ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཕ་ཡུལ་ནི་ཡུལ་སྨད་ཡིན་ལ་རྒྱལ་ཁབ་ནི་ཀྲུང་གོ་ཡིན།

སྤེལ་དུས 2018-03-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། བསྟན་འཛིན།
            མི་དམངས་དྲ་བའི་འཕྲིན། ད་ལོའི་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་ཡི་ཁྲོད་དུ། མི་གཅིག་ནི་ཧ་ཅང་དམིགས་བསལ་ཅན་ཞིག་རེད། ཁོ་མོའི་མིང་ལ་སྒྲོན་དཀར་ཟེར་ཞིང་། མི་རིགས་ནི་བོད་རེད། ད་ལོར་ལོ་57ཡིན་ལ། ཕ་ཡུལ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་དུ་ཡོད་པ་རེད། 
            2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་མོ་དང་གཅུང་མོ་གཡང་འཛོམས་གཉིས་ལ་འཕྲིན་ལན་བསྐུར་གནང་ཞིང་། འཕྲིན་ལན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་པའི་བྱ་སྤྱོད་ལ་ཁག་ཐེག་བྱས་པ་མ་ཟད། ཁོང་ཚོ་ལ་བླ་མེད་ཀྱི་གུས་པ་དང་ལྷད་མེད་ཀྱི་བཀའ་དྲིན་ཆེ་ཞུས་གནང་བ་རེད།
            ཡུལ་སྨད་ཤང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ན་ཡོད་ལ། དུས་བཞིར་གངས་ཀྱིས་གཡོགས་པའི་རི་བོ་ཧི་མ་ལ་ཡ་བརྒལ་བ་ན། ད་གཟོད་གངས་དང་གདོད་མའི་ནགས་ཚལ་གྱིས་བསྐོར་བའི་གྲོང་གསེབ་དེ་མཐོང་ཐུབ།
            ཡུལ་སྨད་ཤང་ནི་ཀྲུང་གོའི་མི་གྲངས་ཆེས་ཉུང་བའི་ཤང་ཞིག་ཡིན་ལ། སྔར་ཆད་འདི་ན་ཨ་ཕ་སངས་རྒྱས་ཆོས་དཔལ་དང་། སྒྲོན་དཀར་གཅེན་གཅུང་བཅས་ཁྱིམ་མི་གསུམ་པོ་བསྡད་ཡོད་པ་རེད། འདི་ནི་རང་རྒྱལ་གྱི་མི་གྲངས་ཆ་བགོས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ཤང་ཞིག་ཀྱང་ཡིན་ལ། རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་3644ཟིན་པས། ཧྲང་ཧའེ་གྲོང་ཁྱེར་གྱི་ཕྱེད་ཀ་ཙམ་ཡོད་པ་རེད།
            སྒྲོན་དཀར་དང་གཡང་འཛོམས་ཁྱིམ་ཚང་གིས་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམ་པར་མེས་རྒྱལ་གྱི་ས་ཆ་འདི་འདྲའི་ཆེན་པོ་ཞིག་སྲུང་ནས་བསྡད་ཡོད་པ་རེད།
            དུས་རབས་སྔ་མའི་ལོ་རབས་50ཡི་མཇུག་ནས་ད་ལྟ་བར་དུ། ཁོང་ཚོ་ཁྱིམ་མི་ཚང་མ་ཡུལ་སྨད་ཤང་དུ་བསྡད་ཡོད་ལ། འཚོ་གནས་ཀྱི་ཆ་རྐྱེན་ཞན་ན་ཡང་། ཁྱིམ་མི་ཚང་མས་ལོ་ངོ་50ལྷག་ལ་བརྟན་སྲུང་བྱས་ཡོད་ལ། མེས་རྒྱལ་གྱི་ས་ཆ་འདི་དང་ས་ཆ་འདི་ཡི་རྩྭ་དང་རྩི་ཤིང་རྐང་རེ་ཚང་མ་བསྲུངས་ཡོད་པ་རེད། 
            མི་དམངས་ཉིན་རེའི་ཚགས་པར་ཕྱི་རྒྱལ་ལ་ཕྱོགས་པའི་པར་ངོས་ཁོངས་གཏོགས་ཀྱི"ཀྲུང་གོའི་གཏམ་རྒྱུད་ལས་སྒྲུབ་ཁང"དང"སློབ་སྦྱོང་ཚོགས་ཆུང" "བདེན་འཛིན་དཔའ་བོའི་གླིང་ཕྲན"བཅས་གསུམ་གྱིས་བསྒྲིགས་པའི་གློག་བརྙན་ཐུང་ངུ་《ཕ་ཡུལ་ནི་ཡུལ་སྨད་ཡིན་ལ་རྒྱལ་ཁབ་ནི་ཀྲུང་གོ་ཡིན་》ཞེས་པ་ལས་སྒྲོན་དཀར་ཚང་གི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།