དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ཉིང་ལྕགས་ལམ་གྱི་འཛུགས་སྐྲུན་གྱི་བདེ་འཇགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།

སྤེལ་དུས 2021-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
          ཉེ་ཆར་གསར་འགོད་པར་བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཟླ11པའི་ཟླ་མཇུག་བར་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ས་གས་པ་དང་། མཐོ་སའི(ཆུའི)དྲོད་ཚད། མཐོ་སའི་ཐེག་ཤུགས། འདམ་རྡོའི་ཆུ་རུད། འབབ་རྡོ་རིལ་བ་སོགས་ཀྱི་ས་གཤིས་གནས་ཚུལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ས་ཆ་བསྡུ་ལེན་བཤིག་སྤོ་དང་། ལམ་གཞི་འདིང་བ། ཟམ་གདན་ལས་གྲྭ་དང་ཕུག་ལམ། མེ་འཁོར་བབས་ཚུགས་འཛུགས་སྐྲུན་སོགས་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་ད་བར་ལམ་ཐིག་ཧྲིལ་པོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་313བཏང་བ་དེས་འཆར་འགོད་ཀྱི་91%བཟུང་ཡོད་པ་རེད།
          མིག་སྔར་ལྷ་ཉིང་ལྕཌ་ལམ་འཛུགས་སྐྲུན་པས་བྲེལ་བརྩོན་ཆེན་པོས་ལམ་ལྕགས་འདིང་བ་དང་། གློག་སྐུད་འཁྲིད་པ། བབས་ཚུགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྡོད་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་དང་དུས་མཚུངས་གློག་བཞིའི་ལས་གྲྭའི་འབྲེལ་མཐུད་དྲ་བའི་གློག་ཤིང་འཛུགས་པ་དང་། གློག་སྒྱུར་སྒམ་སྒྲིག་སྦྱོར། འཕྲིན་གཏོང་གི་གློག་སྐུད་ཁྲིད་པ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ཀྱང་མཉམ་དུ་སྤེལ་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ནི་བོད་ནང་ཁུལ་དུ་ཡོད་པའི་ཁྲོན་བོད་ལྕགས་ལམ་གྱི་དུམ་བུ་ཞིག་ཡིན་པ་དང་། ལྷ་ཉིང་ལྕགས་ལམ་སྐྲུན་འགོ་ཚུགས་ཚུན། བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འགན་ལེན་ལྔ་དང་མངོན་འགྱུར་ལྔ”ཡི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། “འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་དང་ལྕགས་ལམ་གྱི་སྔོན་སྐྱོད་པའི”ལས་འགན་དང་འགན་འཁྲིར་དམིགས་པ། “རྨང་གཞི་བརྟན་གཏོང་དང་ཚད་གཞི་ལོན་པ་དང་སྤུས་ཚད་ལེགས་སུ་དང་ནུས་པ་ཆེ་རུ་གཏོང་བའི”ལས་ཀའི་བརྗོད་དོན་གཙོ་བོར་དམིགས་པ་བཅས་བྱས་ནས་སྤྱི་འདོམས་འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་བདེ་འཇགས་ལྡན་ལ་སྤུས་ཚད་ལེགས་པའི་སྒོ་ནས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད། མིག་སྔར་ལས་གྲྭའི་འཕེལ་རིམ་སྤྱིར་ན་ཚོད་འཛིན་ཐུབ་པ་དང་ལས་གྲྭ་འགོ་ཚུགས་པ་ནས་བཟུང་སྤུས་ཚད་དང་། བདེ་འཇགས། ལྕགས་ལམ་འགྲིལ་འགྲུལ་བཅས་ཀྱི་ལས་འཛོལ་ཐོན་མེད་པ་རེད།