བོད་ཀྱིས་ལོ་གསུམ་ནང་ཚུན་དུ་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།
སྤེལ་དུས 2018-03-18
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ། རྡོ་རྗེས་བསྒྲིགས།
འདི་ནི་ལྷ་ས་སྐྱིད་ཆུ་བསྐྲུན་པའི་གྲོང་སྐོར་ལམ་གྱི་རྔ་ཆེན་ཟམ་པའི་དུམ་བུ་ཞིག་ཡིན་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། འབྱུང་འགྱུར་ལོ་གསུམ་རིང་བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་བགྲོད་ཤར་གཏོང་རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན།