དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཁྲལ་དོན་ཅུས་ཀྱིས་ཧུའུ་པེའི་ཁེ་ལས་ལ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་འབྲེལ་ཟམ་བཙུགས་པ།

སྤེལ་དུས 2020-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
འདི་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ས་སྐྱ་རྫོང་ཁྲལ་དོན་ཅུས་ཀྱིས་གཙོ་གནད་ཁེ་ལས་ལ་བཅར་འདྲིར་བསྐྱོད་དེ་ཉོ་སྒྲུབ་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ་དང་གྲངས་གཞི་ཆེན་པོ་སྤྱད་དེ་ཁེ་ལས་ལ་ཧུའུ་པེའི་ཚོང་རའི་ཉོ་སྒྲུབ་དགོས་མཁོ་མཁོ་སྤྲོད་བྱ་རྒྱུར་རོགས་འདེགས་གནང་པ་རེད། 
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མིག་སྔར་ཧུའུ་པེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་འགྱུར་ལྡོག་གང་ལེགས་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཧུའུ་པེའི་དང་ཝུའུ་ཧན་གྱི་བཟོ་ལས་ཁེ་ལས་ཐོན་སྐྱེད་སླར་གསོ་བདེ་འཇགས་གོ་རིམ་ལྡན་དང་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔའི་ལས་དོན་གལ་ཆེ་ཤོས་སུ་གྱུར་ཡོད། 
         བོད་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་ས་གནས་དེ་གའི་ཁེ་ལས་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་རོགས་རམ་བྱས་པ་དང་ཆབས་ཅིག་ཧུའུ་པེའི་ཉོ་སྒྲུབ་དགོས་མཁོའི་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཁྲལ་བསྡུའི་གྲངས་གཞི་ཆེ་མོའི་དགེ་མཚན་འདོན་སྤེལ་བྱས་ཏེ་ས་གནས་དེ་གའི་ཁེ་ལས་དང་ཧུའུ་པེའི་ཁེ་ལས་བར་འབྲེལ་ཟམ་བཙུགས་ཏེ་ཧུའུ་པེའི་ཁེ་ལས་ལ་གནད་སྨིན་མཐུན་སྦྱོར་གྱི་མཁོ་སྤྲོད་སྦྲེལ་མཐུད་བྱས་པ་དང་ཧུའུ་པེའི་ཁེ་ལས་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 
         ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ས་སྐྱ་རྫོང་ཁྲལ་དོན་ཅུས་ཀྱིས་བོད་ལྗོངས་གཞིས་རྩེའི་གསར་ཤོས་གངས་ལྷ་མེ་ཏོག་ཨར་འདམ་ཚད་ཡོད་ཀུང་སིར་ཡུལ་དངོས་སུ་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་བཅར་འདྲི་དང་དྲིལ་སྒྲོག་བྱེད་སྐབས། ཀུང་སི་དེའི་མ་བཅོས་རྒྱུ་ཆ་དཀོན་པ་དེས་རྒྱུན་གཏན་གྱི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་པའི་དངོས་ཡོད་དཀའ་ངལ་ཤེས་རྟོགས་བྱུང་རྗེས་ཀུང་སི་དེའི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཀྱི་དགོས་མཁོ་དང་ཉོ་སྒྲུབ་ཀྱི་འདོད་འདུན་སྔར་བས་ཤེས་རྟོགས་བྱས་པ་བརྒྱུད། ཁྲལ་བསྡུའི་གྲངས་གཞི་ཆེན་པོ་སྤྱད་དེ་མཁོ་ཚོང་སྣེ་གཉིས་ནས“མཁོ་དགོས་ལ་བརྟེན་ནས་མཁོ་སྤྲོད་བྱེད་པ”དང“ཉོ་སྒྲུབ་ལ་བརྟེན་ནས་མཁོ་སྤྲོད་བྱེད་པའི”དབྱེ་ཞིབ་ཕྱོགས་ཡོངས་ནས་སྤེལ་ཏེ་ཁེ་ལས་ལ་འབྲེལ་ལམ་བཙུགས་ནས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པའི་དཀའ་གནད་ཐག་གཅོད་བྱས་པ་རེད། 
