དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རིམས་ནད་འགོག་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས་པ།

སྤེལ་དུས 2020-04-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          དེ་རིང་སྔ་དྲོ། བོད་ལྗོངས་ཀྱི་ས་གནས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ཀྱིས་རྣམ་པ་གང་རིགས་ཀྱིས་མྱ་ངན་བྱེད་སྒོ་སྤེལ་ཏེ། ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས་པ་རེད།
          སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ་བའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ནས་སྤེལ་བ་དང་། ཝུའུ་དབྱིང་ཅེ། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧེ་ཝུན་ཧའོ། པད་མ་དབང་འདུས། ལེའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆིས་བཅས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གིས་མཉམ་དུ་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས་པ་རེད། ཞོགས་པ་སྔ་མོའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒོ་རའི་ནང་བརྗིད་ཉམས་ལྡན་ཞིང་། རྒྱལ་དར་ཕྱེད་ཀ་མར་ཕབ་ནས་མྱ་ངན་ཞུས་པ་དང་། ཝུའུ་དབྱིན་ཅེ་དང་བློ་བཟང་རྒྱལ་མཚན། ཏིང་ཡེ་ཤན་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམས་སྒམ་བརླིང་ངང་གུས་སྟབས་ཀྱིས་བཞུགས་འདུག ཆུ་ཚོད་༡༠ཏག་ཏག་ལ་མཁའ་ཟོན་ཉེན་བརྡ་དང་། རླངས་འཁོར་གྱི་དུང་སྒྲས་གྲོང་ཁྱེར་ཡོངས་ལ་ཁྱབ་ཅིང་། ཚང་མས་གཟབ་ནན་གྱི་སྒོ་ནས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་ཚོར་མྱ་ངན་སྐར་མ་༣ཞུས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་དབུ་ཁྲིད་བློ་མཐུན་རྣམས་ཀྱང་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་རེད།

          ཆུ་ཚོད་༡༠ཏག་ཏག་ལ་མཁའ་ཟོན་ཉེན་བརྡ་དང་། རླངས་འཁོར་གྱི་དུང་སྒྲས་གྲོང་ཁྱེར་ཡོངས་ལ་ཁྱབ་ཅིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གི་ལས་བྱེད་ལས་བཟོ་བས་གཟབ་ནན་གྱི་སྒོ་ནས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་ཚོར་མྱ་ངན་སྐར་མ་༣ཞུས་པ་རེད། ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཏང་ཡོན་ལས་བྱེད་ལས་བཟོ་བ་ཚོས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་དབུ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས་ཀྱིས་འབད་བརྩོན་བྱས་ནས། ནད་ཡམས་འགོག་ཟོན་གྱི་ལས་ཀར་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་ཡོད་པ་ངོས་འཛིན་བྱས་པ་དང་། ཚང་མས་གསོན་ཉམས་ལྡན་པའི་དོན་དངོས་ཀྱི་ཁྲོད་འདུ་ཤེས་བཞི་ཟབ་གཏོང་དང་ཡིད་ཆེས་བཞི་བརྟན་གཏོང། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། སེམས་ནུས་གཅིག་སྒྲིལ་དང་། འགན་འཁུར་བའི་བྱ་སྤྱོད་བཅས་ཀྱི་ཐོག་ནས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུའི་ངོས་འཛིན་གཅིན་མཐུན་བྱུང་བ་རེད།

          རང་སྐྱོང་ལྗོངས་སྒྲིག་བཤེར་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ལས་བཟོ་བ་ཚོས་ཀྱང་སྨན་དོན་མི་སྣ་དང་། ཉེན་རྟོག་པ། དང་བླངས་པ་སོགས་ནད་ཡམས་འགོག་ཟོན་བྱེད་པའི་ལམ་བུའི་ལྡོག་སྐྱོད་པ་རྣམས་ནས་སེམས་ནུས་ཡོད་རྒུས་ལས་གནས་བརྟན་སྲུང་གནང་ཡོད་པས། ང་ཚོས་ཁོང་རྣམ་པའི་དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་སེམས་ལ་ཟབ་མོར་བཅངས་དགོས་པ་དང་། བོད་ཀྱི་སྒྲིག་བཤེར་མི་སྣས་ཀྱང་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་ངེས་ནས་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་འཚོལ་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད། སེམས་ནུས་གཅིག་སྒྲིལ་དང་། མུ་མཐུད་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

          ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་རུ་དཔོན་གཞོན་པ་བྱམས་པ་སྒྲོལ་མས་བཤད་རྒྱུར། ལོ་ཟླའི་འཁོར་འགྲོས་ནང་ཁོ་ཚོས་འགན་འཁྲི་ཡོད་ཚད་ཕྲག་ཏུ་བླངས་ནས་མདུན་དུ་བསྐྱོད་པ་རེད། སྟོབས་འབྱོར་ལྡན་པའི་མེས་རྒྱལ་ལ་བཀའ་དྲིན་ཞུ། འཐབ་ས་དང་པོའི་ང་ཚོའི་དཔའ་བོ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ད་དུང་ཐེངས་འདིའི་རིམས་ནད་འགོག་ཟོན་གྱི་གཡུལ་འཐབ་ཁྲོད་ཞུགས་པའི་སྨན་དོན་མི་སྣ་དང་སྤྱི་བདེ་ཉེན་རྟོག་པ་རྣམས་ལའང་ཐུགས་རྗེ་ཆེ་ཞུ། རིམས་ནད་འགོ་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་གཙང་དག་ཚད་ཡོད་ཀུང་སི་དང་ཀྲུང་ཐུའུ་གློག་རླངས་ཅན་ཚོགས་ཁག་ཞི་ཨན་ཏེན་ཧྭ་ཀུང་སི་སོགས་ཁེ་ལས་ཀྱིས་ཀྱང་ལས་མི་སྒྲིག་འཛུགས་བྱས་ཏེ། རིམས་ནད་འགོ་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས་པ་རེད།

          རླངས་འཁོར་གྱི་དུང་སྒྲ་ཁྱབ་པ་དང་བསྟུན་མི་རིགས་ཁག་གིས་གདུང་སེམས་མཉམ་སྐྱེས་བྱས། རིམས་ནད་བྱུང་རྗེས་རྒྱ་ཆེ་བའི་སྨན་དོན་མི་སྣ་དང་གཞི་རིམ་ལས་བྱེད་མི་སྣས་དཀའ་ཁག་ལ་མི་འཛེམ་པར་རིམས་ནད་ཁྲོད་མཆོངས་ཏེ་ཚེ་སྲོག་ཕུལ་པ་དང་། ནད་དུག་གིས་ནད་པ་མང་པོའི་ཚེ་སྲོག་འཕྲོག་པ་རེད། དེ་རིང་ང་ཚོས་མྱ་ངན་ཞུས་པ་ནི་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་རྗེས་དྲན་དང་རིམས་ནད་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་མཚོན་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་དང་བློ་གཅིག་སེམས་གཅིག་གིས་ཧུའུ་པེ་མི་དམངས་དང་མཉམ་དུ་རིམས་ནད་འཐབ་རྩོད་ལ་ཆེས་མཐར་མཇུག་གི་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་ཡོད་ཟེར།

          མཁའ་ཟོན་ཉེན་བརྡ་གཞིས་རྩེའི་མཁའ་དབྱིངས་སུ་གྲགས་སྐབས། རྐང་ཐང་བ་རྣམས་ཀྱི་གོམ་སྟབས་སྤོ་མཚམས་བཞག་སྟེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། འགྲོ་འོང་གི་རླངས་འཁོར་རྣམས་ཁ་བཀག་ནས་དུང་བརྡ་བསྒྲགས་ཤིང་། རྒྱལ་དར་ཕྱེད་ཀ་མར་ཕབ་ཐོག་རྩ་ཆེའི་ཚེ་སྲོག་ལ་གུས་འདུད་དང་བཅས་ནས། ཡར་ཀླུང་གཙང་པོའི་ངུ་སྒྲས་མྱ་ངན་ཞུས། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་ཚོས། ལྷག་བསམ་ཟོལ་མེད་ཀྱི་མཛའ་སེམས་ཟབ་མོ་དང་། དམངས་ཕྱུག་གི་འདུན་པ་དྲག་པོས་ལས་དོན་ཏན་ཏིག་སྒྲུབ་སྟེ་ལེགས་སྐྱེས་འབུལ་སེམས་བརྟན་པོར་ངེས་ནས། ཧྲང་ཧའེ་དང་བོད་ལྗོངས་མཉམ་ལས་ཀྱི་འབྲེལ་ཟམ་ཡག་པོ་བཙུགས་ཏེ། ཞི་མཐུན་དང་བདེ་སྐྱིད་ཀྱི་ཤེས་དཔལ་ལྡན་པའི་གཞིས་རྩེ་སྐྲུན་རྒྱུར་ཧྲང་ཧའེ་ཡི་སྟོབས་ཤུགས་སྔར་བས་མང་བ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

