ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྤྱི་ཟླ་༤ཚེས་༢༠ཉིན་སྐབས་བརྒྱད་པའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་” སྤེལ་འགོ་རྩོམ་རྒྱུ་རེད།

སྤེལ་དུས 2018-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྱུར།
          ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་གཅིག་ཡིན་པ་མ་ཟད།  ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལྡན།  དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་ཤུལ་དངོས་རྩ་ཆེན་ཞིག་དང་ཐང་ག་ནི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་སྲིད་ན་དཀོན་པ་ཞིག་ཀྱང་ཡིན།    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན་སྐབས་བརྒྱད་པའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་” ཟླ་༤ཚེས་༢༠ཉིན་འགོ་རྩོམ་རྒྱུ་རེད། 
          རིམ་པ་མི་འདྲ་བའི་རི་མོ་བའི་ལོ་བཤེར་ལྷ་སར་སྤེལ་རྒྱུ་རེད།
          “ཐང་ག་འགྲེམས་སྟོན་ཚོགས་འདུ་”༢༠༡༠ལོའི་རྒྱལ་ཁའི་ངང་འཚོགས་པའི་ཚུན་ལ་བསྟུད་མར་སྐབས་བདུན་པ་གཉེར། སྐབས་བདུན་པའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་”བདེ་ལེགས་ངང་ཡོངས་འགྲུབ་བྱས་པ་དང་།  “ཐང་ག་འགྲེམས་སྟོན་ཚོགས་འདུ་”རུ་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་།  ཐང་གའི་ཐོན་ལས་འཕེལ་རྒྱས་ཐབས་ལམ་ལ་སྔར་ལས་ལྷག་པར་འཚོལ་ཞིབ་བགྱིས་ལ།  རིག་གནས་ཐོན་ཁུངས་དངོས་སུ་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་སྟེགས་བུ་བཟང་པོ་ཞིག་བསྐྲུན།  
          རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་སྐབས་བརྒྱད་པའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་”ལོ་སྔོན་མ་དང་བསྡུར་ན་སྔར་སྣུར་བྱེད་པ་ངོ་སྤྲོད་བྱས།  དེ་ནི་ཟླ་༤ཚེས་༢༠ཉིན་ནས་ཚེས༢༢བར་དུ་འགོ་རྩོམ་རྒྱུ་རེད་། དུས་མཚུངས་སུ་སྐབས་འདིའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་”རིམ་པ་མི་འདྲ་བའི་རི་མོ་བར་ལོ་བཤེར་དང་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བ། བརྩམས་ཆོས་འཚོང་བ་གསུམ་གྱི་བརྗོད་དོན་འདུ་བ་རེད། ལོ་བཤེར་མི་འགྱངས་པར་ལྷ་སར་གཉེར་རྒྱུ་ཡིན་པ་དང་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་དང་བརྩམས་ཆོས་འཚོང་ས་ཅང་སུའུ་ནན་ཅིན་ནས་གཉེར་རྒྱུ་རེད།  
          “《བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་འགྲེམས་སྟོན་ཚོགས་འདུའི་སྒྲིག་ཡིག་》ལྟར་“ཐང་ག་འགྲེམས་སྟོན་ཚོགས་འདུ་” སྐབས་གཉིས་ལྡན་དུ་གཉེར་བའི་ཐང་ག་རི་མོ་བ་རིམ་པའི་ལོ་བཤེར། སྐབས་འདིའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་”ཡིས་དཔྱད་འདེམས་བརྒྱུད་དེ་ལྷ་རིས་པ་༡༢༠ལ་བོད་ལྗོངས་ཀྱི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ལོ་བཤེར་བྱེད་རྒྱུ་ཡིན། “ཞེས་ནོར་བུ་ཚེ་རིང་གིས་དེ་ལྟར་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། ལོ་བཤེར་མཇུག་སྒྲིལ་རྗེས་རིག་གནས་ཐིང་གིས་ལྷ་རིས་པ་༡༢༠འགྲན་བསྡུར་ལ་ཞུགས་པའི་བརྩམས་ཆོས་མཐའ་དག་ནན་ཅིན་དུ་སྤེལ་བའི་“མཐོ་སྒང་གི་ཁྱད་འཕགས་ལག་རྩལ། གནས་མཆོག་གི་བློ་ཐབས་མཁས་པོ་——‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོར་འགྲེམས་སྟོན་བྱ་རྒྱུ་རེད།  