་པ་དང་། ས་ཁོངས་གཅིག་གིས་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་འོག ཀྲུང་གོའི་ས་གཞི་ཆེན་མོར་ཤར་ནུབ་ཕན་ཚུན་རོགས་རེས་དང་། ལྷོ་བྱང་མཐུན་སྦྱོར། སྐམ་མཚོ་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བས། རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་དེ་སྔར་བས་ལེགས་སུ་འགྲོ་བཞིན་ཡོད།
དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་གྱི་གོང་འཕེལ་ཁྲོད་ཀྱི་ཆེས་དོ་མི་སྙོམས་པ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་དོ་སྙོམས་མེད་པ་དེ་ཡིན་པ་དང་། མི་འདང་བའི་ཆ་ཆེ་ཤོས་ནི་གྲོང་གསེབ་གོང་འཕེལ་གྱི་ཤུགས་ཚད་མི་འདང་བ་དེ་ཡིན་ཞེས་བསྟན་གནང་ཡོད། ལོ་འདི་ཤར་ཚུན། ས་གནས་སུ་རྟོག་ཞིབ་ལ་ཕེབས་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གཙོ་གནད་ཐོག་ནན་སྟོན་གནང་ཡོད།
ཧུའུ་ནན་དུ། སྤྱི་ཁྱབ་ཧྲུའུ་ཅིས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུ་དེ་ནི་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག“ཞིང་གསུམ་ལས་དོན”གྱི་སྤྱིའི་དམ་འཛིན་བྱ་གཞི་གཙོ་བོ་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད།
ཁྲུང་ཆིང་དུ། སྤྱི་ཁྱབ་ཧྲུའུ་ཅིས། ཁྲུང་ཆིང་དུ་གྲོང་ཁྱེར་ཆེ་མོ་དང་། གྲོང་གསེབ་ཆེ་མོ། རི་ཁུལ་ཆེ་མོ། ཆུ་མཛོད་ཆེ་མོ་བཅས་གཞི་གཅིག་ཏུ་སྡུད་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བསྟན་གནང་ཡོད།
ཉིང་ཤ་རུ། སྤྱི་ཁྱབ་ཧྲུའུ་ཅིས། མི་འབོར་མང་ཉུང་གི་རྣམ་པར་གཞིགས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་ཆས། སྤྱི་པའི་ཞབས་ཞུ་བཅས་གཞི་གཅིག་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ལོ་འདི་ཤར་ཚུན། ས་གནས་ཁག་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བླང་བྱ་ལྟར། ལས་གྲྭ་ཁྲི་སྟོང་གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་པས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཧྲུའུ་ཅི་ཧན་ཅུན་གྱིས། ད་ལོའི་ལོ་སྟོད་དུ་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར་11272ཟིན་པ་དེ་དོན་དངོས་ཐོག་་བརྒྱ་ཆ་6.6འཕར་ཡོད་པ་དང་། དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ཀྱི་འཕར་ཚད་ལས་བརྒྱ་ཆའི་གནས་2.1གི་མཐོ་བ་ཡོད་ཅེས་གསུངས་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ཞེས་བསྟན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་རྒྱལ་ཁོངས་ས་ཆ་གསར་སྤེལ་དང་ས་ཁུལ་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲོའུ་དབྱི་རན་གྱིས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་ཁྱོན་ཡོངས་ནས་བྱས་ཡོད་པ་དང་། ངེས་པར་དུ་རྣམ་པ་གསར་པའི་བཟོ་ལས་ཅན་དང་། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན། དེ་བཞིན་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ཡོང་བར་བྱེད་པ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་ཞེས་བཏོན་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་རྐྱེན་གཙོ་འཁོར་རྒྱུག་ཐུབ་རྒྱུར་ཕན་ཐོགས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོས་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། སྒུལ་ཤུགས་ཀྱི་འབྱུང་ཁུངས་གོང་འཕེལ་གཏོང་བ་དང་སྒུལ་ནུས་ཆེན་པོ་འདོན་སྤེལ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་དར་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། དེང་གི་ཀྲུང་གོས་ཞིབ་ཚགས་ངང་འབྲི་བཞེངས་བྱས་པའི་མཐུན་སྦྱོར་གོང་འཕེལ་གྱི“ཞིབ་བྲིས་རི་མོ”དེ་ནི། ཆུང་ས་ནས་རྒྱ་ཆེ་སའི་ཁྱབ་ཁོངས་བར་སྣུར་བསྲིང་བྱས་ཡོད་ཅིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་མུས་ཡིན་པ་རེད།