          ཆབ་མདོ་གྲོང་ཁྱེར་གྱི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་རང་མོས་ངང་བཅིངས་འགྲོལ་ཐང་ཆེན་དུ་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་རེད། ཆུ་ཚོད་༡༠ཏག་ཏག་ལ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་བསྒྲེངས་པ་དང་། དེའི་རྗེས་རྒྱལ་དར་ཕྱེད་ཀ་མར་ཕབ་ནས་མི་རྣམས་ཀྱིས་མྱ་ངན་སྐར་མ་༣ཞུས་པ་དང་། མཁའ་ཟོན་ཉེན་བརྡ་བཏང་པ་དང་མཉམ་དུ་རླངས་འཁོར་གྱི་དུང་བརྡ་བཏང་པ་རེད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ལས་བཟོ་བ་ཀྲང་ཝེ་ཞོགས་པ་སྔ་པོ་ནས་བཅིངས་འགྲོལ་ཐང་ཆེན་དུ་སླེབས་ཡོད་པ་དང་། ཁོས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་ལ་འགོག་རྒོལ་བྱེད་པའི་དུ་མེད་ཀྱི་འཐབ་རྩོད་ཁྲོད། གོས་དཀར་ཕོ་ཉ་རྣམས་ཀྱིས་ཚེ་སྲོག་རེ་རེ་བཞིན་སྐྱོབ་ཐབས་བྱས་ཏེ། རང་ཉིད་ཚེ་སྲོག་བློས་བཏང་བའི་སྙིང་སྟོབས་ལ་ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། སླད་ཕྱིན་ལས་དོན་ཁྲོད། གལ་ཏེ་ཛ་དྲག་མྱུར་སྐྱོབ་ཀྱི་ལས་འགན་འཕྲད་ཚེ། ང་ཡང་རང་འགུལ་ངང་འཐབ་ས་མདུན་མར་བསྐྱོད་དེ་གློག་ཤུགས་འགན་སྲུང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། ཆབ་མདོ་གྲོང་ཁྱེར་དམག་ཞབས་འཐིམས་པའི་དམག་མིའི་ལས་དོན་ཅུད་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཡུའེ་ཀོང་ཧུའེ་ཡིས་དེ་རིང་དུར་ཕྱགས་དུས་དྲན་ཡིན་པས། ང་ཚོས་རྒྱལ་ཡོངས་མི་དམངས་མཉམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་དང་། ནད་ཡམས་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་ཚོར་མྱ་ངན་ཞུས་ཏེ། རང་ངོས་ཀྱི་བྱ་སྤྱོད་ངོ་མས་ནད་ཡམས་འགོག་ཟོན་གྱི་ལས་ཀ་མུ་མཐུད་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་པ་རེད།

