ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ང་ཚོ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བུ་རབས་ཚ་རྒྱུད་ཡིན་ལ་འུན་ཤིང་ཀོང་ཇོའི་བུ་རབས་ཚ་རྒྱུད་ཀྱང་ཡིན།

སྤེལ་དུས 2018-03-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། “ང་ཚོ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བུ་རབས་ཚ་རྒྱུད་ཡིན་ལ་འུན་ཤིང་ཀོང་ཇོའི་བུ་རབས་ཚ་རྒྱུད་ཀྱང་ཡིན།”  གཏམ་བརྗོད་ཟློས་གར་《ཐུན་མོང་གི་ཁྱིམ་གཞིས་》ནང་གི་ལྷད་མེད་བརྩེ་བ་ཟབ་པའི་འཁྲབ་ཚིག་འདི་ལ་མི་རྣམས་ཀྱིས་བསམ་ཚོར་གཅིག་མཐུན་བྱུང་། མི་སྣ་གཙོ་བོས་སྐད་ཆ་འདི་བཤད་མ་ཐག་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཟློས་གར་དུ་བོད་དམག་གིས་བཀའ་ལྟར་དམག་འཁྲུག་ཏུ་ཞུགས་ནས་རྒྱལ་ཁབ་ཀྱི་ཆེད་དུ།  རང་སྲོག་བློས་བཏང་བའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་ལ་ཡུལ་དངོས་ཀྱི་ལྟད་མོ་བ་གྲངས་མེད་ཀྱིས་མིག་ཆུ་ཤོར།
          ཟླ3ཚེས་20ཉིན་གྱི་དགོང་མོར། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་ཆེད་དོན་འཁྲབ་སྟོན།—— གཏམ་བརྗོད་ཟློས་གར་《ཐུན་མོང་གི་ཁྱིམ་གཞིས་》བོད་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འཁྲབ་སྟོན་བྱས།
          ཟློས་གར་དེ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་2016ནས་2017ལོའི་བར་ཇུས་འགོད་བྱས་པའི་གཙོ་གནད་བརྩམས་ཆོས་ཡིན།   བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གསར་རྩོམ་བྱས་པའི་ཕུལ་བྱུང་གར་སྟེགས་ཟློས་གར་ཞིག་ཡིན།  གཏམ་བརྗོད་ཟློས་གར་《ཐུན་མོང་གི་ཁྱིམ་གཞིས་》ནི་ལོ་རྒྱུས་ཀྱི་དོན་དངོས་གཞིར་བཟུང་ནས་གསར་རྩོམ་བྱས་པ་དང་། ནང་དོན་གཙོ་བོ་ནི་1840-1842ལོའི་བར་གྱི་ཉལ་ཐའི་དམག་འཁྲུག་ཐེངས་དང་པོའི་སྐབས་སུ།  ཆིང་ཀྲུང་དབྱང་སྲིད་གཞུང་དེ་དུས་ཡུན་རིང་པོར་ཆབ་སྲིད་རུལ་སུངས་སུ་གྱུར་པ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་བཀག་སྡོམ་བྱས་པས།  རྒྱལ་ཁབ་ཀྱི་སྟོབས་ཤུགས་ཉམས་པ་དང་དམག་དོན་ཐད་རྗེས་སུ་ལུས། དབྱིན་ཇི་བཙན་འཛུལ་པས་ཉལ་ཐ་བཙོང་ནས་ཁེ་སྤོགས་ཐོབ་ཆེད། གྲུ་གཟིངས་དང་མེ་སྒྱོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྒོ་མོ་ཕྱེ་བ་དང་།  གནའ་བོའི་ཀྲུང་ཧྭའི་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ལྟེ་གནས་ཏེ་གཟི་བརྗིད་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་འདོད་པའི་རྨི་ལམ་དཀྲོགས་པ་དང་།   ཁྱིམ་གཞིས་གཏོར་ཞིང་ཤ་རུས་ལ་རྡོག་རྫིས་བཏང་།  ཉེན་ཁའི་སྐབས་སུ། ཆིང་རྒྱལ་རབས་ཀྱི་གོང་མ་ཆཱན་ལུང་གི་དུས་སུ་བཙུགས་པ་ནས་བརྒྱུད་པའི་བོད་རིགས་མདའ་དཔོན་མི་རབས་དྲུག་པའི་དཔའ་དམག་ཉིས་སྟོང་ལྷག་གིས་གོང་མའི་བཀའ་ལྟར་དམག་འཁྲུག་ཏུ་ཞུགས། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་ཀྱིས་རི་སྟོང་ཆུ་ཁྲིར་བརྒལ་ཏེ་ཤར་ལྷོའི་མཚོ་རྒྱུད་དུ་གནས་པའི་ཉིན་པོར་འབྱོར། མན་ཇུའི་དར་བརྒྱད་དམག་དཔུང་དང་དར་ལྗང་དམག   རྒྱ་དང་བོད། མན་ཇུ། སོག་པོ། ཁ་ཆེ།   ཆཱང་རིགས་བཅས་ཀྱི་སྤུན་ཟླ་མི་རིགས་དང་མཉམ་དུ་མཐུན་སྒྲིལ་གྱི་དཔུང་པ་གཅིག་ཏུ་གཤིབ་ནས་རྒྱལ་ཁབ་དང་ཁྱིམ་གཞིས་སྲུང་སྟེ་བཙན་འཛུལ་བར་རྒོལ་ལན་སྤྲད། མཐའ་མ་གོ་མཚོན་དང་སྒྲིག་ཆས་རྗེས་སུ་ལུས་པས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་། མདའ་དཔོན་གྱི་བུས་དཔའ་བོ་རྣམས་ཀྱི་སྐྲའི་ལན་བུ་བཏེགས་ཏེ་ཕྱིར་ཕ་ཡུལ་དུ་ལོག་ནས།   ཚེ་འདས་དཔའ་བོའི་རྣམ་ཤེས་ཕ་ཡུལ་གྱི་ས་གཤིས་དྲོན་མོར་ཐིམ།
 