ནོར་བུ་ཚེ་རིང་གིས་མཚམས་སྦྱོར་བྱས་དོན་“མཐོ་སྒང་གི་ཁྱད་འཕགས་ལག་རྩལ། གནས་མཆོག་གི་བློ་ཐབས་མཁས་པོ་——‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བ་ནི་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ཅང་སུའུ་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ། ཅང་སུའུ་ཞིང་ཆེན་རིག་གནས་ཐིང་བཅས་མཉམ་འབྲེལ་གྱིས་གཙོ་གཉེར་བྱས་པའི་སྐབས་བརྒྱད་པའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་”ཡི་ཁག་གཞན་དེའི་བྱེད་སྒོ་ནི་འགྲེམ་སྟོན་བྱེད་པའི་གྲུབ་ཆ་གལ་ཆེན་ཡིན་བ་དང། གཅིག་སྡུད་འགྲེམས་སྟོན་དང་འོས་སྦྱོར་གྱི་རིམ་པའི་རི་མོ་བ་དང་ཐང་གའི་བརྩམས་ཆོས།  དེ་བཞིན་ཐང་ག་ཕྱིར་བཙོང་དང་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་རྒྱུ་ ཡིན་པ་རེད།
          འགྲེམས་སྟོན་གྱི་བརྗོད་དོན་ཕྱོགས་བསྡུས་རྣམ་པ་“༥+༡”ཡིན། 
          ནོར་བུ་ཚེ་རིང་གིས་མཚམས་སྦྱོར་བྱས་དོན་“མཐོ་སྒང་གི་ཁྱད་འཕགས་ལག་རྩལ། གནས་མཆོག་གི་བློ་ཐབས་མཁས་པོ་——‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བ་ནི་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་དྲིལ་བསྒྲགས། བོད་ལྗོངས་དང་ཅང་སུའུ་ས་ཁུལ་གཉིས་པོའི་རིག་གནས་བོད་སྐྱོར་སྤེལ་རེས་གསར་སྤེལ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ཀྱི་ཚོང་རའི་ཐབས་ལམ་གཙང་ཕྱགས། བོད་ཀྱི་རིག་གནས་ཐོན་ལས་ལ་རོགས་རམ་བྱེད་པའི་ཡང་དག་དབུལ་སྐྱོར་ལས་ཀ་གཉེར་བའི་བྱ་འགུལ་ཞིག་ཀྱང་ཡིན། བྱེད་སྒོ་འདི་མིག་སྔར་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། 
          ནོར་བུ་ཚེ་རིང་གིས་“མཐོ་སྒང་གི་ཁྱད་འཕགས་ལག་རྩལ།  གནས་མཆོག་གི་བློ་ཐབས་མཁས་པོ་——‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བ་ནི”འགྲེམ་སྟོན་བྱེད་པའི་ནང་དོན་ཕྱོགས་སྡོམ་“༥+༡”གི་རྣམ་པ་ཡིན། དེའི་ཁྲོད་ཀྱི་“༥”ནི་བོད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་དང་བོད་ལྗོངས་ཀྱི་ས་གདན་བསླས་འཐག་སྤུས་ལེགས་འགྲེམས་སྟོན་ཁང་།  བོད་ལྗོངས་ཀྱི་གསར་གཏོད་འགུལ་རིས་གློག་བརྙན་རོལ་མྱོང་ཁང་དང་བོད་ལྗོངས་ཀྱི་རོལ་མོ་གླུ་གར་གཟིགས་དཔྱད་ཁང་། བོད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་སྤུས་དག་འགྲེམས་སྟོན་ཁང་།  རྣམ་གྲངས་འོས་སྦྱོར་ཉོ་ཚོང་འགྲེམས་སྟོན་ཁང་སོགས་ཁྱད་ལྡན་འགྲེམས་ཁང་ལྔ་དང་། རིག་གནས་ཐིང་གིས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཁྱབ་ཁོངས་སུ་ལས་རིགས་ཀྱི་ལས་ཁུངས་དང་མཐུན་ཚོགས།  