དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་ནས་ནག་ཆུའི་བར་གྱི་ལམ་ཐག་ཆུ་ཚོད་གསུམ་ཐུང་དུ་འགྲོ་རྒྱུ་རེད།

སྤེལ་དུས 2020-05-21 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          རྒྱལ་ལམ་༡༠༩ནག་ཆུ་ནས་ལྷ་སའི་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་དེ་ནི་རང་ལྗོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ནང་གི་གཅིག་ཡིན། མིག་སྔར་རྣམ་གྲངས་དེའི་ལམ་དུམ་ཁག་ཕྱོགས་ཡོངས་ནས་བསྐྱར་སྐྲུན་བྱེད་མགོ་ཚུགས་ཡོད། ལས་གྲྭ་དེ་ལེགས་འགྲུབ་བྱུང་ཚེ། ནག་ཆུ་ནས་ལྷ་སའི་བར་གྱི་ལམ་ཐག་ཆུ་ཚོད་༣ཇེ་ཐུང་དུ་འགྲོ་གི་ཡོད། 

          ནག་ཆུ་གྲོང་ཁྱེར་ལྷོ་མ་གྲོང་རྡལ་གྱི་ལྷ་ནག་གཞུང་ལམ་གྱི་ཨར་ལས་བྱ་ཡུལ་དུ། ས་རྐོ་འཕྲུལ་ཆས་དང་བྱེ་འདྲེན་རླངས་འཁོར་སོགས་ཕར་འགྲོ་ཚུར་འོང་ངང་ལས་གྲྭར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

          ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ནག་གཞུང་ལམ་གྱི་ལམ་དུམ་ཁག་གི་ལས་གྲྭ་དེ་ཟླ་༤པའི་ཟླ་མཇུག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བསྐྱར་སྐྲུན་བྱེད་མགོ་ཚུགས་པ་དང་། རིམས་ནད་འགོག་ཟོན་གྱི་ལས་ཀ་དག་ལེགས་པར་སྒྲུབ་པ་དང་དུས་མཚུངས་། གཞུང་ལམ་གྱི་ལས་གྲྭ་ཡང་དུས་ལྟར་ལེགས་སྒྲུབ་བྱ་རྒྱུར་འབད་བཞིན་ཡོད།

          ལྷ་ནག་གཞུང་ལམ་དུམ་མཚམས་དང་པོ་སྟེ། ནག་ཆུ་ནས་ཡངས་པ་ཅན་བར་གྱི་རྣམ་གྲངས་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ལི་ཇེས་ངོ་སྤྲོད་བྱ་རྒྱུར། དུམ་མཚམས་དང་པོར་ཁྱོན་ཡོངས་སྤྱི་ལེ་༦༤.༠༨ཡོད་པ་དང་། ཟམ་པ་བསྡོམས་ན་༢༥ཡོད། མིག་སྔར་རྣམ་གྲངས་ནང་ཞུགས་མཁན་མི་༡༦༠༠ལྷག་ཡོད་ཅིང་། འཆར་གཞིར་མི་༢༡༠༠ཟིན་གྱི་ཡོད། ད་ལོའི་ཟླ་༩ཚེས་༣༠ཉིན་ཕྱོགས་ཡོངས་ནས་ལས་འགན་དེ་བསྒྲུབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།