          ཟློས་གར་དུ་ལོ་རྒྱུས་སྙན་ངག་གི་བྱེད་ཐབས་སྤྱད་དེ་འདས་སོང་ལ་ཕྱིར་དྲན་དང་། རྒྱལ་ཁབ་ཀྱི་གདུང་སེམས་དང་ལོ་བརྒྱའི་གཉའ་གནོན། རུལ་སུངས་ཀྱི་རྨ་ཁ་གསལ་པོ་བརྗོད་དེ།  མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོང་བྱ་ཆེད་ཁྲག་དྲོན་དང་ཚེ་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཡོད། སྤུན་ཟླ་མི་རིགས་བར་གྱི་ཤ་ཁྲག་གཅིག་ཏུ་འདྲེས་པའི་སྤུན་ཟླའི་བརྩེ་དུང་ལ་བསྟོད་གླུ་ཕུལ་བ་དང་། མི་རིགས་ཀྱི་སྙིང་སྟོབས་དང་ཀྲུང་གོའི་མཐུན་སྒྲིལ་སྟོབས་ཤུགས་དར་སྤེལ་བཏང་བ་རེད།
 
          ཉེ་བའི་ལོ་གཉིས་རིང་། ཟློས་གར་དེ་སྔ་ཕྱིར་པེ་ཅིང་དང་ཧྲང་ཧའེ།   ལྷ་ས་སོགས་ས་གནས་སུ་འཁྲབ་སྟོན་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གིས་དགའ་བསུ་ཐོབ་པ་མ་ཟད། ལས་རིགས་ནང་ཁུལ་གྱི་འགོ་ཁྲིད་དང་ཆེད་ལས་མཁས་པས་ལྷག་ཏུ་གདེང་འཇོག་མཐོན་པོ་གནང་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཟློས་གར་ལ་བལྟས་རྗེས་བརྗོད་རྒྱུར། “ཟློས་གར་གྱིས་རྒྱལ་གཅེས་རིང་ལུགས་མངོན་པར་མཚོན་པ་དང་།  མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལ་བསྟོད་གླུ་ཕུལ་བའི་བརྗོད་དོན་ཟློས་གར་ཞིག་ཡིན།   རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་སྒྱུ་རྩལ་གྱི་ཆུ་ཚད་གང་ལེགས་གྱིས་མངོན་ཡོད།”
 
          ཟླ་3པའི་ཟླ་མཇུག་ཏུ། ནུབ་རྒྱུད་ས་ཁུལ་གྱི་འཐུས་ཚབ་ཉག་གཅིག་ཡིན་པའི་གཏམ་བརྗོད་ཟློས་གར་《ཐུན་མོང་གི་ཁྱིམ་གཞིས་》པེ་ཅིང་དུ་སོང་སྟེ།   2018 ལོའི་“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཟློས་གར་འགྲེམས་འཁྲབ་གར་སྟེགས་”སུ་འཁྲབ་སྟོན་བྱ་གྲབས་ཡོད།  ཟླ་4པའི་ཚེས་3ཉིན།  ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭར་ཆེད་དོན་འཁྲབ་སྟོན་བྱ་རྒྱུ་རེད།
          “གཏམ་བརྗོད་ཟློས་གར་《ཐུན་མོང་གི་ཁྱིམ་གཞིས་》མི་འགྱངས་པར་པེ་ཅིན་དུ་སོང་ནས་འཁྲབ་སྟོན་བྱ་རྒྱུ་ཡིན་པར།   འཁྲབ་སྟོན་པ་ཡོངས་ཀྱིས་ལུས་ཕུང་བདེ་ཐང་ཡོང་བ་དང་འཁྲབ་སྟོན་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།” རྡོ་རྗེ་ཚེ་སྒྲུབ་ཀྱིས་ཟློས་གར་ལ་བལྟས་རྗེས་འཁྲབ་སྟོན་པ་ཡོངས་ལ་རྟེན་འབྲེལ་གྱི་སྨོན་ཚིག་ཕུལ།
          རྒྱུས་ལོན་བྱུང་བ་ལྟར་ན།  བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་“རྩེར་སོན་རྣམ་གྲངས་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་”པའི་ལས་དོན་བཀོད་སྒྲིག་ལྟར། ཟློས་གར་དེ་ད་དུང་ཆབ་མདོ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་སོགས་ས་ཁུལ་དུ་བསྐྱོད་ནས་གཞི་རིམ་གྱི་མི་དམངས་མང་ཚོགས་ལ་འཁྲབ་སྟོན་བྱ་རྒྱུ་རེད།