དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པ་བཙུགས་པ།

སྤེལ་དུས 2020-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚོགས་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཕེབས་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པ་དངོས་སུ་བཙུགས་པ་རེད།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཝུའུ་དབྱིང་ཅེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོར་མིང་བཏོན་འདེམས་བསྐོ་གནང་བ་དང་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པར་མིང་བཏོན་འདེམས་བསྐོ་གནང་བ་རེད། 
          ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན)དང་དེ་བཞིན་ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)ལ་གྲོས་ཞིབ་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་ཚོགས་འདུ་དང་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་ཀྱང་གནང་བ་རེད།
          ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འཐུས་མི་ཚོགས་པའི་འཐུས་མི་དང་ཟུར་ཞུགས་མི་སྣ་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་གཞི་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས་པ་སྟེ།
          གཅིག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་ཤིང་། རང་ལྗོངས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་རྟོགས་ངང་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་ཁྲོད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཁས་མཛངས་དང་བློ་གྲོས་དང་། མཛད་རྗེས་རླབས་པོ་ཆེ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དང་། མཚོ་ལྟར་ཟབ་པའི་བཀའ་དྲིན་བཅས་གཏིང་ཟབ་ཚོར་བར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩི་བ་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་གང་ཞིག་འཕྲད་རུང་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་དང་བློས་འགེལ་ཆོག་པ་བྱེད་དགོས་པ་དང་ཏང་ལ་ལྷག་བསམ་རྣམ་དག་དང་ཏང་ཀྲུང་དབྱང་དང་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས་པ་དང་།
          གཉིས་ནས་རང་རྟོགས་ངང་བསམ་བློ་གཅིག་གྱུར་དང་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱེད་དགོས་ཤིང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་མཐོ་ཚད་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་མཐོ་ཚད་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཡག་པོ་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་རྣམ་འགྱུར་ཐོག་ནས་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་པ་དང་འགན་འཁྲི་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས་པ།
          གསུམ་ནས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱེད་དགོས་ཤིང་། འགན་འཁྲིའི་འདུ་ཤེས་ཟབ་མོ་དང་། བསྒམ་ནན་གྱི་རྣམ་འགྱུར། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཚོགས་ཆེན་གྱི་སྙན་སྒྲོན་ཁག་དང་། འཆར་ཟིན་ཁག གཏན་འབེབས་ཁག་བཅས་ལ་ཉན་འཇོག་དང་། གྲོས་བསྡུར། གྲོས་ཞིབ་བཅས་ནན་ཏན་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་འདུན་དངོས་འབྲེལ་མཚོན་པར་བྱེད་པ་དང་། བློ་གྲོས་ཀྱི་ཐབས་འདོན་པ་དང་དངོས་སྒྲུབ་ཀྱི་ཇུས་འདོན་པ། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བཅངས་པའི་ལྷད་མེད་བརྩེ་སེམས་གང་ལེགས་མཚོན་པར་བྱེད་དགོས་པ་དང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དད་སེམས་དང་ཆོད་སེམས་ཕྱོགས་ཡོངས་ནས་མཚོན་པར་བྱེད་དགོས་པ།
          བཞི་ནས་སྒྲིག་ཁྲིམས་ཁག་ནན་པོ་སྲུང་བ་དང་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག སྒྲིག་སྲོལ་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་ཚོགས་འདུའི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་བོད་ཀྱི་འཐུས་མི་ཚོགས་པའི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས། འཐུས་མི་ཚོགས་པའི་ལས་དོན་མི་སྣ་ཚོས་ཞབས་འདེགས་ཞིབ་ཚགས་ཞུ་བ་དང་ལས་དོན་ཁག་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འཛུགས་ཞིབ་ཚགས་དང་། འབྲེལ་གཏུག་བདེ་བླག དྲིལ་བསྒྲགས་དམིགས་འབྱོར། འགན་ལེན་ནུས་ལྡན་བཅས་ཏན་ཏིག་བྱེད་དགོས་པ་བཅས་རེད།