དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

པུར་རྒྱལ་བཙན་པོའི་འཁྲུངས་ཡུལ་གྱི་འབྱོར་འབྲིང་ཕུགས་འདུན།

འཕྱོངས་རྒྱས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤེལ་དུས 2020-04-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

           དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། འཕྱོངས་རྒྱས་རྫོང་གིས་དབུལ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་གནད་སྨིན་དབུལ་སྐྱོར་བྱེད་ཚད་མཐོ་རུ་བཏང་བས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་709ཡི་མི་2296ཚང་མ་དབུལ་སྒྲོལ་ཐུབ་པ་དང་། དབུལ་པོ་ཐོན་ཚད་ཐོག་མའི་14.35%ནས་0%བར་ཆག་པ། གྲོང་ཚོ་དབུལ་པོ(སྡེ་ཁུལ)20ཚང་མ་དབུལ་སྒྲོལ་ཐུབ་པ་དང་། ད་ཆ་སྤྱིར་ན་རྫོང་ཡོངས་སུ་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མེད།
         
ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འགན་འཁྲི་འཁུར་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་སྲ་ཞིང་བརྟན་པའི“དམག་འཐབ་མཁར་རྫོང”བཏོད་པ།
          གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་ཇུས་བསྟར། གནད་སྨིན་དབུལ་སྒྲོལ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། 2016ལོ་ནས་བཟུང་འཕྱོངས་རྒྱས་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཨང་དང་པོར་བརྩིས་ནས་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མུ་མཐུད་འཁུར་བ་དང་། སྲིད་ཇུས་ཐད་ནས་མུ་མཐུད་རྒྱབ་སྐྱོར་བྱེད་པ། མུ་མཐུད་ལྟ་འདོམས་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། “ཏང་འཛུགས་སྐྱོང་དང་གནད་སྨིན་དབུལ་སྐྱོར”ཟུང་འབྲེལ་དང་། “ཏང་འཛུགས་སྐྱོང་དང་མཉམ་ལས་རྩ་འཛུགས”ཟུང་འབྲེལ། “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར”ཟུང་འབྲེལ་བཅས་ལ་བརྟེན་ནས། ཏང་ཀྲི་པུའུ་སྲོག་ཤིང་དུ་བྱེད་པ་དང་། མང་ཚོགས་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དམིགས་ཚད་དུ་བྱེད་པ། མཉམ་ལས་རྩ་འཛུགས་འབྲེལ་ཟམ་དུ་བྱེད་པ། ཐོན་ལས་སྐུལ་ཁྲིད་གཞི་རྟེན་དུ་བྱེད་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་གྱི་ལམ་བུ་གསར་པར་སྐུལ་འདེད་བཏང་བ་རེད།
          འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་གསེར་ལུང་ཞིང་ཟོག་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་འཇམ་དཔལ་གཡུ་སྒྲོན་ཞོ་ཐུམ་སྒྲིལ་རྒྱག་པར་བྲེལ། 
          སྔོན་ཆད་ལག་རྩལ་སྣེ་གཅིག་ཀྱང་ཁོང་དུ་མ་ཆུད་སྟབས། འཇམ་དཔལ་གཡུ་སྒྲོན་ཁྱིམ་གྱི་ཡོང་འབབ་ཚང་མ་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བར་བརྟེན་དགོས། གྲོང་ཚོ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ཤིག་རེད། “མཉམ་ལས་ཁང་དུ་ལས་ཀ་ལྷོད་ལ་ཁྱིམ་དང་ཐག་ཉེ་བ་དང་། ད་དུང་ཉིན་རེར་གླ་ཆ་སྒོར་100ལེན་རྒྱུ་ཡོད། དབྱར་དུས་སུ་འོ་མ་ཐོན་ཚད་མཐོ་བར་བརྟེན་ལས་དུས་འཕར་མ་བྱེད་དགོས། དེ་དུས་ཟླ་གཅིག་ལ་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ལེན་རྒྱུ་ཡོད”ཅེས་བཤད། གནད་སྨིན་དབུལ་སྐྱོར་སྐོར་གླེང་སྐབས་ཁོང་གིས“ཏང་དང་སྲིད་གཞུང་གིས་ང་ཚོའི་ཁྱིམ་ལ་རོགས་རམ་ཆེན་པོ་གནང་བྱུང་། ཏང་དང་སྲིད་གཞུང་གི་རོགས་རམ་གནང་བས་ང་ཚོའི་ཁྱིམ་ཚང་གཞི་ནས་དབུལ་སྒྲོལ་ཐུབ་སོང”ཞེས་འཛུམ་དམུལ་དམུལ་ངང་བཤད།
          གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ནོར་བུ་ཚེ་རིང་གིས“མཉམ་ལས་ཁང་དུ‘གྲོང་ཚོའི་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ’བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་སྟབས། ད་ཆ་ཡོང་འབབ་སྒོར་ཁྲི་90ཙམ་རག་པ་དང་། ཞིང་འབྲོག་མང་ཚོགས་ལ་སྒོར་ཁྲི་60དོན་འཁྱོལ་བྱས་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།
          ཐོན་ལས་སྣེ་ཁྲིད་ལས་དབུལ་སྒྲོལ་འགག་སྒྲོལ་གྱི“གཙོ་ཤུགས་དམག་གི”སྟོབས་ཤུགས་ཇེ་ཆེར་ཕྱིན་པ།
          རྒྱལ་སྨན་ཤང་གསེར་ལུང་ཞིང་ཟོག་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་ནས་བཟུང་། ཤང་དེའི་དུད་ཚང་དབུལ་པོའི་དབུལ་ཞྭ་ཕུད་དེ་ཕྱུག་འགྱུར་ཐབས་ལམ་ཡངས་སུ་ཕྱིན་ཡོད། མིག་སྔར། མཉམ་ལས་ཁང་བཙུགས་རྗེས་གྲོང་ཚོ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཡི་མི་28ལ་ཕན་པ་ཐོབ་པ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་8307མང་དུ་ཕྱིན་པ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་2966མང་དུ་ཕྱིན་ཡོད།
           ཤང་དེའི་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་བག་གྲོས་མཉམ་ལས་ཁང་གིས་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི་མུའུ་1000དང་། སྤུས་ལེགས་ཞོག་ཁོག་འདེབས་འཛུགས་རྟེན་གཞི་མུའུ་1000 སྤུས་ལེགས་ནས་འདེབས་འཛུགས་རྟེན་གཞི་མུའུ་1000 རྒྱུད་བཟང་བཞོན་མ་མགོ་གྲངས་1000གསོ་ཚགས། བོད་ཕག་མགོ་གྲངས་1000གསོ་ཚགས། སྡོང་ཕྲུག་ར་བའི་རྟེན་གཞི་མུའུ་1000བཅས“ཆིག་སྟོང་བྱས་པ་དྲུག་གི་འདུ་འགོད”ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། དུད་ཚང་131གི་མི་424དང་སྲིད་འཛིན་གྲོང་ཚོ་6གི་དབུལ་སྒྲོལ་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         ཞན་ཆ་སེལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི“དམག་འཐབ་ནུས་པ”ཆེ་རུ་བཏང་བ།
        “ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས”འགྲིམ་འགྲུལ་གྱི་འཇུར་མིག་ནི་འཕྱོངས་རྒྱས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་ཚོད་འཛིན་བཟོ་བའི་ཞན་ཆ་ཆེ་ཤོས་དེ་རེད། དབུལ་པོའི་འབྱུང་རྩ་དྲུངས་ནས་འབྱིན་པར་འཕྱོངས་རྒྱས་རྫོང་གིས་རྒྱུན་ཆད་མེད་པར་གཞུང་ལམ་སྐྲུན་ཤུགས་ཆེ་རུ་བཏང་སྟེ“འཕེལ་རྒྱས་ཀྱི་ལམ་བུ”དང་“དམངས་ཕྱུག་གི་ལམ་བུ”རེ་རེ་ཉམས་བཟོ་དང་བསྐྱར་སྐྲུན་བྱས་པ་རེད།
       “འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། འཕྱོངས་རྒྱས་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ལམ་ཤར་གཏོང་ཐུབ་པས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་ཕྱིན་པ་དང་། གྲོང་གསེབ་གཞུང་ལམ་གྲོང་ཚོ་ཀུན་ལ་ཤར་གཏོང་ཐུབ་པ་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི‘གསེར་གྱི་ལྡེ་མིག’ལྟ་བུར་གྱུར་ཡོད”ཅེས་འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་བསོད་ནམས་རྡོ་རྗེས་བརྗོད།
         ཐོན་ལས་འཕེལ་རྒྱས་དང་། ལས་ཞུགས་ཁྲིད་སྟོན། དབུལ་སྒྲོལ་སློབ་གསོ། ངལ་ནུས་ཕྱིར་གཏོང་སོགས་དབུལ་སྒྲོལ་གྱི་བྱ་ཐབས་སྣ་ཚོགས་ཞིང་ནང་དང་མུ་ཁ་དང་སྲང་ལམ་ཆེ་ཆུང་གང་སར་ཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་ཐོན་ཏེ། དམངས་འཚོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། པུར་རྒྱལ་བཙན་པོའི་འཁྲུངས་ཡུལ་དུ་བློ་ཡིད་ཚིམ་པའི་ངོ་གདོང་རེ་རེ་དང་ཐུགས་རྗེ་ཞུ་སེམས་རེ་རེ་ལས་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ན་དབུལ་ཞྭ་ཕུད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་གནས་ལུགས་མངོན་གྱི་ཡོད། །

རྩོམ་སྒྲིག་པ། བདེ་སྒྲོལ།