          ནག་ཆུ་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་•༢༠༢༠དྭངས་གསལ་ལ་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བ་ཞེས་པའི་བྱེད་སྒོ་སྤེལ་ནས། ནར་མ་སོན་པའི་བུ་ཕྲུག་སྒྲིག་འཛུགས་བྱས་ནས་དཔའ་བོའི་མཛད་རྗེས་ལ་སློབ་སྦྱོང་བྱས་ཏེ། དྲ་ཐོག་ཏུ་མེ་ཏོག་ཕུལ་བ་དང་གུས་ཚིག་ཕུལ་བ་སོགས་ཀྱི་རྣམ་པའི་སྒོ་ནས་དཔའ་བོའི་བཀའ་དྲིན་ལ་གུས་འདུད་ཞུས་པ་རེད། དེང་སྐབས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་སྔར་བཞིན་ཛ་དྲག་ཆེ་བ་དང་། རིམས་ནད་འགོག་ཟོན་འཐབ་ས་ཡིན་པའི་ཆ་ནས། ནག་ཆུ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ནས་ནང་དུ་ནད་འགོ་བའི་གནོན་ཤུགས་ལ་ཁ་གཏད་ནས། རིམས་ནད་འགོག་ཟོན་ལས་དོན་སྐར་ཆ་ཙམ་ལའང་ལྷོད་གཡེང་མི་བྱེད་པ་དང་། ནག་ཆུ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་པུའུ་ཀྲང་ཧོང་ཆུས་ཅོན་གྱིས་རྗེས་མར་ང་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་། ནག་ཆུ་གྲོང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་འོག སྐྱོ་གདུང་ཡོད་ཚད་སྟོབས་ཤུགས་ལ་བསྒྱུར་ནས་ལས་ཀ་སླར་གསོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་པ་དང་མཉམ་དུ། རིམས་ནད་འགོག་ཟོན་བྱེད་ཐབས་ལག་བསྟར་བྱས་ཏེ། བོད་བྱང་ཐང་གི་མང་ཚོགས་ཁྲི་༥༠ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན་ཟེར།

          ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་དང་པོས་དགེ་སློབ་སྒྲིག་འཛུགས་བྱས་ཏེ་རྒྱལ་དར་ཕྱེད་ཀ་མར་ཕབ་པ་དང་། ཚང་མས་མཉམ་གཅིག་ཏུ་མྱ་ངན་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་ནས། རིམས་ནད་འགོག་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་ཞུས་པ་རེད། གཞན་ད་དུང་གྲོང་ཁྱེར་སློབ་ཆུང་དང་པོའི་ཏང་ཡོན་ཨུ་ཡོན་ལྷན་ཁང་གིས་དགེ་སློབ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་ཏུ་སྐུ་གཤེགས་དཔའ་བོ་རྣམས་ལ་་རྗེས་དྲན་དང་མྱ་ངན། གུས་འདུད་བཅས་ཞུས་པ་རེད། རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། སློབ་སྦྱོང་ཡག་པོ་བྱ་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱ་རྒྱུ་དང་། རིམས་ནད་འགོག་ཟོན་བྱེད་རིང་སློབ་གསོའི་ལས་དོན་ཡག་པོར་བསྒྲུབས་ནས་ཏང་དང་མི་དམངས་ཀྱི་འདོད་བློ་དང་མཐུན་པ་ཞིག་བྱ་རྒྱུ་རེད།

          སྔ་དྲོའི་ཆུ་ཚོད་༡༠་སྟེང་མངའ་རིས་ས་ཁུལ་གྱི་སྡེ་ཁག་སོ་སོ་དང་ཚན་པ་སོ་སོ། གྲོང་ཚོ་སོ་སོ་ནས་རྒྱལ་དར་ཕྱེད་ཀ་མར་ཕབ་པའི་བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་ཏང་ཡོན་ལས་བྱེད་མང་ཚོགས་རྣམས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོ་ཟོན་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་རྣམས་ལ་གདུང་སེམས་དྲག་པོས་མྱ་ངན་སྐར་མ་༣ཞུས་པ་དང་། མཁའ་ཟོན་ཉེན་བརྡ་བཏང་པ་དང་མཉམ་དུ་རླངས་འཁོར་དང་མེ་འཁོར། གྲུ་གཟིངས་བཅས་ཀྱིས་ཀྱང་དུང་བརྡ་བཏང་པ་རེད། བོད་ལྗོངས་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་མངའ་རིས་མཐའ་སྲུང་དོ་དམ་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཅིས་ཞའོ་ཅུན་གྱིས། དེ་རིང་ང་ཚོས་ནད་ཡམས་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་དང་སྤུན་ཟླ་ཚོར་མྱ་ངན་ཞུས་ཏེ། ཁོང་ཚོ་ནམ་ཡང་མི་བརྗེད་པ་བྱ་རྒྱུ་ཡིན་ཞེས་དང་། དུས་སྐབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་དཔུང་ཁག་གི་ངོས་ནས་ང་ཚོས་སྔོན་གཤེགས་དཔའ་བོ་ཚོའི་སྙིང་སྟོབས་དར་སྤེལ་བཏང་སྟེ། མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།