དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མངའ་རིས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ།

སྤེལ་དུས 2020-04-02 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།

          སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས་སློབ་གསོ་ལག་ལེན་བྱེད་སྒོ་དེ་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ནུས་ལྡན་སྟེགས་བུ་ཞིག་ལ་རྩིས་ནས། ལས་བྱེད་མང་ཚོགས་ཚོར་བསམ་བློའི་ཐོག་ནས་སྐུལ་ལྕག་གཏོང་བ་དང་ལས་གཏོད་བྱེད་རྒྱུའི་ཐད་སྒུལ་ཤུགས་གསར་པ་ཞིག་སྣོན་ཡོད།
           ཉེ་བའི་ལོ་གསུམ་རིང་། མངའ་རིས་ས་ཁུལ་གྱིས་རྫོང་ཁག་ནས་ཕུལ་བྱུང་གི་ཞིང་འབྲོག་པའི་སྒྲོག་འགྲེལ་པ156ཐེངས་ཁག་དབྱེ་སྟེ། ས་ཁུལ་རིམ་པའི་སྒྲོག་འགྲེལ་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་ནས་ཞིང་འབྲོག་པའི་སྒྲོག་འགྲེལ་པ1200ལ་སྦྱོང་བརྡར་སྤྲད་པ་དང་། གྲོང་ཚོ་དང་སློབ་གྲྭ དགོན་སྡེ། ཁེ་ལས་བཅས་ལ་ཉུང་མཐར་ཡང་སྒྲོག་འགྲེལ་པ་གཉིས་རེ་གསོ་སྐྱོང་བྱས་ཡོད།
           མངའ་རིས་ས་ཁུལ་གྱིས་ས་ཨུད་དྲིལ་བསྒྲགས་པུའི་ཏང་ཡོན་འགོ་ཁྲིད་ལས་བྱེད་གཙོ་བོ་བྱེད་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། གཞི་རིམ་དུ་ཟབ་བསྐྱོད་ངང་སྒྲོག་འགྲེལ་བྱས་པ་དང་། ལྷ་ས་དང་གཞིས་རྩེ་སོགས་ནས་ཕུལ་བྱུང་ཞིང་འབྲོག་པའི་སྒྲོག་འགྲེལ་པ་གདན་ཞུས་བྱས་ཏེ་མང་ཚོགས་ལ་སྒྲོག་འགྲེལ་བྱས་པར་གདེང་འཇོག་བཟང་པོ་ཐོབ་ཡོད། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ཁོངས་མི། ཞིང་འབྲོག་པའི་སྒྲོག་འགྲེལ་པ། སྒྲོག་འགྲེལ་ཚོགས་པ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྣ་མང་ཅན་དང་གནད་འཕིགས་ཅན་གྱི་སྒྲོག་འགྲེལ་དང་མང་ཚོགས་ལ་སྲིད་ཇུས་དྲིལ་བསྒྲགས་བྱས་པ་སོགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
           མངའ་རིས་ས་ཁུལ་གྱིས་ལོ་གསུམ་བསྟུད་མར་ཁག་སོ་སོར་སྒོར་ཁྲི་ཚོ5000བཏང་སྟེ། ཞིང་འབྲོག་ཁུལ་དུ་གཙོ་བོ་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་བ་དང་སྲོལ་ངན་དོར་བའི་སློབ་གསོ་བཏང་བ། དགོན་སྡེ་ཁག་ཏུ་གཙོ་བོ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་ནང་བསྟན་གྱི་དྲང་ཕྱོགས་དར་སྤེལ་གཏོང་བའི་སློབ་གསོ་བཏང་བ། སློབ་གྲྭར་གཙོ་བོ་རྒྱལ་གཅེས་རིང་ལུགས་སློབ་གསོ་བཏང་བ། ཁེ་ལས་ལ་གཙོ་བོ་རྒྱལ་གཅེས་ཁྲིམས་སྲུང་དང་གཞུང་དྲང་ཡིད་རྟོན་གྱི་སློབ་གསོ་བཏང་བ་བཅས་བྱས་ནས། མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུ་འགན་ལེན་བྱས་ཡོད།།

རྩོམ་སྒྲིག་པ། བདེ་སྒྲོལ།