དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཏམ་བཟང་། བོད་ཀྱི་རྩ་ཆེའི་དཔེ་རྙིང་དག་དྲ་ཐོག་ནས་ལྟ་ཀློག་བྱ་ཐུབ།

སྤེལ་དུས 2020-04-26 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          སྤྱི་ཟླ་༤ཚེས་༢༥ཉིན། ལྗོངས་དཔེ་མཛོད་ཁང་གིས་སྤྲིན་ཚོམས་མཉམ་སྤྱོད་ཅེས་པའི་ནང་། ཉར་ཚགས་བྱས་པའི་དཔེ་རྙིང་ཁག་དང་པོ་དེ་དག་དྲ་ཐོག་ནས་དངོས་སུ་ཚོད་ལྟའི་འགྲེམ་སྟོན་བྱེད་འགོ་བཙུགས་པ་དེས། བོད་ལྗོངས་འདི་ཉིད་དཔེ་རྙིང་སྤྲིན་ཚོམས་ལྟ་ཀློག་གི་དུས་རབས་སུ་སླེབས་པ་མཚོན་ཡོད།

          ད་ཐེངས་དྲ་ཐོག་ནས་ཁག་དང་པོར་ལྟ་ཀློག་ཚོད་ལྟ་ཐུབ་པའི་ཁྲོད། དཔེ་རྙིང་པོད་༥༠དང་ཤོག་གྲངས ༦༥༨༡ཡོད་པ་དང༌། དེ་དག་གི་གྲས་སུ་བོད་ཀྱི་མཁས་དབང་རིམ་བྱོན་གྱི་རྣམ་ཐར་དང་། བོད་ཀྱི་ལོ་རྒྱུས། དེ་བཞིན་ས་ཁོངས་མི་འདྲ་བའི་ཆོས་ལུགས་ལོ་རྒྱུས་སོགས་ཚུད་ཡོད། དེའི་ཁྲོད་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་ལག་བྲིས་མ་དང་། མར་པ་ལོ་ཙཱའི་རྣམ་ཐར་གསོལ་འདེབས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་དུས་རབས་བཅུ་བདུན་པའི་ནང་བརྐོས་པའི་པར་བརྐོས། ཞྭ་ལུ་ལོ་ཙཱ་བའི་རྣམ་ཐར་ཙག་དམར་པར་བརྐོས། ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད། བདེ་མཆོག་ཆོས་འབྱུང་། རྒྱ་ནག་ཆོས་འབྱུང་པར་བརྐོས་མ། པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་འཁྲི་ཤིང་དུས་རབས་བཅུ་བདུན་པའི་ནང་བརྐོས་པའི་པར་རྐོས། ཤངས་པ་བཀའ་བརྒྱུད་ཀྱི་བླ་བརྒྱུད་རྣམ་ཐར། རྗེ་བཙུན་མི་ཏྲའི་རྣམ་ཐར་སོགས་ཚུད་ཡོད། 

          བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་དུང་གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཅེས་པ་སོགས་རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་མཛོད་དང་། པར་རིས་ཀྱི་གྲས་སུ་ཚུད་པའི་རང་སྐྱོང་ལྗོངས་ཀྱི་ཁག་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་གནའ་དཔེ་ཁག ༣༤ དྲ་ཐོག་ཏུ་བཏོན་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན། བྱ་ཐབས་དེ་བརྒྱུད་སྤྱི་ཚོགས་ཡོངས་དཔེ་རྙིང་སྲུང་སྐྱོབ་ཀྱི་བྱ་གཞག་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཏེ། བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་དང་། བེད་སྤྱོད་ཀྱི་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད་ལ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་དཔེ་རྙིང་གི་ནུས་པ་དེ་བས་མང་པོ་འདོན་རྒྱུ་རེད། 

          ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་དཔེ་རྙིང་སྲུང་སྐྱོབ་ཉམས་གསོ་དང་ལེགས་སྒྲིག་པར་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་དང་། དཔེ་རྙིང་གྲངས་གཞི་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། དེང་སྐབས་རང་ལྗོངས་ཀྱིས་དཔེ་རྙིང་པོད་༡༨༠༠༠ལྷག་ཙམ་ལ་ཡོངས་བཤེར་ཐོ་འགོད་བྱས་པ་དང་། རིམ་རྩིས་བྱས་པ་ལྟར་ན་ཉམས་རྒུད་ཤུགས་ཆེན་ཕྱིན་པའི་དཔེ་རྙིང་ཤོག་གྲངས་༣༠༠༠ལྷག་ཙམ་ཉམས་གསོ་བྱས་ཤིང་། དཔེ་རྙིང་པོད་༢༩༡རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་ཚུད་ཡོད་ལ། གངས་ལྗོངས་ནོར་མཛོད་སོགས་བོད་ཡིག་དཔེ་རྙིང་རབ་དང་རིམ་པའི་ཡོངས་བཤེར་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་ལ། དཔེ་ཚོགས་བཅུ་གྲངས་རྩོམ་སྒྲིག་པར་སྐྲུན་བྱས་པར་མ་ཟད། གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་ཚན་པ་༡༤ཡི་ཆ་རྐྱེན་ལེགས་གཏོང་རྣམ་གྲངས་སོགས་ཀྱང་ལེགས་པར་སྒྲུབ་ཡོད།