དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཆེ་དགྲ་ལྷས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་3ཚེས་31ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་གོང་དཀར་རྫོང་སྐྱིད་ནགས་གྲོང་ཚོའི་སྲིན་བུ་རིའི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་ཐོན་ལས་བཀོད་པ་འཆར་འགོད་ཀྱི་གནས་འདེམས་ཡུལ་དང་། དེ་བཞིན་ལེ་ལག་ཚང་བའི་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
         རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་། དབང་ཧའེ་ཀྲོའུ། འཇམ་དཔལ་བཅས་ཕེབས་ཡོད་པ་རེད།
         སྲིན་བུ་རིའི་ཐོན་ལས་བཀོད་པ་འཆར་འགོད་ཀྱི་གནས་འདེམས་ཡུལ་དུ། ཆེ་དགྲ་ལྷས་ཁུལ་ཁོངས་ཀྱི་ཆ་རྐྱེན་དང་ཉེ་འཁོར་གྱི་ཁོར་ཡུག་ལ་གཟིགས་ཞིབ་གནང་ནས་རྣམ་གྲངས་འཆར་འགོད་དང་དུས་འགོའི་གྲ་སྒྲིག་ལས་དོན་སོགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཇུས་གཞི་སྔར་བས་ལེགས་གཏོང་དང་། བདམས་པའི་ས་ཆའི་ཉེ་འཁོར་གྱི་འགྲིམ་འགྲུལ་ཁོར་ཡུག་དང་དམངས་བདེ་དམངས་ཕན་སོགས་ཆ་རྐྱེན་ལ་བསམ་གཞིག་ཞིབ་ཚགས། ཡུལ་བབ་དང་བསྟུན་ནས་ཐོན་ལས་ཀྱི་རྣམ་གྲངས་གནད་སྨིན་ཇུས་འགོད། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་པ་ལུགས་མཐུན། མིག་སྔར་གཞི་ཚུགས་ལ་ཕུགས་ལའང་དམིགས་པ། ཐོན་ལས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོའི་མང་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་ལྷོ་ཁའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། གཏན་འཁེལ་བའི་དམིགས་ཚད་ལས་འགན་དང་དུས་ཚོད་མཚམས་ཚིག་ལ་དམ་པོར་དམིགས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་ཁ་གསལ་བཟོ་བ། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཡུན་ལྡོག་སྒྲིག་བཅས་ཀྱིས་ཐོན་ལས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་འཆར་འགོད་ནང་གི་ཐོན་ལས་རྣམ་གྲངས་ལས་འགོ་འཛུགས་པའི་ལས་དོན་གང་མགྱོགས་སྤེལ་ཏེ། རྣམ་གྲངས་བདེ་བླག་ངང་ལག་བསྟར་དང་སྐུལ་འདེད་མགྱོགས་པོ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་ལ་ཡོང་བར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུའི་ཡིད་དབང་འགུག་པ་དང་ཆབས་ཅིག་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཀྱང་གཏོང་དགོས། ས་གནས་དེ་གའི་མང་ཚོགས་དང་ཨར་ལས་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའི་སྐུལ་སློང་དང་བཀོལ་སྤྱོད་ཧུར་ཐག་བྱེད་པ་དང་། རྣམ་གྲངས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ས་གནས་དེ་གའི་ལས་མི་སྤྱོད་པའི་གཏིང་ཤུགས་སྔར་བས་འཕེལ་བ། ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། དབུལ་སྒྲོལ་གྱི་སྲ་བརྟན་རང་བཞིན་ཆེ་རུ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།