ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀྲུང་གོའི་ཆེད་མཁས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་སྐད་ཡིག་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་པ།

སྤེལ་དུས 2018-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
              ཤིན་ཧྭ་གསར་འགྱུར་ཁང་ལ་ཟླ་3པའི་ཚེས་9ཉིན་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མིས་ཚེས་9ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་སོ་བདུན་པའི་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་ཡོད་དོ་ཅོག་གི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གཏམ་བཤད་སྤེལ་ཏེ་ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འཐུས་མིར་བོད་སྐད་ཡིག་བེད་སྤྱོད་དང་སྲུང་སྐྱོབ།  འཕེལ་རྒྱས་བྱུང་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
              ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་ལས་འཛིན་པ།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་བཀྲ་ལོས་གཏམ་བཤད་གནང་སྐབས། ཀྲུང་གོའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་ཁག་ལ་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བཏང་ཆོག་པའི་དབང་ཆ་ཡོད་པའི་སྐོར་གཏན་འབེབས་གནང་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁྲིམས་སྲོལ་ནང་དུའང་བོད་ཡིག་ནི་ས་གནས་དེ་གའི་སྤྱི་སྤྱོད་སྐད་ཡིག་ཡིན་པ་དང་། བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་གཅིག་མཚུངས་ཀྱི་ནུས་པ་ཡོད་པའི་སྐོར་གཏན་འབེབས་གསལ་པོ་གནང་ཡོད་ཅེས་བརྗོད་ཡོད་འདུག
              ཁོང་གིས།  དེང་ཆར་བོད་ཀྱི་ཞིང་འབྲོག་པས་བོད་སྐད་དེ་སྐད་ཡིག་གཙོ་བོར་སྤྱོད་ཀྱི་ཡོད་ལ། འོས་འགན་སློབ་གསོའི་དུས་རིམ་དུ་བོད་ལྗོངས་ཀྱིས་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་ཀྱི་ཡོད་དེ། བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མཉམ་དུ་བེད་སྤྱོད་གཏོང་གི་ཡོད་པ་དང་། སྲིད་གཞུང་གིས་ཆེད་དམིགས་ལས་ཁུངས་བཙུགས་ནས་མང་དུ་ཐོན་བཞིན་པའི་ཐ་སྙད་གསར་པ་དང་བརྡ་ཆད་ཚད་ལྡན་དུ་གཏོང་གི་ཡོད་ཅིང་། ཀྲུང་གོ་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་དཔེ་སྐྲུན་ལ་མཐོང་ཆེན་གནང་གི་ཡོད་ལ། ལྷག་པར་དུ་མཁས་དབང་བརྒྱ་ཕྲག་ལྷག་རྩ་འཛུགས་བྱས་ཏེ་དུས་ཡུན་ལོ་ངོ20ཡི་ནང་བོད་ཡིག་པར་མའི《བཀའ་བསྟན》དཔེ་བསྡུར་དང་དཔེ་སྐྲུན་གནང་ཡོད་པ་དང་། དེང་སྐབས། བོད་ཡིག་གི་ཆ་འཕྲིན་ཅན་གྱི་ལག་རྩལ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ནས་བོད་སྐད་ཡིག་དེ་དྲ་ལམ་དུ་བེད་སྤྱོད་གཏོང་པ་ཧ་ཅང་ཁྱབ་རྒྱ་ཆེ་བ་ཞིག་རེད་ཅེས་བརྗོད་བྱུང་།
              བཀྲ་ལོས།  བོད་ལྗོངས་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད། གནའ་བོའི་བོད་ཡིག་ལ་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་མ་ཟད་མུ་མཐུད་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་ཡོད་ཅེས་བསྟན་བྱུང་།