ཕུལ་བྱུང་གི་ཁེ་ལས་དང་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་རྩ་འཛུགས་བྱེད་རྒྱུ་རེད། “༡”ཞེས་པ་ནི་སྐབས་བརྒྱད་པའི་“ཐང་ག་འགྲེམས་སྟོན་ཚོགས་འདུ་”ལྗོངས་ཕྱི་རུ་ཐང་གའི་ཆེད་དོན་འགྲེམས་སྟོན་བྱེད་རྒྱུ་དང་། དེ་མིན་ད་དུང་རིག་གནས་གསར་གཏོད་ཐོན་ལས་ཞིབ་གྲོས་སྤེལ་རེས། འབྲེལ་ཡོད་གསོ་སྦྱོང་དང་“བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྒེའུ་ཁུང¬¬་ཅང་སུའུ་”ཡི་ཡོལ་རས་འབྱེད་རྒྱུ་རེད། 
          ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་འབད་བརྩོན་བརྒྱུད་དེ་‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’ཞེས་པ་དེ་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཚོང་རྟགས་གལ་ཆེན་དུ་གྱུར་བ་དང་མ་འོངས་པར་ས་ཁོངས་སྤྱི་སྤྱོད་ཀྱི་ཚོང་རྟགས་གསོ་སྐྱོང་དུ་གཏོང་རྒྱུ་ཡིན། རེ་བ་ནི་ད་ཐེངས་ཀྱི་‘མཐོ་སྒང་གི་ཁྱད་འཕགས་ལག་རྩལ། གནས་མཆོག་གི་བློ་ཐབས་མཁས་པོ་——‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’རྩེ་གྲའི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོ་སྤེལ་བའི་”འགྲེམ་སྟོན་སྟེགས་བུར་གྱུར་ཏེ།  ཕྱི་རོལ་དུ་ཉེ་བའི་ལོ་ཤས་རིང་གི་‘བོད་ལྗོངས་ཀྱི་རིག་གནས་གསར་གཏོད་’ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་དང་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། ནོར་བུ་ཚེ་རིང་གིས་བཤད་རྒྱུར། “དུས་མཚུངས་སུ་ང་ཚོས་མི་འགྱང་བར་ཅང་སུའུ་རུ་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྒེའུ་ཁུང་འཛུགས་རྒྱུ་ཡིན་”ཞེས་བཤད། 
          ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་དོན་“བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྒེའུ་ཁུང་”ནི་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་“བོད་ལྗོངས་ཀྱི་རིག་གནས་གསར་གཏོད་”ཕྱི་རུ་སྐྱོད་པའི་བརྒྱུད་རིམ་ཁྲོད་འཚོལ་ཞིབ་བྱས་པ་དང་ཤུགས་སྣོན་རྒྱག་རྒྱུ།  དེ་གཉིས་ཀྱི་རིག་གནས་སྤེལ་རེས་བྱེད་རྒྱུ་དང་། མིག་སྔར་ཧྲེན་ཀྲེན་དང་ཧྲང་ཧའེ་དང་ནེ་པ་ལའི་ཀ་ཏ་མན་རྡུ་ནས་བཙུགས་པའི་སྒེའུ་ཁུང་གི་འཁོར་རྒྱུག་བཟང་པོ་ཡིན། “ལྗོངས་ནང་ཁུལ་གྱི་རིག་གནས་ཐོན་ལས་ཀྱིས་མངོན་པའི་‘ཆུང་འཐོར་ཞན་གསུམ་གྱི་’གནད་དོན་དེའི་རྒྱུ་མཚན་ནི་ཚོང་ར་དོག་ཅིང་ཆུང་བས་བཟོས་པས་ང་ཚོས་ལོ་༥ཡི་དུས་ཚོད་ཀྱི་འཆར་གཞི་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་དུ་ ‘བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྒེའུ་ཁུང་’༣༠ བཙུགས་ཏེ།  སྔར་ལས་ལྷག་པར་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དྲིལ་བསྒྲགས་དང་ ལྗོངས་ཕྱིའི་ཚོང་ར་གསར་སྤེལ་བྱེད་རྒྱུ་ཡིན།” ནོར་བུ་ཚེ་རིང་གིས་དེ་ལྟར་འགྲེལ་བརྗོད་བྱས་སོ། །