དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྔ་གཅིག་རིང་ལྷ་ས་ནས་ཟི་ལིང་དང་གཞེས་རྩེར་འགྲོ་མཁན་ཚོས་འདིར་གཟིགས།

སྤེལ་དུས 2020-04-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

     ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་མཚོ་བོད་ཚོགས་པ་ཀུང་སིས་ལྷ་ས་ནས་ཟི་ལིང་དང་གཞིས་རྩེར་སྐྱོད་མཁན་གྱི་འགྲུལ་སྐྱེལ་མེ་འཁོར་གནས་སྐབས་མང་དུ་བཏང་ནས། རྒྱ་ཆེའི་ཡུལ་སྐོར་བ་དང་འགྲུལ་པ་རྣམས་ཀྱི་བགྲོད་བཞུད་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། འགྲུལ་སྐྱེལ་མེ་འཁོར་གནས་སྐབས་མང་དུ་གཏོང་རྒྱུའི་འཆར་གཞི་གཤམ་གསལ་ལྟར་ཡིན་པ་སྟེ། སྤྱི་ཟླ་5ཚེས་3ཉིན་དང་ཚེས་5ཉིན། ཚེས་7ཉིན། ཚེས་9ཉིན་བཅས་སུ། ཟི་ལིང་ནས་ལྷ་ས་དབར་འགྲུལ་སྐྱེལ་མེ་འཁོར་ཨང་རྟགས་Z9809གནས་སྐབས་ཁ་སྣོན་བྱ་རྒྱུ་དང་། སྤྱི་ཚེས་5ཉིན་དང་ཚེས་7ཉིན། ཚེས་9ཉིན། ཚེས་11ཉིན་བཅས་སུ། ལྷ་ས་ནས་ཟི་ལིང་དབར་འགྲུལ་སྐྱེལ་མེ་འཁོར་ཨང་རྟགས་Z9810གནས་སྐབས་ཁ་སྣོན་བྱ་རྒྱུ། སྤྱི་ཟླ་4ཚེས་30ཉིན་ནས་སྤྱི་ཟླ་5ཚེས་5ཉིན་བར་ལྷ་ས་ནས་གཞིས་རྩེ་དབར་འགྲུལ་སྐྱེལ་མེ་འཁོར་ཨང་རྟགས་Z9801/2 གནས་སྐབས་ཁ་སྣོན་བྱ་རྒྱུ་བཅས་རེད།

     ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣས་རྒྱ་ཆེའི་ཡུལ་སྐོར་བ་དང་འགྲུལ་པ་རྣམས་ལ་རང་ཉིད་ཙམ་མ་ཟད་མི་ཚང་མའི་བདེ་ཐང་གི་ཆེད་དུ། མེ་འཁོར་འབབ་ཚུགས་སུ་རང་འགུལ་ངང་ཁ་རས་རྒྱག་དགོས་པ་མ་ཟད་ཚ་བ་འཇལ་བ་སོགས་ཀྱི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱ་དགོས་པའི་དྲན་སྐུལ་བྱས་འདུག
རྩོམ་སྒྲིག་པ། སངས་སྐྱབས།