འཐུས་མི་དང་ཨུ་ཡོན་གྱི་ཉམས་བཟང་།
སྤེལ་དུས 2018-03-10
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། ནོར་བུ་གཡུ་སྒྲོན།
ཟླ་3ཚེས་7ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན(གཡོན་ནས་གཡས་བར)བསོད་ནམས་ཉི་མ་དང་། སངས་རྒྱས་གྲགས་པ། སྤེན་པ་ལྷ་མོ། སྐལ་བཟང་ནོར་བུ་བཅས་ཀྱིས་ཚོགས་འདུའི་བར་གསེང་དུ་སི་ཁྲོན་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན(གཡས་ཀྱི་དང་པོ)དང་ཚོགས་འདུའི་ནང་དོན་ཚ་ཚ་འུར་འུར་ངང་གླེང་བཞིན་པ།
ཟླ་3ཚེས་7ཉིན་གྱི་སྔ་དྲོ། བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཚེ་རིང་གཡང་འཛོམས་ཀྱིས་འཐུས་མི་ཚོར་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་ཐོག་བརྩེགས་ཁང་ཆེན་གྱི་པར་བསྟན་ནས་ཆབ་མདོ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་དང་སྨན་བཅོས་ཀྱི་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད་ཅེས་བརྗོད།