         བོད་ལྗོངས་གཞིས་རྩེ་གངས་ལྷ་མེ་ཏོག་ཨར་འདམ་ཚད་ཡོད་ཀུང་སི་དང་ཧུའུ་པེའི་ཧྭ་ཤིན་སྒྲིག་ཆས་ལས་གྲྭ་ཚད་ཡོད་ཀུང་སི། ཀྲུང་ནན་རྩད་ཞིབ་རྨང་གཞིའི་ལས་གྲྭ་ཚད་ཡོད་ཀུང་སི། ཝུའུ་ཧན་ལི་ཧྥུང་ཏ་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཀུང་སི12དང་ཉོ་སྒྲུབ་ཀྱི་འདོད་འདུན་ཐོག་མ་གྲུབ་པ་དང་། ཞིབ་ཕྲའི་ཉོ་སྒྲུབ་ཐོན་རྫས་ལ་ཨར་འདམ་གྱི་ཆེད་སྤྱོད་སྒྲིག་ཆས་དང་། རྨང་གཞིའི་འཛུགས་སྐྲུན་གྱི་སྐྱོ་མ། གློག་ཀླད་ཀྱི་སྒྲིག་ཆས། མཐོ་གནོན་ཆུ་མདའི་སྐམ་མདའ། Oདབྱིབས་ར་བ། གསེག་ཤུར་དཔེ་ལེན་ཆས། ཨར་འདམ་དཔེ་ལེན་ཆས། ལུས་ཡོངས་རྣམ་པའི་ཉེན་སྲུང་སྒྲོག་ཐག་སོགས་ཡོད་པ་རེད། ཚོང་འགྲིག་བྱུང་བའི་རྣམ་གྲངས་ཕུད། ཁེ་ལས་དེས་ད་དུང་ཧུའུ་པེའི་གཙོ་གནད་ཁེ་ལས་དང་འབྲེལ་མཐུད་བྱས་ནས་རྣམ་གྲངས12མཁོ་འདོན་བྱས་པ་དང་སྔོན་དཔག་བྱས་ན་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི4001.48ཟིན་རྒྱུ་རེད། 
         མིག་སྔར།བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེན་པོ་བརྒྱུད་ས་གནས་དེ་གའི་ཁེ་ལས64ལ་ཧུའུ་པེའི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་མཁན་ཁེ་ལས་ཀྱི་མིང་ཐོ་དང་འབྲེལ་མཐུད་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ4པའི་ཚེས7ཉིན་ནས་ཟླ4ཚེས14ཉིན་བར་བོད་ལྗོངས་དང་ཧུའུ་པེའི་བར་དངོས་སུ་ཚོང་འགྲིག་བྱུང་བའི་རྣམ་གྲངས18ཡོད་པ་དེར་དངུལ་འབོར་སྒོར་ཁྲི6522.05ཟིན་པའི་ནང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས5དང་དངུལ་འབོར་སྒོར་ཁྲི1404.95ཟིན་པ་དང་བཟོ་སྐྲུན་ལས་རིགས་མིན་པའི་རྣམ་གྲངས13ཡོད་པར་དངུལ་འབོར་སྒོར་ཁྲི5117.1ཟིན་ཡོད་པ་རེད། 
         རིམ་པ་རྗེས་མར་བོད་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ་དང་ཆབས་ཅིག  ཁྲལ་བསྡུའི་གྲངས་གཞི་ཆེ་མོའི་ལེགས་ཆ་གང་ལེགས་སྤྱད་དེ་ཁེ་ལས་ལ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་དཀའ་གནད་སེལ་རོགས་བྱས་ཏེ། ས་གནས་གཉིས་པོའི་ཁེ་ལས་ལ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་འབྲེལ་བ་བཙུགས་ནས་ཧུའུ་པེའི་ཁེ་ལས་ལ་ལས་ཀ་ཐོན་སྐྱེད་སླར་གསོ་བྱེད་རོགསགནང་རྒྱུ་རེད།